དེ་རིང་ནི2025ལོའི་ཟླ11པའི་ཚེས03ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་ཞིང་ཆེན་འབྲེལ་ཡོད་ཐིང་དང་ཅུ། རྒྱལ་དབང་ཁེ་ལས་བཅས་སུ་ཕྱིན་ནས་བྱ་བར་འབྲེལ་མཐུད་བྱས།

2025-11-03 08:46:26   |   151

རྩོམ་སྒྲིག   སངས་དོན།     ཡོང་ཁུངས།   མཚོ་བྱང་མདོ་ལ་ཚགས་པར།    བཤེར་འབེབས།    རིན་ཆེན་ཚེ་རིང་།


ཉེ་ཆར། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཞིང་ཆེན་ཏང་ཨུའི་སྒྲིག་ཁོངས་གཞུང་ལས་ཁང་དང་། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས། ཞིང་ཆེན་ཡིད་རྟོན་འགན་བཅོལ་སྡེ་ཚོགས་བཅས་སུ་ཕྱིན་ནས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་ཞིང་ཆེན་ཐིང་དང་རྒྱལ་དབང་ཁེ་ལས་ཀྱིས་དུས་ཡུན་རིང་པོའི་ནང་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པར་མ་ཟད། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཙོ་གནད་བྱ་བར་དམིགས་ནས་བཞུགས་མོལ་བྱས་ཏེ། ཞིང་ཆེན་རིམ་པའི་སྡེ་ཁག་གི་མཛུབ་ཁྲིད་དང་རྒྱབ་སྐྱོར་བརྩོན་ལེན་བྱས།

01.jpg

ཞིང་ཆེན་ཏང་ཨུའི་སྒྲིག་ཁོངས་གཞུང་ལས་ཁང་དུ། ཤ་བོ་སྐྱབས་ཀྱིས་ཀྲུའུ་རིན་ཧོ་ཕུན་ཉིང་དང་། ཀྲུའུ་རིན་གཞོན་པ་ཀྲང་ཧུའེ་དང་མཉམ་དུ་མཚོ་བྱང་གི་གསར་བརྗེ་དང་སྐྱེ་ཁམས་ཉམས་ཞིབ་བྱ་བར་དམིགས་ནས་བཞུགས་མོལ་གནང་། ཤ་བོ་སྐྱབས་ཀྱིས་ཉེ་བའི་ལོ་ཤས་རིང་། སྨོན་ལམ་མཐོན་པོ་དང་དམག་སྒར་བཅུ་གཉིས་པའི་གནའ་ཤུལ། ལྷ་ཆབ་ཁུག་སོགས་གསར་བརྗེ་དང་སྐྱེ་ཁམས་ཉམས་ཞིབ་བྱེད་ས་འཛུགས་སྐྲུན་དང་འཁོར་སྐྱོད་བྱས་ཚུལ་ངོ་སྤྲོད་བྱས་པར་མ་ཟད། ཞིང་ཆེན་ཏང་ཨུའི་སྒྲིག་ཁོངས་གཞུང་ལས་ཁང་གིས་མཚོ་བྱང་དུ་སྐྱེ་ཁམས་དཔལ་ཡོན་ཉམས་ཞིབ་ལས་ཁུངས་འཛུགས་པར་རྒྱབ་སྐྱོར་དང་རོགས་རམ་བྱ་རྒྱུའི་རེ་བ་བཏོན། ཧོ་ཕུན་ཉིང་གིས་མཚོ་བྱང་གི་སྐྱེ་ཁམས་དང་གསར་བརྗེའི་ཉམས་ཞིབ་བྱ་བར་ཚད་མཐོའི་ཁས་ལེན་གནང་ནས་འབྲེལ་གཏུག་དང་སྦྲེལ་མཐུད་ལ་སྔར་ལས་ཤུགས་སྣོན་པ་དང་ཞིང་ཆེན་ཡོངས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུར་དམིགས་ཏེ། མཚོ་བྱང་གི་ཕུན་སུམ་ཚོགས་པའི་གསར་བརྗེ་དང་སྐྱེ་ཁམས་ཐོན་ཁུངས་སྤྱད་དེ་སྤྱི་ཡོངས་ཀྱི་བཀོད་པ་གཅིག་གྱུར་འཆར་འགོད་བྱས་ནས། མཚོ་བྱང་ལ་གསར་བརྗེ་དང་སྐྱེ་ཁམས་ཉམས་ཞིབ་ཀྱི་བཙན་ས་གཏོད་རོགས་བྱ་རྒྱུ་ཡིན་ཟེར།

02.jpg

ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དུ། ཤ་བོ་སྐྱབས་ཀྱིས་ཀྲུའུ་རིན་ཡན་མིང་དང་། ཀྲུའུ་རིན་གཞོན་པ་དོན་འགྲུབ་དང་ཝང་ཁི་རང་དང་མཉམ་དུ་སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་ནས་བཞུགས་མོལ་གནང་། ཤ་བོ་སྐྱབས་ཀྱིས་བཤད་རྒྱུར། མཚོ་བྱང་གིས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཆུ་ཚན་དང་ནགས་ཚལ་ཁམས་གསོའི་ཐོན་ལས་གསར་གཏོད་དང་འཕེལ་རྒྱས་བཏང་ནས། གླ་བ་དང་གྲོ་མ་སོགས་ཁྱད་ལྡན་འདེབས་འཛུགས་གསོ་སྤེལ་ལས་རིགས་འཚོལ་ཞིབ་བྱས་ཏེ"ཟས་སྨན་ཁུངས་གཅིག"ཐོན་རྫས་གསར་གཏོད་དང་གསར་སྤེལ་བྱས་ནས"མཚོ་སྔོན་གྱི་སྨན་གྱི་ཕ་ས"གཏོད་རྒྱུ་ཡིན་པར་བསྟན། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཀྲུང་བོད་སྨན་རྫས་ཀྱི་གཙོ་གནད་ཆེད་ཚན་འཛུགས་སྐྲུན་དང་རིམ་པ་མཐོ་བའི་འཇོན་མི་ནང་འདྲེན་གསོ་སྐྱོང་། དེ་བཞིན་བོད་སྨན་སྨན་རྫས་ལྟེ་གནས་འཛུགས་སྐྲུན་སོགས་ལ་སྐུལ་འདེད་གཏོང་བའི་ཐད་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུའི་རེ་བ་ཡོད་ཟེར། ཡན་མིང་གིས་མཚོ་བྱང་ཁུལ་གྱི་འཕྲོད་བསྟེན་བདེ་ཐང་བྱ་བར་ཁས་ལེན་གང་ལེགས་གནང་ནས་བཤད་རྒྱུར། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་སྲིད་ཇུས་ཀྱི་ཁྲིད་སྟོན་དང་ལས་གཞི་དོན་འཁྱོལ། ལག་རྩལ་གྱི་འདེགས་སྐྱོར། འཇོན་མིའི་འགན་སྲུང་སོགས་ཀྱི་ཐད་མཚོ་བྱང་ཁུལ་ལ་རྒྱབ་སྐྱོར་ཧུར་ཐག་བྱ་རྒྱུ་དང་། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཁམས་གསོའི་ཐོན་ལས་མ་ལག་འཛུགས་སྐྲུན། ཀྲུང་བོད་སྨན་རྫས་རྒྱུན་འཛིན་གསར་གཏོད། སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ། ཆེད་ལས་འཇོན་མི་གསོ་སྐྱོང་དང་དེ་བཞིན་གསར་བརྗེའི་ཉམས་ཞིབ་ལག་ལེན་སོགས་ཀྱི་ཁྱབ་ཁོངས་ལ་གཙོ་གནད་དུ་དམིགས་ནས། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ་འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་ཡོང་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་ཟེར།

03.jpg

ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་དུ། ཤ་བོ་སྐྱབས་ཀྱིས་ཐིང་ཀྲང་དབྱང་དབྱང་དང་། ཐིང་ཀྲང་གཞོན་པ་མིན་ཀོང་ཕེ་དང་མ་ཡིའུ་ཅུན་དང་བཞུགས་མོལ་བརྗེ་རེས་གནང་། ཞིང་ཆེན་ཐིང་གིས་དུས་ཡུན་རིང་པོའི་ནང་མཚོ་བྱང་གི་རྒྱལ་དབང་ས་ཆའི་བར་སྟོང་འཆར་འགོད་དང་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་། ས་ཞིང་དང་གཏེར་རྫས་ཐོན་ཁུངས་འགན་སྲུང་སོགས་ཀྱི་ཐད་མཛུབ་སྟོན་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས། ཞིང་ཆེན་ཐིང་གིས་ནུས་པ་དང་ཟུང་འབྲེལ་བྱས་ཏེ་མཚོ་བྱང་གི་དགོས་མཁོར་གཞི་ཚུགས་ནས་རྒྱལ་དབང་ས་ཆའི་བར་མཐོངས་འཆར་འགོད་དཔྱད་དཔོག་ལེགས་སྒྲིག་དང་། གཏེར་ཁའི་ཐོན་ཁུངས་ལྗང་མདོག་རྩད་ཞིབ་གསར་སྤེལ། རྨོ་ཞིང་སྲུང་སྐྱོབ་དང་ས་ཞིང་བེད་སྤྱོད། ལྗང་མདོག་གཏེར་རི་འཛུགས་སྐྲུན་སོགས་ཀྱི་ཐད་མུ་མཐུད་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལྷག་པར་དུ་མཚོ་བྱང་གི་སྐྱེ་ཁམས་ཉམས་ཞིབ་ཐོན་ལས་འཕེལ་རྒྱས་གཏོང་རོགས་དང་། ཕུན་སུམ་ཚོགས་པའི་ས་འོག་ཚ་ནུས་ཐོན་ཁུངས་བེད་སྤྱད་དེ་མཚོ་སྔོན་གྱི"ཆུ་ཚན་གྲོང་ཁྱེར"ནུས་ཤུགས་ཡོད་རྒུས་གཏོད་དགོས་ཟེར། དབྱང་དབྱང་གིས་མཚོ་བྱང་གི་རང་བྱུང་ཐོན་ཁུངས་དོ་དམ་བྱ་བར་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། མཚོ་བྱང་ནི་མཚོ་སྔོན་པོའི་བྱང་ངོགས་ཀྱི་མདོ་ལ་རིང་མོའི་དཀྱིལ་ཁུལ་དུ་གནས་པ་དང་སྐྱེ་ཁམས་ཀྱི་གནས་བབ་ཧ་ཅང་གལ་ཆེན་ལྡན་པའི་ངོས་འཛིན་གནང་ནས། མཚོ་བྱང་གི་ཐོན་ལས་ཕྱོགས་སྒྱུར་འཕེལ་རྒྱས་ཁྲོད་ཞིང་ཆེན་ཐིན་གྱིས་ནུས་ཤུགས་ཡོད་རྒུས་སྲིད་ཇུས་ཀྱི་མཛུབ་ཁྲིད་དང་རོགས་རམ་བྱ་རྒྱུ་ཡིན། ཁ་གཏད་འབྲེལ་གཏུག་ལམ་སྲོལ་འཛུགས་པ་དང་།  འཕེལ་རྒྱས་ཀྱི་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། གཏེར་རྫས་ཐོན་ཁུངས་རྩད་ཞིབ་བཀོད་སྒྲིག་ལེགས་སྒྱུར་སོགས་བྱས་ཏེ། མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་ཆེན་པོ་སྣོན་དགོས་ཟེར།

04.jpg

ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་སུ་ཤ་བོ་སྐྱབས་ཀྱིས་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ལུའེ་ཤན་ཧྭ་དང་། ཀྲུའུ་ཞི་གཞོན་པ་ཀྲོའུ་ལན་ཧྭ་དང་མཉམ་དུ་བརྗེ་རེས་གཏིང་ཟབ་བྱས་ནས་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་ལས་བྱེད་སློབ་གྲྭ་དང་མཚོ་བྱང་ཁུལ་གྱི་མང་ཚོགས་ཚོགས་པའི་ལས་བྱེད་གསོ་སྦྱོང་ལྟེ་གནས་དབར་འབྲེལ་གཏུག་ལམ་སྲོལ་འཛུགས་པ་དང་གསོ་སྦྱོང་བྱ་ཡུལ་མཉམ་སྤྱོད་བྱེད་པ། ཞིང་ཆེན་ཡོངས་ཀྱི་ལག་ཤེས་པ་དང་གཟུགས་འདས་ཤུལ་བཞག་འཇོན་མི་སྒྲིག་འཛུགས་བྱས་ནས་མཚོ་བྱང་དུ་གསོ་སྦྱོང་བྱེད་པར་བསྐྱོད་པ། མཚོ་བྱང་དུ་ཞིང་ཆེན་ཡོངས་ཀྱི་སྨན་བཅོས་ངལ་གསོའི་རྟེན་གཞིའི་སྒོ་བྱང་འགེལ་བ། ཞིང་ཆེན་ཡོངས་ཀྱི་གཞི་རིམ་བཟོ་ཚོགས་ཀྱི་ལས་བཟོ་པའི་བརྗོད་དོན་རིག་གནས་ལུས་རྩལ་བྱེད་སྒོ་སྤེལ་བ། མཚོ་བྱང་བཟོ་ཚོགས་ཀྱི་བྱ་བ་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པར་སྐུལ་འདེད་གཏོང་རྒྱུ་ཟེར། ལུའེ་ཤན་ཧྭ་ཡིས་བཤད་རྒྱུར། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱིས་སྔར་རྒྱུན་བཞིན་མཚོ་བྱང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཏེ། གཙོ་གནད་ཐོག་ལས་བྱེད་པ་གསོ་སྦྱོང་དང་སྨན་བཅོས་ངལ་གསོའི་རྟེན་གཞི་ཇུས་འགོད་སོགས་ཀྱི་ཐད་བརྟག་ཞིབ་དང་འབྲེལ་གཏུག་བྱ་རྒྱུར་ཤུགས་སྣོན་པ། ཀྲུང་གོའི་བཟོ་པའི་བསམ་བློ་ཆབ་སྲིད་སློབ་ཁྲིད་ཆེན་མོ་ཇུས་འགོད་བྱས་ནས་སྤེལ་རྒྱུ་མ་ཟད། མཚོ་བྱང་གི་ཤོག་དྲས་འདྲ་གཟུགས་དང་། ཀོ་པགས་ལག་རྩལ། འཚེམ་དྲུབ་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཐད་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཟེར།

05.jpg

ཞིང་ཆེན་ཡིད་རྟོན་ཁག་ཐེག་སྡེ་ཚོགས་ཚད་ཡོད་འགན་ལེན་སྤྱི་གཉེར་ཁང་དུ། ཤ་བོ་སྐྱབས་ཀྱིས་འགན་འཛིན་པ་དབྱིན་མའོ་ཝུན་དང་བཞུགས་མོལ་བརྗེ་རེས་གནང་། ཤ་བོ་སྐྱབས་ཀྱིས་ཉེ་བའི་ལོ་ཤས་རིང་། མཚོ་བྱང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་གནས་ཚུལ་ངོ་སྤྲོད་གནང་། ཞིང་ཆེན་ཡིད་རྟོན་ཁག་ཐེག་སྡེ་ཚོགས་དང་མཚོ་བྱང་ཁུལ་གྱི་རྒྱལ་དབང་མ་དངུལ་བསྡུ་རུབ་ཁག་ཐེག་སྤྱི་གཉེར་ཁང་གིས་ཀུན་ཕན་དངུལ་རྩའི་ཞབས་ཞུ་དང་། ཁྱད་ལྡན་ཐོན་ལས་རོགས་སྐྱོར། གཙོ་གནད་ལས་གཞིའི་མ་དངུལ་བསྡུ་རུབ་སོགས་ཀྱི་ཁྱབ་ཁོངས་སུ་མཉམ་ལས་ཟབ་སྤེལ་དང་། ཐུན་མོང་ཐོག་ཁག་ཐེག་ལས་གཞི་གསར་གཏོད། མཚོ་བྱང་ཁེ་ལས་ཀྱི་མ་དངུལ་སྡུད་ལམ་རྒྱ་སྐྱེད་བཅས་བྱ་རྒྱུའི་རེ་བ་ཡོད་ཟེར། དབྱིན་མའོ་ཝུན་གྱིས་བཤད་རྒྱུར། ཞིང་ཆེན་ཡིད་རྟོན་ཁག་ཐེག་སྡེ་ཚོགས་ཀྱིས་མཚོ་བྱང་ཁུལ་གྱི་གཙོ་གནད་ཐོན་ལས་དང་ཉམས་ཞན་ཁྱབ་ཁོངས་ལ་དམིགས་ནས། མཚོ་བྱང་ཁུལ་གྱི་རྒྱལ་དབང་མ་དངུལ་བསྡུ་སྒྲིལ་འགན་ལེན་སྒྲིག་གཞི་དང་མཉམ་ལས་བྱ་རྒྱུར་ཤུགས་བསྣན་ཏེ། ཁེ་ལས་ཀྱི་དགོས་མཁོ་དང་འཚམ་པའི"ལམ་སྲོལ་ཅན"གྱི་ཁག་ཐེག་ཐོན་རྫས་སྔར་ལས་མང་བ་བཏོན་ནས་མཚོ་བྱང་གི་དངོས་ཚན་དཔལ་འབྱོར་ལ་དངུལ་རྩའི་གསོན་ཤུགས་སྔར་ལས་མང་བ་སྣོན་རྒྱུ་ཡིན་ཟེར།

ཁུལ་གྱི་མགོ་ཁྲིད་ཚོ་ཅི་ཆང་དང་མ་རུའུ་ཞང་། ཧྭ་ཝུན་ཞུག དེ་བཞིན་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་སོ་སོས་ཕེབས་རོགས་བྱས།


མཉམ་སྤྱོད།