མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས03ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མཚོ་བྱང་ཁུལ་ལ་རྨོ་ཞིང་སྲུང་སྐྱོང་གི་དམིགས་ཚད་དཔྱད་ཞིབ་ཀྱི་ཨང་དང་པོ་ཐོབ་འདུག

2023-02-25 13:11:04   |   100

སྒྲིག་སྒྱུར།  སངས་དོན།   ཡོང་ཁུངས།  མཚོ་བྱང་སྨྱན་གསར།    བཤེར་འབེབས།  རིན་ཆེན་ཚེ་རིང་། 


ཟླ2པའི་ཚེས24ཉིན།  2023ལོའི་ཞིང་ཆེན་ཡོངས་ཀྱི་རང་བྱུང་ཐོན་ཁུངས་ལས་དོན་ཚོགས་འདུའི་ཐོག   མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས2022ལོའི་ཞིང་ཆེན་ཡོངས་ཀྱི་རྨོ་ཞིང་སྲུང་སྐྱོང་འགན་འཁྲིའི་དམིགས་ཚད་དཔྱད་ཞིབ་བྱས་ཚུལ་བརྡ་ཁྱབ་བཏང་བ་དང་། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་ལ་ཞིང་ཆེན་ཡོངས་ཀྱི་རྨོ་ཞིང་སྲུང་སྐྱོང་དམིགས་ཚད་འགན་འཁྲི་དཔྱད་ཞིབ་ཀྱི་ཨང་དང་པོ་ཐོབ་པ་དང་བྱ་དགའི་མ་དངུལ་སྒོར་ཁྲི12བྱིན།

d.jpg

རྨོ་ཞིང་སྲུང་སྐྱོང་བྱ་རྒྱུ་དེ་རྒྱལ་ཁབ་ཀྱི་ལས་དོན་ཆེན་པོ་དང་འབྲེལ་བ་ཡོད། མཚོ་བྱང་ཁུལ་གྱིས་མུ་མཐུད་དུ་རྨོ་ཞིང་སྲུང་སྐྱོང་དེ་ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་ཡིན་པ་རྒྱུན་འཁྱོངས་བྱས་ཏེ། རྨོ་ཞིང་གི་གྲངས་འབོར་དང་། སྤུས་ཚད། སྐྱེ་ཁམས་བཅས“ཕྱོགས་གསུམ་གཞི་གཅིག”གི་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ད་ཡོད་རྨོ་ཞིང་གི་མུའུ་གྲངས་ཇེ་ཉུང་དུ་མི་གཏོང་བ། ཧུར་ཐག་གིས་རྨོ་ཞིང་ཇེ་མང་དུ་གཏོང་བ།  རྨོ་ཞིང་མུའུ་གཅིག་ཀྱང་གང་བྱུང་དུ་བཟུང་བ་མི་བྱེད་པ་བཅས་བྱས་ཏེ་ཕྱོགས་ཀུན་ནས་འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་། རྨོ་ཞིང་སྲུང་སྐྱོང་གི་དམར་ཐིག་བརྟན་སྲུང་བྱ་རྒྱུ་རེད།


མཉམ་སྤྱོད།