མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས19ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-02-26 09:55:19   |   100

སྒྲིག་སྒྱུར།  སངས་དོན།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།  རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གདན་ཞུས་ལྟར་ཨུ་རུ་སུ་དཀར་པོའི་ཙུང་ཐུང་ལུའུ་ཁ་ཧྲེན་ཁོའོ་ཟླ2པའི་ཚེས28ཉིན་ནས་ཟླ3པའི་ཚེས2ཉིན་བར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་རེད།

  • རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སོགས་སྡེ་ཚན9ཡིས་བསམ་འཆར་ཁྱབ་བསྒྲགས་བྱས་ནས། འཕེལ་རྒྱས་གཏོང་སྟངས་དེ་ལྗང་མདོག་ཕྱོགས་སུ་སྒྱུར་བ་ཇེ་མགྱོགས་སུ་བཏང་ནས་གཙོ་གནད་ཁྱབ་ཁོངས་ཀྱི་ཐོན་རྫས་དང་། སྒྲིག་ཆས་གསར་སྒྱུར་སྒྱུར་བཀོད་ལ་རིམ་བཞིན་རིགས་དབྱེ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད།

  • ཚན་རྩལ་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2022ལོར་སྤྱི་ཚོགས་ཡོངས་ཀྱི་ཞིབ་འཇུག་གསར་སྤེལ་གྱི་འགྲོ་གྲོན་སྒོར་དུང་ཕྱུར་ཁྲི3ལས་ཐོག་མར་བརྒལ་ཡོད་པ་རེད།

  • ཀྲུང་དབྱང་དངུལ་ཁང་དང་དངུལ་ཁང་འགན་བཅོལ་ལྟ་སྐུལ་ཚོགས་པས་མཉམ་འབྲེལ་ཐོག་བསམ་འཆར་བསྡུ་ལེན་མ་ཟིན་ཁྱབ་བསྒྲགས་བྱས་ནས།  རང་བདག་སྡེ་ལས་ཀྱི་ཆེད་ལས་ཅན་དང་གཞི་ཁྱོན་ཅན་གྱི་སྡོད་ཁང་བོགས་གཏོང་ཁེ་ལས་འཕེལ་རྒྱས་གཏོང་རྒྱུར་གཙོ་གནད་ཐོག་རྒྱབ་སྐྱོར་བྱ་རྒྱུ་རེད།

  • ཚེས24ཉིན། ཚོང་དོན་པུའུ་སོགས་སྡེ་ཚན་གསུམ་གྱིས་ད་ལོའི་ཀྲུང་དབྱང་གི་གྲབས་གསོག་ཕག་ཤ་གསོག་ཉར་ལས་དོན་ཁག་དང་པོ་སྤེལ་ནས་གསོག་ཉར་གྲངས་འབོར་ཏུན7100ལེགས་གྲུབ་བྱུང་ཡོད།

  • 《རྒྱལ་ནང་གི་ཁེ་ལས་ཀྱིས་ཕྱི་རྒྱལ་དུ་དངུལ་འཛིན་འགྲེམས་སྤེལ་དང་ཚོང་རར་འདོན་པའི་འབྲེལ་ཡོད་གསང་སྲུང་དང་ཡིག་ཚགས་དོ་དམ་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས་》ཁྱབ་བསྒྲགས་བྱས་པ་དང་། ཟླ3པའི་ཚེས31ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

a.jpg


  • ཚེས25ཉིན། ཞིང་ཆེན20ལྷག་ཙམ་གྱིས2023ལོའི་གཞུང་ཞབས་པ་བསྡུ་བའི་ཡིག་རྒྱུགས་བླངས་པ་རེད། ས་གནས་མང་པོའི་གཞུང་ཞབས་པའི་ལས་གནས་དེ་ལོ་འདི་གའི་སློབ་ཐོན་སློབ་མར་ཁ་ཕྱོགས་ནས་བསྡུ་རྒྱ་ཆེ་རུ་བཏང་ཡོད།

  • ཚེས16ནས25ཉིན་བར། ཀྲུང་གོའི་རྒྱལ་སྲུང་པུས་ཚོགས་པ་མངགས་ནས་ཧང་ག་རི(匈牙利)་དང་། འཇར་མན(德国)། ཡོ་རོབ་མནའ་འབྲེལ(欧盟)། བྱང་ཆིངས་སྤྱི་ཁྱབ་པུའུ་(北约总部)བཅས་སུ་ལམ་སྲོལ་རང་བཞིན་གྱི་བརྗེ་རེས་དང་གྲོས་མོལ་བྱས།

  • དབྱི་རག་ཀྲུང་དབྱང་དངུལ་ཁང་གིས་ཉིན་ཤས་གོང་ཕྱི་དངུལ་གསོག་འཇོག་ལེགས་སུ་གཏོང་བའི་བྱ་ཐབས་གསར་ཤོས་ཡོངས་བསྒྲགས་བྱས་པའི་ནང་།  མི་དམངས་ཤོག་སྒོར་གྱིས་ཐད་ཀར་རྒྱལ་ཁབ་དེའི་ཀྲུང་གོའི་ཚོང་དོན་རྩིས་རྒྱག་ཆོག་པ་ཚུད་ཡོད་པ་རེད།

སྤྱི་ཚོགས།

  • ཚེས26ནས་ཚེས28ཉིན་བར། ཧྭ་བྱང་(华北)གི་དབུས་ལྷོ་རྒྱུད་དང་། ཧོང་ཧོའེ་(黄淮)ནུབ་རྒྱུད། ཧྥུན་ཝེ་(汾渭)བདེ་ཐང་སོགས་ས་ཁུལ་ཁག་གཅིག་ཏུ་སྨུག་རྡུལ་འབྲིང་ཙམ་འཐིབས་རྒྱུ་རེད།

  • རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་དཔྱིད་གསར་སྐྱེལ་འདྲེན་རིང་དྲ་རྒྱ་ཡོངས་སུ་རིམ་རྩིས་བྱས་ན་སྦྲག་ཐོག་དངོས་ཟོག་བསྐུར་མ་དུང་ཕྱུར103.67བྱས།  དེ2022ལོའི་དུས་མཚུངས་ལས6.14%འཕར་ཡོད།

  • ཉེ་ཆར། ཅང་སུའུ་ཞིབ་དཔྱོད་ལས་ཁུངས་ཀྱིས་ཧུའུ་པེ་(湖北)ཞིང་ཆེན་མི་དམངས་སྲིད་གཞུང་གི་དེ་སྔའི་ཏང་ཙུའི་ཁོངས་མི། ཧྲེང་ཀྲང་གཞོན་པ་ཚའོ་ཀོང་ཅིང་གིས་ལྐོག་རྔན་བླངས་པ་དང་ནང་གནས་ཕྱིར་གྱར་བའི་དོགས་ཡོད་གྱོད་གཞིར་ཁྲིམས་ལྟར་གཞུང་གཏུག་བྱས།

  • ཚེས25ཉིན། ནང་སོག་ཨ་ལ་ཧྲན་གཡོན་རུའི་(阿拉善左旗)མཐོངས་ཡངས་རྡོ་སོལ་གཏེར་ཁ་རྡིབ་པའི་ལས་འཛོལ་གྱི་ཤར་ནུབ་ཕྱོགས་གཉིས་ཀྱི་རོགས་སྐྱོབ་བགྲོད་ལམ་ཚང་མ་ཤར་གཏོང་ཐུབ་ཡོད།

  • ཀྲུང་གོ་གློག་ཤུགས་ཁེ་ལས་ཀྱིས་མཉམ་འབྲེལ་ཐོག་སྙན་ཞུ་ཁྱབ་བསྒྲགས་བྱས་པར་གཞིགས་ན། སྔོན་དཔག་བྱས་ན2025ལོར་རང་རྒྱལ་གྱི་གློག་ནུས་ཀྱིས་མཐའ་སྣེའི་ནུས་རྒྱུའི་འཛད་སྤྱོད་ནང་བཟུང་བའི་བསྡུར་ཚད30%ལས་བརྒལ་རྒྱུ་རེད།

  • ཀྲུང་གོའི་མི་སྡོད་འཇིག་རྟེན་འཕུར་སྐྱོད་བཟོ་སྐྲུན་གྱི་སྤྱི་ཁྱབ་ཇུས་འགོད་པ་གཞོན་པ་དབྱང་ལི་ཝུའེ་ཡིས་བསྟན་དོན། 2023ལོའི་འཕུར་སྐྱོད་ལས་འགན་ཚོགས་ཆུང་འདེམས་སྒྲུག་བྱས་ཚར་འདུག

b.jpg


  • ཚེས25ཉིན། རང་རྒྱལ་གྱི་མཁའ་འགྲུལ་བཟོ་ལས་ཀྱིས་རང་བརྟེན་ཞིབ་བཟོ་བྱས་པའི་མེ་གསོད་དང་མཚོ་ཐོག་རོགས་སྐྱོབ་བྱེད་པའི་སྐམ་མཚོ་ཉིས་སྤྱོད་ཀྱི་གནམ་གྲུ་ཆེ་གྲས་བཞི་པ“ཁུན་ལུང”AG600Mཀོང་ཏུང་ཀྲུའུ་ཧེ་(广东珠海)རུ་འཕུར་སྐྱོད་ཐེངས་དང་པོ་བྱས་པ་རེད།

  • ཚེས25ཉིན།XGamesChinaགངས་ཤུད་སྐོར་སྐྱོད་ཀྱི་མཐའ་བསྡུར་ནང་། སུའུ་དབྱི་མིང་ལ་གྱེན་ངོས་ཀྱི་འགོག་རྐྱེན་ལག་རྩལ་གྱི་ཨང་དང་པོ་ཐོབ་པ་རེད།

c.jpg


  • ཉེ་ཆར། ཅང་སུའུ་ཐའེ་ཀྲོའུ་(泰州)ཡི་ལོ27ལ་སླེབས་པའི་པའོ་ཙི་དབྱང་གིས་ཁྲག་སྐྱེས་ཕྲ་ཕུང་གཙོ་བོ་འཚོལ་བསྡུ་བདེ་བླག་ངང་ལེགས་གྲུབ་བྱུང་ནས་ཁྲག་རིལ་དཀར་པོའི་ནད་ཕོག་པའི་བྱིས་པ་ཞིག་ལ་སྐྱེ་འཚར་གྱི་རེ་བ་སྦྱིན་ཡོད།

སྲིད་ཇུས།

  • ཧྲང་ཧེ་ཡིས་སྲོལ་ཡིག་གཏན་འབེབས་བྱེད་པ་བརྒྱུད། ལས་ཞུགས་ལས་དོན་གྱི་ཕན་འབྲས་ལ་སྐུལ་འདེད་གཏོང་རྒྱུ་དེ་རིམ་པ་ཁག་གི་སྲིད་གཞུང་གི་ལོ་འཁོར་གྱི་ལས་རྗེས་དཔྱད་ཞིབ་ནང་འཇུག་རྒྱུ་རེད།

  • བོད་ལྗོངས་ཀྱིས་ཇུས་གཞི་པར་འགྲེམས་བྱས་ནས་ལས་བྱེད་པ་དང་ལས་བཟོས་གཏན་འབེབས་ལྟར་ཕྲུ་གུ་སྐྱེ་བ་དང་ཕྲུ་གུ་ལོ3མ་སླེབས་གོང་། བཟའ་ཟླ་གཉིས་ཀྱིས་ལོ་ལྟར་ཕྲུ་གུ་གསོ་བའི་གུང་གསེང་ཉིན15ལོངས་སྤྱོད་བྱེད་ཆོག་གི་ཡོད་པ་རེད།

  • ཅང་ཤིས་ནན་ཁྲང་(江西南昌)གིས་བྱེད་ཐབས་པར་འགྲེམས་བྱས་ནས་ལས་འཛོལ་ཚབས་ཆེན་གྱི་མངོན་མེད་རྐྱེན་ངན་དང་ཁྲིམས་འགལ་ཐོན་སྐྱེད་གཉེར་སྐྱོང་འཛུགས་སྐྲུན་ཐེར་འདོན་བྱེད་པའི་བྱ་དགའི་དངུལ་གྲངས་དེ་སྲིད་འཛིན་ཆད་གཅོད་དངུལ་གྲངས་ཀྱི15%གཞིར་བཟུང་ནས་རྩིས་རྒྱག་རྒྱུ་རེད།

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས།  ཤིན་ཅང་གི་བྱང་རྒྱུད་དང་། བོད་ལྗོངས་ཀྱི་ཤར་རྒྱུད། ལྷོ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་བ་ནས་འབྲིང་བའི་བར་རམ་ཡང་ན་ཆར་པ་འབབ་ཀྱི་རེད། ཡུན་ནན་གྱི་ནུབ་རྒྱུད་དང་། ཀན་སུའུ་ཡི་ལྷོ་རྒྱུད། ཐེ་ཝན་གླིང་ཕྲན་གྱི་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབབ་པ་དང་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་ཙམ་འབབ་རྒྱུ་རེད།

d.jpg


  • ཧྲང་ཧེ།  ནུས་རྒྱུ་གསར་པའི་རླངས་འཁོར་བརྗེ་བའི་ཁ་གསབ་ཟླ6པའི་ཟླ་མཇུག་བར་ནར་འགྱངས་བྱས་ནས་ལོ་འདིའི་ནང་ཉོ་སྒྲུབ་དཔྱ་ཁྲལ་མུ་མཐུད་དུ་རྩ་ཆག་གཏོང་རྒྱུ་རེད།

  • ལེའོ་ཉིང་(辽宁)། མཐོ་རིམ་སློབ་གསོའི་རང་སྦྱོང་རྒྱུགས་སྤྲོད་དེ་ཟླ3པའི་ཚེས1ཉིན་ནས་བཟུང་མིང་ཐོ་འགོད་རྒྱུ་རེད།


མཉམ་སྤྱོད།