མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས27ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་སོགས་ཀྱིས་གསར་དུ་བདམས་ཐོན་བྱུང་བའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཀོ་ཅིན་ཕིང་ལ་ཐུག་འཕྲད་གནང་།

2023-02-26 13:37:21   |   126

རྩོམ་སྒྲིག  སངས་དོན།  ཡོང་ཁུངས།  གངས་ལྗོངས་འཕྲིན་གསར།  བཤེར་འབེབས། རིན་ཆེན་ཚེ་རིང་། 


ཟླ2པའི་ཚེས24ཉིན་གྱི་ཕྱི་དྲོར། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་དབྱང་ཧའེ་ལུང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་པད་རྒྱལ་བཀྲ་ཤིས་སོགས་ཀྱིས་ཁུལ་མི་རིགས་རིག་གནས་བྱེད་སྒོ་ལྟེ་གནས་སུ་གསར་དུ་བདམས་ཐོན་བྱུང་བའི་རྒྱལ་ཡོངས་དམངས་ཆེན་འཐུས་མི་དང་། འཇུ་ལག་རྫོང་བཅའ་སྡོད་དམའ་རིམ་སློབ་འབྲིང་གཉིས་པའི་མཐོ་རིམ་དགེ་རྒན་ཀོ་ཅིན་ཕིང་གིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོའི་སྔོན་གྱི་བྱ་བ་སོ་སོའི་གྲ་སྒྲིག་གནས་ཚུལ་གྱི་སྙན་ཞུར་ཉན་པ་དང་འབྲེལ་ཁོང་གིས་འགན་འཁྲི་ནན་ཏན་སྒྲུབ་པའི་ཐད་བླང་བྱ་བཏོན།

a.jpg

ཤ་བོ་སྐྱབས་ཀྱིས་ཀོ་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་བའི་འཐུས་མིར་བདམས་ཐོན་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུས་པ་དང་འབྲེལ་ཁོང་དང་བྱམས་བརྩེའི་ངང་གླེང་མོལ་གནང་ལ། ཁོང་གིས་བློ་མཐུན་ཀོ་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཀྱི་འཐུས་མིར་བདམས་ཐོན་བྱུང་བ་དེ་ནི་མོ་རང་ཉིད་ཀྱི་དེ་སྔའི་བྱ་བར་ཁས་ལེན་གང་ལེགས་གནང་བ་ཞིག་ཡིན་ལ། འཇུ་ལག་སློབ་གསོའི་བྱ་བ་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པར་ཁས་ལེན་གང་ལེགས་གནང་བ་ཞིག་ཀྱང་རེད། རྒྱལ་ཡོངས་དམངས་ཆེན་འཐུས་མི་ཞིག་ཡིན་པའི་ངོས་ནས་ཁུལ་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཁྲི29ཡི་རེ་བ་ཟབ་མོ་དང་བླ་ན་མེད་པའི་འགན་འཁྲི་ཕྲག་ཏུ་འཁུར་ཡོད། བློ་མཐུན་ཀོ་ཅིན་ཕིང་གིས་གཟི་བརྗིད་མཚན་སྙན་ལ་གཅེས་སྤྲས་དང་སློབ་སྦྱོང་ལ་ཤུགས་སྣོན། ཁུལ་ནང་ཁུལ་གྱི་སྨྱན་སྦྱོར་ལ་དོ་ཁུར། ཁུལ་གྱི་གནས་ཚུལ་ཁོང་དུ་ཆུད་པ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ལྟེ་བའི་བྱ་བར་ཤེས་རྟོགས་བཅས་བྱས་ཏེ། འགན་ནུས་སྒྲུབ་ཤུགས་ཆེ་རུ་བཏང་ནས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོར་ཞུགས་རྒྱུར་གྲ་སྒྲིག་གང་ལེགས་བྱེད་དགོས། ཕུལ་བྱུང་གི་འཐུས་མིར་མིག་དཔེ་ལྟ་བ་དང་མཚོ་བྱང་གི་དོན་དངོས་ལ་གཞི་ཚུགས་པ། ཐབས་འདོན་ཇུས་འབུལ་ཧུར་ཐག་བཅས་བྱས་ཏེ་གཞི་རིམ་མང་ཚོགས་ཀྱི་བསམ་འདུན་དང་འབོད་སྒྲ་གོང་དུ་ཞུ་དགོས། མཚོ་བྱང་གི་ཁྱད་ཆོས་མངོན་པ་དང་མཚོ་བྱང་གི་སྐད་སྒྲ་བརྒྱུད་སྒྲོག་བྱས་ཏེ་མཚོ་བྱང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཐོག་མཐའ་བར་གསུམ་དུ་ཚོགས་རའི་སྒྲིག་ཁྲིམས་དང་བྱ་བའི་སྒྲིག་ཁྲིམས་ལ་བརྩི་སྲུང་ཞུས་ནས་འཐུས་མིའི་དབང་ཆ་ཁྲིམས་ལྟར་སྤྱོད་པ་དང་། འཐུས་མིའི་འོས་འགན་ལག་བསྟར་ནན་མོ་བྱས་ཏེ་མཚོ་བྱང་གི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཀྱི་འཐུས་མིའི་སྣང་བརྙན་བཟང་པོ་གང་ལེགས་སྒོས་མངོན་པར་བྱེད་དགོས་པར་གསུངས།

b.jpg

ཀོ་ཅིན་ཕིང་གིས་མིག་སྔའི་གྲ་སྒྲིག་གནས་ཚུལ་སྙན་སེང་ཞུས་པ་དང་འབྲེལ་རྒྱལ་ཡོངས་དམངས་ཆེན་འཐུས་མིར་བདམས་ཐོན་བྱུང་བར་གཟི་བརྗིད་ལྡན་ལ་འགན་འཁྲི་ལྕི་མོ་ཡོད་པའི་ཚོར་སྣང་བྱུང་བས། ཁུལ་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་མངགས་བཅོལ་ཟབ་མོ་སྟོང་ཟད་དུ་གཏན་ནས་མི་གཏོང་བར་དགེ་མཚན་ལྡན་པའི་ཀུན་སློང་དང་སྤྲོ་སེམས་རབ་ཏུ་འཕེལ་བའི་སྒོ་ནས་ཡུལ་དངོས་སུ་བརྟག་ཞིབ་མང་པོ་བྱེད་པ་དང་འཐུས་མིའི་དབང་ཆ་ཡང་དག་སྤྱད་དེ་འཐུས་མིའི་འགན་འཁྲི་ལྷག་བསམ་རྣམ་དག་ངང་སྒྲུབ་རྒྱུ་ཡིན་པར་བཤད།

ཁུལ་ཨུའི་རྒྱུན་ཨུ་ཝང་ཡུང་ཁྲང་དང་། ཝང་ཀྲུང་དབྱི། སུན་ཞུག་ཙུང་། འཇུ་ལག་རྫོང་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་དང་རྫོང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཞུགས་ཡོད།


མཉམ་སྤྱོད།