མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས27ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-02-27 10:11:41   |   143

སྒྲིག་སྒྱུར།  སངས་དོན།  ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།  རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དེ། ཚེས26ཉིན་གྱི་ཕྱི་དྲོ་པེ་ཅིང་དུ་འཚོགས། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུ་ཡི་ཚབ་ཞུས་ནས་ཚང་འཛོམས་གྲོས་ཚོགས་ཐོག་ལས་དོན་སྙན་ཞུ་གནང་། ཚང་འཛོམས་གྲོས་ཚོགས་ཐོག   ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་སྒྱུར་བཅོས་ཇུས་གཞི་(འཆར་ཟིན)དང་ཀྲུང་དབྱང་ཆབ་སྲིད་ཅུ་ཡི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོར་འོས་སྦྱོར་བྱེད་རྩིས་ཡོད་པའི་རྒྱལ་ཁབ་སྒྲིག་གཞིའི་མགོ་ཁྲིད་མི་སྣའི་འོས་མིའི་གྲོས་མགོའི་མིང་ཐོ་དང་།  རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོར་འོས་སྦྱོར་བྱེད་རྩིས་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་མགོ་ཁྲིད་མི་སྣའི་འོས་མིའི་གྲོས་མགོའི་མིང་ཐོར་གྲོས་ཞིབ་བྱས།  

  • ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《དུས་རབས་གསར་པའི་ཁྲིམས་རིག་སློབ་གསོ་དང་ཁྲིམས་རིག་རིགས་པའི་གཞུང་ལུགས་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས།

    a.jpg


  • མིག་སྔར། སྔ་སྨིན་འབྲུ་རིགས་ཀྱི་ལྗང་གསོ་གཅིག་རྗེས་གཉིས་མཐུད་ངང་མགོ་ཚུགས་པ་དང་། དགུན་དུས་ལོག་དཀར་དང་དགུན་གྲོ། དཔྱིད་དུས་ཞིང་ཁའི་སྦུ་གུ་འཐེན་པ་སོགས་རིམ་བཞིན་སྤེལ་གྱིན་ཡོད་པས། རྒྱལ་ཡོངས་ཀྱི་དཔྱིད་རྨོད་ཐོན་སྐྱེད་ཀྱི་མགོ་ཡག་པོ་ཞིག་བཙུགས་ཡོད།

  • ཟླ1པོར། རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན6925ཞིབ་བཤེར་ཐག་གཅོད་བྱས།

  • རྒྱལ་ཁབ་སྡོམ་རྩིས་ཅུ་ཡི་གྲངས་གཞི་ལས་མངོན་པ་ལྟར་ན། 2022ལོར་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་རིག་གནས་དང་དེ་བཞིན་འབྲེལ་ཡོད་ཐོན་ལས་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར121805སླེབས་ཡོད།

  • བཟོ་འཕྲིན་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2022ལོར་རང་རྒྱལ་གྱི་ལིས་ལི་ཙི་གློག་ཞུན་ལས་རིགས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་ཁྲི1.2ལས་བརྒལ་ཡོད།

  • ཉེ་ཆར།  ས་ཁུལ27གྱིས2023ལོར་ཞིང་ཆེན་གྱི་གཞུང་ལས་པ་བསྡུ་བའི་ཡིག་རྒྱུགས་བླངས་པ་དང་།  ས་གནས་ཁག་གིས་མིང་ཐོ་བཀོད་པའི་རྒྱུགས་སྤྲོད་སློབ་མའི་སྡོམ་འབོར་ཁྲི500ལས་བརྒལ་ཡོད།

    b.jpg


  • ཉེ་ཆར།  ཤོག་སྒྲིག་དཔུང་ཚོགས་ཨང76པའི་སྐམ་མཁའ་འགྲུལ་ལུའི་ཞིག་མཚོ་བོད་ས་མཐོ་རུ་གནམ་གྲུ་རིགས་སྣ་མང་པོའི་ཉིན་མཚན་བརྒལ་བའི་འཕུར་སྐྱོད་སྦྱོང་བརྡར་བྱས།

  • ཚེས25ཉིན་འཚོགས་པའི་ཝར་སོའི་(华沙)ཡོ་རོབ་ཀྱི་སྦེ་ག་ཡོངས་བསྒྲགས་འགྲན་བསྡུར་ནང་། ཀྲུང་གོའི་བུད་མེད་རུ་ཁག་ལ་གསེར་གྱི་རྟགས་མ་གཉིས་དང་ཟངས་ཀྱི་རྟགས་མ་གསུམ་ཐོབ་ཡོད།

སྤྱི་ཚོགས།

  • ཟླ2པའི་ཚེས26ནས་ཟླ3པའི་ཚེས1ཉིན་བར། མཁའ་རླུང་གྲང་མོ་གསར་པའི་ཤུགས་རྐྱེན་ཐེབས་པའི་དབང་གིས་ནུབ་བྱང་དང་། ཧྭ་པེ། བྱང་ཤར་ས་ཁུལ་བཅས་ཀྱི་ས་ཁུལ་ཁ་ཤས་སུ་དྲོད་ཚད་ཏུའུ10མར་ཆག་རྒྱུ་རེད།

    c.jpg


  • ཉེ་ཆར། རབས་གསར་པའི་མི་སྡོད་འཕུར་གྲུ་དང་དེ་བཞིན་ཟླ་བའི་ངོས་ཀྱི་འབབ་ཆས་སོགས་འབྱུང་འགྱུར་མི་སྡོད་ཟླ་བར་བསྐྱོད་པའི་འཕུར་སྐྱོད་ཐོན་རྫས་གཙོ་བོའི་དཔེ་དབྱིབས་དེ། ཀྲུང་གོའི་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་དུ་ཐོག་མར་འགྲེམས་སྟོན་བྱས།

  • ཉེ་ཆར། ཡུང་ཏིང་(永定河)གཙང་པོའི་པེ་ཅིང་དུམ་བུའི2023ལོའི་དཔྱིད་དུས་ཀྱི་སྐྱེ་ཁམས་ཆུ་གསབ་ཕྱོགས་ཡོངས་ནས་སྤེལ་མགོ་ཚུགས།

  • ཉེ་ཆར། ཧུའུ་པེ་ཞིབ་དཔྱོད་ལས་ཁུངས་ཀྱིས་ལེའོ་ཉིང་ཞིང་ཆེན་མི་དམངས་སྲིད་གཞུང་གི་དེ་སྔའི་ཏང་ཙུའི་ཁོངས་མི་དང་། ཧྲེང་ཀྲང་གཞོན་པ། སྤྱི་བདེ་ཐིང་གི་དེ་སྔའི་ཏང་ཨུའི་ཧྲུའུ་ཅི། ཐིང་ཀྲང་ཝང་ཏ་ཝུའེ་ཡིས་ལྐོག་རྔན་བླངས་པའི་གྱོད་གཞིར་ཁྲིམས་ལྟར་གཞུང་གཏུག་བྱས།

  • ཀྲུང་གོ་སྲོག་ཆགས་གླིང་མཐུན་ཚོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། དོམ་ཁྲ་“ལི་ལིའི”ཤི་རྐྱེན་དེ་སྙིང་ནད་ཡིན་པར་གཏན་འཁེལ་བྱས་པ་དང་།  དོམ་ཁྲ“ཡ་ཡ”བསུ་བར་གྲ་སྒྲིག་ཡག་པོ་བྱས་འདུག

  • ཉེ་ཆར། ཧྲང་ཧེ་ཡིས་ལོ་གསུམ་རིང་གཞི་ཁྱོན་ཆེ་ཤོས་ཀྱི་དྲ་ཕྱིའི་གདན་ཞུའི་ཚོགས་འདུ་འཚོགས་ནས་གདན་ཞུའི་ལས་གནས་ཁྲི2.5ལྷག་ཙམ་མཁོ་འདོན་བྱས་ཡོད།

d.jpg

  • རང་རྒྱལ་གྱི་ཚན་རིག་ཞིབ་འཇུག་མི་སྣས་ཧུའུ་པེའི་ཀྲུའུ་ཞི་(湖北竹溪)ནས་རྩི་ཤིང་གི་སྐྱེ་དངོས་རིགས་གསར་པ་གཉིས་རྙེད་པ་སྟེ། ཤིང་ཏོག་ཆེན་པོ་ཧྲུའུ་དང་ཧུང་ཧྲིའི་ཕོ་ཕོ་ནཱ་ཡིན།

  • ཉེ་ཆར། ཧྲན་ཤིས་(陕西)ཀྱི་ཏ་ཧྲན་ཏུས་འོད་ཤུགས་གློག་ཁང་ཆེ་ཤོས་དངོས་སུ་དྲ་སྦྲེལ་བྱས་ནས་གློག་གཏོང་གི་ཡོད་པ་དང་། ཆ་སྙོམས་ལོ་རེར་ས་གནས་དེ་གར་ཏུའུ་དུང་ཕྱུར1.45ཡི་ལྗང་མདོག་གློག་ནུས་མཁོ་འདོན་ཐུབ་ཀྱི་ཡོད།

e.gif


  • ཀྲེ་ཅང་ཧང་ཀྲོའུ་(浙江杭州)ཡི་རླངས་འཁོར་ཞིག་སེམས་ཆུང་མ་བྱས་པར་ཆུར་ལྷུང་བ་དང་། གྲོང་མི་ཧན་ཝུའེ་ཆི་དང་ཧན་དབྱིན་ཀང་གཉིས་འཕྲལ་མར་ཆུར་མཆོང་ཏེ་ཉེན་ཁར་ཚུད་པའི་མི་སྣ་སྐྱོབ་ནས་ཆུ་འགྲམ་དུ་བུད།

སྲིད་ཇུས།

  • ཧྲང་ཧེ་ཡིས་ཨར་སྐྲུན་བཟོ་པའི་སྡོད་གནས་ཁོར་ཡུག་ལེགས་སུ་གཏོང་བའི་བྱེད་སྒོ་སྤེལ་ནས། དོ་དམ་ཚན་པ་རེ་རེའི་ནང་ཆུ་ཁོལ་སྒྲིག་ཆས་གཅིག་ལས་མི་ཉུང་བ་འཛུགས་པ་དང་།  རྒྱུན་གཏན་གྱི་ཆུ་ཁོལ་གྱི་དགོས་མཁོ་སྐོང་དགོས་པའི་བླང་བྱ་བཏོན།

  • ཧྲན་ཤིས་(山西)ཀྱིས་ཡིག་ཆ་བཀྲམ་ནས་ཞིང་ལས་ལག་རྩལ་མི་སྣ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་པའི་ལག་རྩལ་ཞབས་ཞུ་དེ། ལོ་ཧྲིལ་པོར་ཁྱབ་པར་བྱེད་པ་དང་།  དུས་ཚིགས་རེར་ཞབས་ཞུ་ཉིན་གྲངས10ལས་མི་ཉུང་བ་བྱེད་དགོས་ཞེས་ཁ་གསལ་བཏོན་ཡོད།

  • 2023ལོའི་ཟླ1ཚེས1ཉིན་ནས་ཟླ12ཚེས31ཉིན་བར། ཁྲུང་ཆིང་(重庆)གིས་ཟླ་རེའི་ཕྱིར་ཚོང་དངུལ་གྲངས་སྒོར་ཁྲི10མན་གྱི་གནས་ཐང་འཕར་ཁྲལ་གྱི་གཞི་ཁྱོན་ཆུང་བའི་ཁྲལ་འཇལ་བར་གནས་ཐང་འཕར་ཁྲལ་རྩ་ཆག་བཏང་།

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས། ནང་སོག་གི་བྱང་ཤར་རྒྱུད་དང་། ཧེ་ལུང་ཅང་གི་ནུབ་བྱང་རྒྱུད། ཤིན་ཅང་གི་ལྷོ་རྒྱུད། བོད་ལྗོངས་ཀྱི་ཤར་རྒྱུད། མཚོ་སྔོན་གྱི་ལྷོ་རྒྱུད། ཀན་སུའུ་ཡི་ཤར་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་བ་ནས་འབྲིང་བའམ་ཡང་ན་ཆར་པ་འབབ་པ་དང་། ཤིན་ཅང་ལྷོ་ནུབ་རྒྱུད་ཀྱི་རི་ཁུལ་དང་བོད་ལྗོངས་ཤར་རྒྱུད་སོགས་ས་ཁུལ་དུ་ཁ་བ་ཆེན་པོ་འབབ་ཀྱི་རེད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་། ཀན་སུའུ་ཤར་རྒྱུད། སི་ཁྲོན་གཤོང་སའི་ནུབ་རྒྱུད། ཡུན་ནན་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་ཆུང་བ་ནས་འབྲིང་ཙམ་འབབ་རྒྱུ་རེད། ཡུན་ནན་ནུབ་རྒྱུད་ས་ཁུལ་དུ་ཆར་པ་ཆེན་པོ་འབབ་རྒྱུ་རེད།

f.jpg


  • པེ་ཅིང་། གྲོང་མིས་སྤྱི་ཚོགས་འགན་བཅོལ་འཇལ་བར་པེ་ཅིང་ཐུང་གི་མཉེན་ཆས་ཆུང་བ་བརྒྱུད་ནས་ཐད་ཀར་གཉེར་ཆོག་པ་ཡིན།

  • ཅང་ཤིས།(江西)2023ལོའི་ལོ་སྟོད་དུ་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་སྦྱོང་ཆུ་ཚད་ཚད་ལོན་རང་བཞིན་གྱི་ཡིག་རྒྱུགས་མིང་ཐོ་འགོད་པའི་དུས་ཚོད་ནི་ཟླ3ཚེས6ཉིན་ནས་ཟླ3ཚེས24ཉིན་ཡིན།


མཉམ་སྤྱོད།