དེ་རིང་ནི2025ལོའི་ཟླ11པའི་ཚེས04ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱིས་ཧྲན་ཏུང་ཕྱུགས་རིགས་དངོས་མང་སྟོན་ཚོགས་ཐོག་གན་རྒྱ་སྒོར་དུང་ཕྱུར1.95བཞག་པ་དང་། གསེར་གྱི་རྟགས་མའི་བྱ་དགའ་ཁག3ཐོབ་པ།

2025-11-04 16:11:20   |   54

སྒྲིག་གྱུར།   སངས་དོན།     ཡོང་ཁུངས།  མཚོ་བྱང་མདོ་ལ་ཚགས་པར།     བཤེར་འབེབས།   རིན་ཆེན་ཚེ་རིང་།


ཟླ10པའི་ཚེས30ནས31ཉིན་བར། ཧྲན་ཏུང་ཕྱུགས་ལས་དངོས་མང་སྟོན་ཚོགས་སྐབས40པ་ཅི་ནན་རྨ་ཆུའི་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་སུ་ཕུན་སུམ་ཚོགས་པོའི་ངང་སྤེལ་བ་དང་། མཚོ་བྱང་ཁུལ་གྱིས་རང་ས་གནས་ཀྱི་སྤུས་ལེགས་ཁེ་ལས5འདེམ་སྒྲུག་བྱས་ནས་ལུག་ཤ་དང་སྐམས་ཤ། སྦྲང་རྩིའི་ཐོན་རྫས། ནས་ཀྱི་ཐོན་རྫས་སོགས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་སྣ་ཁ190ཁྱེར་ནས་ཐོག་དང་པོར་འགྲེམས་སྟོན་དུ་ཞུགས་པ་དང་། ཁྱད་ཆོས་ལྡན་པའི་ལེགས་ཆ་དང་སྤུས་ཚད་ལེགས་པོར་བརྟེན་ནས་གྲུབ་འབྲས་ཆེན་པོ་ཐོབ་ཡོད། 

01.jpg

ཐེངས་འདིའི་དངོས་མང་སྟོན་ཚོགས་ཐོག མཚོ་བྱང་ཁུལ་གྱིས་ལིན་དབྱི་ཤིན་ཀྲོང་ནས་ལས་སྣོན་ཞིབ་ཚགས་རྟེན་གཞིའི་རྣམ་གྲངས་སོགས་རིན་ཐང་སྒོར་དུང་ཕྱུར1.95ཟིན་པའི་རྣམ་གྲངས་གསུམ་ལ་གན་རྒྱ་བཞག་པ་དང་། ཧྲན་ཏུང་བདེ་ཐང་ཤ་ཐོན་ལས་མཉམ་འབྲེལ་ལྷན་ཚོགས་དང་ཧྲན་ཏུང་ནད་ཡམས་ཚོད་འཛིན་ལྟེ་གནས་བཅས་དང་འཐབ་ཇུས་གྲོས་མཐུན་རབ་དང་རིམ་པ་བཞག  ཚོགས་ཆེན་གྱི་ཆེད་ལས་དཔྱད་ཞིབ་བྱས་པ་བརྒྱུད། མཚོ་བྱང་ཁུལ་འཇུ་ལག་རྫོང་ཧེང་ཡོན་སྦྲང་ལས་ཚད་ཡོད་ཀུང་སིའི“འཇུ་ལག་ཆུ”སྦྲང་རྩིའི་ཐོན་རྫས་རབ་དང་རིམ་པ་དང་། རྐང་ཚ་ལུའུ་ཆེན་ཞིང་ཕྱུགས་གསར་སྤེལ་ཚད་ཡོད་ཀུང་སིའི“རྐང་ཚ་མཚོ་སྔོན་པོའི”སྤུས་རྟགས་འབྲི་གཡག་དང་བོད་ལུག་སོགས་ཐོན་རྫས3ལ“སྤུས་ལེགས་ཕྱུགས་ལས་ཐོན་རྫས་ཀྱི་གསེར་གྱི་རྟགས་མའི་བྱ་དགའ”ཐོབ་ནས་འགྲེམས་ཚོགས་ཀྱི་འདུ་གནས་སུ་གྱུར་ཡོད།

00000.jpg

དུས་ཡུན་ཉིན་གཉིས་ཀྱི་འགྲེམས་སྟོན་བྱེད་རིང་། མཚོ་བྱང་ཁུལ་གྱི་འགྲེམས་ཁུལ་དུ་མི་མང་པོ་འདུས་པ་དང་། འགྲེམས་ཚོང་ཐོན་རྫས་རིགས190ཚང་མ་ཉོས་ཚར་ནས་ཕྱིར་ཚོང་སྡོམ་འབོར་སྒོར་ཁྲི7ལྷག་མངོན་འགྱུར་བྱུང་། ལུག་ཤ་དང་སྐམས་ཤ། སྦྲང་རྩི། ནས་ཀྱི་ཐོན་རྫས་སོགས་ས་མཐོའི་ཁྱད་ལྡན་ཐོན་ཟོག་གི་སྤུས་ཚད་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལ་བརྟེན་ནས་འགྲེམས་ཚོགས་ཀྱི་ཆེས་དགའ་བསུ་ཐོབ་པའི་ཐོན་རྫས་སུ་གྱུར་ནས་ཅི་ནན་གྱི་གྲོང་མི་དང་ཉོ་སྒྲུབ་ཚོང་པ་འབོར་ཆེན་ཞིག་གི་ཡིད་དབང་བཀུག་ཡོད།

03.jpg

ཐེངས་འདིའི་འགྲེམས་སྟོན་སྐབས་སུ། མཚོ་བྱང་ཁུལ་ལ་དགའ་འོས་པའི་ཕྱིར་ཚོང་གྲུབ་འབྲས་དང་དབང་གྲགས་ལྡན་པའི་བྱ་དགའ་ཐོབ་པ་མ་ཟད། ཧྲན་ཏུང་ཕྱུགས་ལས་དངོས་མང་སྟོན་ཚོགས་ཀྱི་ལས་སྟེགས་གལ་ཆེན་དེར་བརྟེན་ནས་ཧྲན་ཏུང་ཁྲོམ་ར་དང་རྒྱལ་ཡོངས་ཀྱི་ཚོང་པར་གཅིག་སྡུད་ཐོག་མཚོ་བྱང་ཁུལ་གྱི་སྤུས་ལེགས་ཞིང་ཕྱུགས་ཐོན་རྫས་དང་ཐོན་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་མངོན་པར་བྱས་ཤིང་། “སྤུས་ཚད་ལེགས་པ་དང་བྲོ་བ་ལེགས་པའི”མཚོ་བྱང་གི་ཁྱད་ལྡན་ཐོན་ཟོག་ལ་འཛད་སྤྱོད་པའི་ཡིད་ཆེས་དང་ཁས་ལེན་ཐོབ་ཡོད་ལ། རྗེས་མཐུད་ཀྱི་ཁྲོམ་རའི་ཚོང་ལམ་དེ་བས་ཡངས་ཤིང་རྒྱ་ཆེ་བ་གསར་གཏོད་དང་མཚོ་བྱང་གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་འཛུགས་སྐྲུན་གྱི་སྐུལ་འདེད་ལ་རྨང་གཞི་བརྟན་པོ་བཏིང་ཡོད།


མཉམ་སྤྱོད།