དེ་རིང་ནི2025ལོའི་ཟླ11པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་རིམ་པའི་སྨྱན་སྦྱོར་མཉམ་འདྲེས་ལས་དོན་གྱི་སྐུལ་སློང་ཚོགས་འདུ་འཚོགས།

2025-11-05 11:49:03   |   128

སྒྲིག་སྒྱུར།   སངས་དོན།    ཡོང་ཁུངས།   མཚོ་བྱང་མདོ་ལ་ཚགས་པར།    བཤེར་འབེབས།   རིན་ཆེན་ཚེ་རིང་། 


ཟླ11པའི་ཚེས4ཉིན། མཚོ་བྱང་ཁུལ་རིམ་པའི་སྨྱན་སྦྱོར་མཉམ་འདྲེས་ལས་དོན་གྱི་སྐུལ་སློང་ཚོགས་འདུ་འཚོགས་ཤིང་། ཁུལ་ཨུའི་རྒྱུན་ཨུ། དྲིལ་བསྒྲགས་པུའུ་ཀྲང་ཀྲང་ཐའོ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གནང་། ཁུལ་དཔོན་གཞོན་པ་མཱ་རུའུ་ཞང་གིས་ཚོགས་འདུར་གཙོ་སྐྱོང་གནང་།

01.jpg

ཚོགས་འདུའི་ཐོག ཁུལ་རིམ་པའི་སྨྱན་སྦྱོར་མཉམ་འདྲེས་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུ་ནི་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཏང་ཀྲུང་དབྱང་དང་དེ་བཞིན་ཞིང་ཨུའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་ཡིན་ལ། སྨྱན་སྦྱོར་འཕེལ་རྒྱས་ཀྱི་འགྱུར་ལྡོག་དང་འཚམ་པ་དང་གཙོ་རྒྱུགས་གླེང་ཕྱོགས་སྲ་བརྟན་དང་སྟོབས་ཆེར་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཀྱང་ཡིན་པས་མཚོ་བྱང་ཁུལ་གྱི་སྨྱན་སྦྱོར་ལྟེ་གནས་འཛུགས་སྐྲུན་བྱེད་པའི་དམིགས་ཚད་དང་བླང་བྱ་ལྟར། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་དང་ལས་ཀའི་འགན་འཁྲི་གསལ་པོ། ལས་ཀ་སྒྲུབ་ཕོད་པ། ནུས་པའི་གསོ་སྐྱོང་ལ་ཤུགས་སྣོན་བཅས་བྱས་ཏེ། མཉམ་འདྲེས་སྨྱན་སྦྱོར་ལྟར་གནས་དེ་ཁུལ་ཡོངས་ཀྱི་གསར་འགྱུར་དྲིལ་སྒྲོག་གི་གཡུལ་ས་གཙོ་བོ་དང་གླེང་བརྗོད་ཀྱི་ཁ་ཕྱོགས་ཁྲིད་མཁན།། སྨྱན་སྦྱོར་མཉམ་འདྲེས་ཀྱི་མ་དཔེ་གསར་པ་ཞིག་ཏུ་ཧུར་ཐག་གིས་འཛུགས་སྐྲུན་བྱེད་དགོས་པ་དང་། ལག་རྩལ་གྱི་འགག་རྩའི་འདེགས་སྐྱོར་དེ་ཁོང་དུ་ཆུད་པ་བྱས་ཏེ། གྲངས་གཞི་ཆེན་པོ་དང་སྤྲིན་རྩིས། མིས་བཟོས་རིག་ནུས། 5Gསོགས་ལག་རྩལ་གསར་པ་བེད་སྤྱོད་དེ་ནང་དོན་འཚོལ་བསྡུ་དང་། ཐོན་སྐྱེད། བགོ་བཤའ། བསྡུ་ལེན། ལྡོག་འདྲེན་བཅས་ལྷུ་ཚིགས་ཁག་ལ་ཁྱབ་པ་བྱས་ཏེ། གླེང་བརྗོད་ཀྱི་མཚོན་སྟངས་གསར་གཏོད་དང་སྤྱོད་མཁན་གྱི་བསམ་བློ་དང་བསྟུན་ནས་མཉམ་འདྲེས་སྨྱན་སྦྱོར་གྱི་ལེགས་ཆ་འདོན་སྤེལ་དང་ཕན་འབྲས་མངོན་པར་བྱེད་དགོས། ལས་བྱེད་ལས་བཟོ་ཡོངས་ཀྱིས་བསམ་བློའི་བཀག་རྒྱ་གཏོར་ནས“ཁྱིམ་ཚང་གཅིག་དང་། སེམས་པ་གཅིག ནུས་ཤུགས་གཅིག”བཅས་ཀྱི་ཐུན་མོང་ངོས་འཛིན་ལ་བརྟེན་ནས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས། ལས་ཀའི་རྒྱུན་མཐུད་རང་བཞིན་རྒྱུན་འཁྱོངས་བྱས་ཏེ། མཉམ་འདྲེས་བྱེད་རིང་གི“མི་སེམས་གཅིག་སྒྲིལ་དང་། ལས་ཀ་རྒྱུན་ཆད་མེད་པ། སྒྲིག་ལམ་ཟང་ཟིང་མི་ཡོང་བ”བཅས་ཀྱི་འགན་ལེན་བྱེད་དགོས། ཏང་གི་སྒྲིག་ཁྲིམས་ཁྲིམས་སྲོལ་དང་ནོར་དཔལ་གྱི་སྒྲིག་ཁྲིམས་ནན་སྲུང་བྱས་ཏེ་སྨྱན་སྦྱོར་མཉམ་འདྲེས་ལས་དོན་སྤྱོད་གཙང་གཞུང་དྲང་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་རྒྱུའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན།

02.jpg

03.jpg

ཚོགས་འདུའི་ཐོག 《ཀྲུང་གུང་མཚོ་བྱང་ཁུལ་ཨུའི་སྒྲིག་གཞི་སྒྲིག་ཁོངས་ཨུ་ལྷན་གྱི་མཚོ་བྱང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་སྒྲིག་གཞིའི་སྒྲིག་ཁོངས་དོན་ཚན་སྐོར་གྱི་བརྡ་སྦྱོར》དང《མཚོ་བྱང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་འཛུགས་སྐྲུན་གྱི་ལག་བསྟར་ཇུས་གཞི》སྒྲོག་འདོན་བྱས། ཁུལ་སྨྱན་སྦྱོར་ལྟེ་གནས་འཛུགས་སྐྲུན་ལས་དོན་གྱི་ཆེད་དོན་འཛིན་གྲྭའི་འབྲེལ་ཡོད་འགན་འཁུར་བ་དང་མདོ་ལ་ཚགས་པར་ཁང་། ཁུལ་རླུང་བརྙན་འཕྲིན་ལས་ཁུངས་ཀྱི་ལས་བྱེད་ལས་བཟོ་ཡོངས་ཚོགས་འདུར་ཞུགས།


མཉམ་སྤྱོད།