དེ་རིང་ནི2025ལོའི་ཟླ11པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས།

2025-11-05 16:36:14   |   81

སྒྲིག་སྒྱུར།   སངས་དོན།    ཡོང་ཁུངས།  མཚོ་བྱང་མདོ་ལ་ཚགས་པར།     བཤེར་འབེབས།    རིན་ཆེན་ཚེ་རིང་།


ཟླ11པའི་ཚེས4ཉིན། མཚོ་བྱང་ཁུལ་གྱི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་སློབ་སྦྱོང་བྱས་པ་དང་། རྒྱལ་ཡོངས་ཀྱི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ།  ལས་དོན་ཕྱོགས་སྡོམ་དང་། ཉམས་མྱོང་སྤེལ་རེས། ལས་འགན་བཀོད་སྒྲིག་བཅས་བྱས་ནས་ཁུལ་ཡོངས་ཀྱི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

01.jpg

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། རྩ་འཛུགས་པུའུ་ཀྲང་། མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ལས་དོན་ཨུ་ལྷན་གྱི་མཚན་འཛིན་ཀྲུའུ་རེན་སི་ཅི་ཧྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་། ཁུལ་གྱི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་ཁྲ་ཁོའོ་ཡིས་ཚོགས་འདུར་གཙོ་སྐྱོང་གནང་བ་དང་། ཁུལ་གྱི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ལས་དོན་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ཏང་ཡུང་ཁུའེ་ཡིས་ལས་དོན་སྙན་སྒྲོན་བྱས། ཁུལ་གྱི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ལས་དོན་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ལི་ཧྲུན་པང་ཚོགས་འདུར་ཞུགས།

སི་ཅི་ཧྲེང་གིས་ཉེ་བའི་ལོ་ཤས་རིང་། མཚོ་བྱང་ཁུལ་གྱི་མི་རབས་རྗེས་མའི་ལས་དོན་ལ་ཐོབ་པའི་འཕེལ་རིམ་གསར་པ་དང་ཕན་འབྲས་གསར་པར་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ལས་དོན་ཨུ་ལྷན་གྱིས་ཁུལ་ཨུའི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་ནས“རྒན་པ་ལྔའི”ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། གཞོན་ནུ་ལོ་ཆུང་གི་བསམ་བློའི་སྣེ་ཁྲིད་དང་། གཅེས་སྐྱོང་། འཚར་ལོངས་སོགས་ཐད་དུ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ནས་སྒྱུར་འཕེལ་བརྟན་གསུམ་དང་གཞོན་ནུ་ལོ་ཆུང་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་གསུངས།

02.jpg

སི་ཅི་ཧྲེང་གིས་ནན་གྱིས་བསྟན་དོན། མི་རབས་རྗེས་མའི་ལས་དོན་ལ་སེམས་ཁུར་བྱ་རྒྱུ་ནི་ཕུགས་དང་འབྲེལ་བ་ཡོད་པའི་རྨང་གཞིའི་རང་བཞིན་གྱི་བཟོ་སྐྲུན་ཞིག་ཡིན་པས་ངེས་པར་དུ་ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་གཏོང་བ་དང་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་ནས་ལས་དོན་གཏིང་ཟབ་ཏུ་གཏོང་རྒྱུར་མུ་མཐུད་དུ་སྐུལ་འདེད་གཏོང་དགོས། བསམ་བློའི་བློ་སྦྱོང་དང་ནུས་པ་མཐོར་འདེགས་བྱེད་པ་རྒྱུན་འཁྱོངས་བྱས་ནས་ཆབ་སྲིད་ཀྱི་སྣེ་ཁྲིད་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་། “རྒན་པ་ལྔའི”སྙིང་སྟོབས་དར་སྤེལ་གཏོང་བ། “ལོ་རྒྱུས་བཞི”ཡི་སློབ་གསོ་དང་རྩ་འཛུགས་འཛུགས་སྐྱོང་གཏིང་ཟབ་ཏུ་གཏོང་བ། “རྒན་པ་ལྔའི”གཏིང་ཤུགས་འཕེལ་བ་བཅས་བྱེད་དགོས། མི་གསོ་སྐྱོང་བྱ་རྒྱུ་རྩ་བར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ་མཚོ་བྱང་གི་གསར་བརྗེའི་ཐོན་ཁུངས་ཡག་པོ་སྤྱོད་པ་དང་། རྩ་ཆེའི་བསམ་པའི་རྒྱུ་ནོར་རྒྱུན་འཛིན། ཀུན་སྤྱོད་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྤུས་རྟགས་གཏོད་རྒྱུ་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས་དུས་རབས་ཀྱི་མི་གསར་པ་སྐྱེད་སྲིང་བྱེད་དགོས། གནད་སྨིན་གསོ་སྐྱོང་རྒྱུན་འཁྱོངས་དང་ཁྲིམས་སྐྱོང་སློབ་གསོར་ཤུགས་སྣོན་རྒྱག་པ། “ཤོར་བ་ལྔའི”གཞོན་ནུ་ལོ་ཆུང་སོགས་དམིགས་བསལ་ཚོགས་སྤྱིར་དམིགས་ནས་གཅེས་སྐྱོང་དང་རོགས་སྐྱོར་ཡག་པོ་བྱས་ཏེ། ཁྱིམ་ཚང་དང་སློབ་གྲྭ། སྤྱི་ཚོགས་བཅས་མཐུན་སྦྱོར་གྱིས་མི་གསོ་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་དགོས། རྨང་གཞི་བརྟན་པོར་གཏོང་བ་དང་སྟོབས་ཤུགས་གཅིག་སྒྲིལ་རྒྱུན་འཁྱོངས་ཀྱིས་གཙོ་གནད་ལས་འགན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་དང་། དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྡེ་ཚན་གྱི་མཉམ་ཤུགས་ཆགས་པར་བྱས་ནས་ལས་ཀའི་ཕན་ནུས་ཆེ་རུ་གཏོང་དགོས།

03.jpg

སི་ཅི་ཧྲེང་གིས་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་བྱེད་པོའི་འགན་འཁྲི་འཁུར་བ་དང་འབྲེལ་ཡོད་སྡེ་ཚན་གྱིས་འགན་ནུས་ཀྱི་ལེགས་ཆ་འདོན་སྤེལ་དང་མཐུན་སྦྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྤྱོད་གཙང་གཞུང་དྲང་གི་ལས་སྒྲུབ་ཁོར་ཡུག་གཏོད་པ་བཅས་བྱས་ཏེ། མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ལས་དོན་དེ་རེ་བའི་ས་བོན་འདེབས་པ་དང་འབྱུང་འགྱུར་གསལ་བར་བྱེད་པའི་བླ་ན་མེད་པའི་བྱ་གཞག་ཅིག་ཏུ་འགྱུར་བ་བྱེད་དགོས་པའི་བླང་བྱ་བཏོན།

ཏང་ཡུང་ཁུའེ་ཡིས་ལས་དོན་སྙན་སྒྲོན་ནང་། ཁུལ་ཡོངས་ཀྱི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ལས་དོན་ཨུ་ལྷན་གྱིས་རྩ་འཛུགས་འཛུགས་སྐྱོང་དང་བསམ་བློའི་སྣེ་ཁྲིད། གཅེས་སྐྱོང་ཞབས་ཞུ། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་སོགས་ཀྱི་ཐད་ཐོབ་པའི་གྲུབ་འབྲས་ཕྱོགས་སྡོམ་དང་མིག་སྔའི་གནད་དོན་ལ་དབྱེ་ཞིབ་བྱས་པ་མ་ཟད། རྗེས་ཕྱོགས་ཀྱི་ལས་དོན་ལ་ཞིབ་ཕྲའི་བླང་བྱ་བཏོན།

ཚོགས་འདུའི་ཐོག རྫོང་བཞིའི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ལས་དོན་ཨུ་ལྷན་གྱིས2025ལོའི་འབུར་ཐོན་ལས་དོན་དང2026ལོའི་བསམ་ཕྱོགས་ལ་དམིགས་ནས་སྙན་སེང་ཞུས་པ་དང་སྤེལ་རེས་གཏམ་བཤད་བྱས། ཁུལ་གྱི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ལས་དོན་ཨུ་ལྷན་གྱི་ཁོངས་མིའི་ཚན་པས་ལས་བགོས་མགོ་ཁྲིད་དང་། རྫོང་བཞིའི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་དང་གཞུང་ལས་ཁང་གི་ཀྲུའུ་རེན། “རྒན་པ་ལྔའི”འཐུས་མི་བཅས་བཞུགས་མོལ་ཚོགས་འདུར་ཞུགས།


མཉམ་སྤྱོད།