དེ་རིང་ནི2025ལོའི་ཟླ11པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་གྱི་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་གླེང་སྟེགས་ཟི་ལིང་དུ་མགོ་ཚུགས།

2025-11-06 09:31:23   |   42

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ11པའི་ཚེས4ཉིན། མཚོ་སྔོན་གྱི་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་གླེང་སྟེགས་ཟི་ལིང་དུ་མགོ་ཚུགས། ཞིང་ཨུའི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའི་པུ་ཀྲང་པད་གོ་དང་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་རིགས་པའི་གཞུང་ལུགས་ཞིབ་འཇུག་སིའི་སི་ཀྲང་གཞོན་པ་ཞུང་ཧྥང་ལེའང་། མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་སོགས་མགོ་ཁྲིད་ཚོགས་འདུར་ཞུགས་ཏེ་ཤིས་ཚིག་ཕུལ།

4.jpg

ཉེ་བའི་ལོ་ཤས་རིང་། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། མཐོ་ས་ནས་སྐུལ་འདེད་དང་ཇུས་འགོད་གཏིང་ཟབ་བྱ་རྒྱུ་མཐའ་འཁྱོངས་དང་། དཔེ་སྟོན་འགུལ་རྣམ་དོ་དམ་སོགས་ཀྱི་ལམ་སྲོལ་བཙུགས་ལ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་ཞིབ་འཇུག་གི“ལྟེ་བ་གཅིག་དང་རྟེན་གཞི་གསུམ”བཙུགས། ཁ་གཏད་མཚོ་སྐྱོར་དང་ཤར་ནུབ་མཐུན་སྦྱོར་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་བྱས་ཏེ། “འབྲེལ་འདྲིས་འདྲེས་གསུམ”དང་། “འགུལ་སྐྱོད་བཅུ”དང་། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི“སྐྱོད་པ་བཅུ”སོགས་ཀྱི་ལག་ལེན་བྱ་འགུལ་སྤེལ་བ་དང་། མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ཐད་ཀྱི་དམིགས་བསལ་སྲིད་ཇུས་དང་བྱེད་ཐབས་ཁག་དོན་འཁྱོལ་དང་། ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བར་སྐུལ་འདེད་བཏང་།

གླེང་སྟེགས་དེ་ཀྲུང་གུང་མཚོ་སྔོན་ཞིང་ཨུ་འཐབ་ཕྱོགས་གཅིག་གྱུར་པུས་གཙོ་གཉེར་བྱས་པ་དང་། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་དང་། མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཨུ་དང་ཁུལ་སྲིད་གཞུང་བཅས་ཀྱིས་གཉེར་འགན་འཁུར་བ་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་མཚོ་སྔོན་གྱི་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་ཞིབ་འཇུག་གཏིང་ཟབ་ཏུ་བཏང་ནས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་གཏོད་པའི་གྲུབ་འབྲས་ཕྱོགས་ཡོངས་ནས་ཕྱོགས་སྡོམ་དང་སྲ་བརྟན་དུ་གཏོང་བ་དང་། མཚོ་སྔོན་འདི་ཉིད་ཚད་གཞི་མཐོ་བའི་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་དཔེ་སྟོན་ཞིང་ཆེན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་རེད། གླེང་སྟེགས་ཀྱི་རྣམ་པ་གསར་པ་ཡིན་ཏེ། གཙོ་དོན་སྙན་ཞུ་དང་། རིག་གཞུང་སྙན་ཞུ། མཉམ་གཤིབ་གླེང་སྟེགས་བཅས་ཁག་གསུམ་གྱིས་གྲུབ་ཡོད། གཙོ་དོན་སྙན་ཞུས་བསམ་བློ་གཅིག་གྱུར་བྱས་ཤིང་། “སྲ་བརྟན་དུ་གཏོང་བའི”གཙོ་རྐང་གཏན་འཁེལ་བྱས་ནས་བགྲོ་གླེང་གི་ཁ་ཕྱོགས་ཁ་གསལ་བཟོས་ཡོད། རིག་གཞུང་སྙན་ཞུའི་ནང་སྤེལ་རེས་གཏིང་ཟབ་བྱས་ནས་ཞིབ་འཇུག་གྲུབ་འབྲས་གསར་པ་མཉམ་སྤྱོད་བྱས། མཉམ་གཤིབ་གླེང་སྟེགས་དེ་བརྗོད་དོན་གཙོ་བོ་གསུམ་དུ་དབྱེ་ཡོད་ལ། ཚོགས་ཞུགས་མི་སྣས་རང་ཉིད་ཀྱི་ལྟ་ཚུལ་བརྗོད་པ་དང་མྱོང་ཚོར་ལྷུག་པོར་བརྗོད་ཡོད། ཞིང་ཆེན་ཕྱི་ནང་གི་རིགས་གཅིག་མཁས་ཅན་དང་མཁས་དབང་གིས་གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ནས་ཁྱབ་ཁོངས་མི་འདྲ་བ་དང་ཟུར་ཚད་མི་འདྲ་བའི་ཐོག་ནས་གཏམ་བཤད་སྤེལ་ཞིང་། མཚོ་སྔོན་གྱི་མི་རིགས་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་བློ་གྲོས་དང་སྟོབས་ཤུགས་ཕུལ་ཡོད། ཚོགས་ཞུགས་མི་སྣ་ད་དུང་མཚོ་བྱང་ཁུལ་དུ་ཡུལ་དངོས་རྟོལ་ཞིབ་བྱེད་པར་སོང་།


མཉམ་སྤྱོད།