དེ་རིང་ནི2025ལོའི་ཟླ11པའི་ཚེས09ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་སྤྱི་གཉེར་ཁང་གི་ཏང་ཨུའི་ཧྲུའུ་ཅིའམ་ལས་འཛིན་པ་ལུའུ་མིན་ཧུའེ་འཁོར་དང་བཅས་པར་བཞུགས་མོལ་གནང་།

2025-11-08 18:48:59   |   132

རྩོམ་སྒྲིག ཁོན་ཐར་ཚེ་རིང་། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ11པའི་ཚེས7ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་ནུབ་མཚོ་གྲོང་རྡལ་དུ་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་སྤྱི་གཉེར་ཁང་གི་ཏང་ཨུའི་ཧྲུའུ་ཅིའམ་ལས་འཛིན་པ་ལུའུ་མིན་ཧུའེ་འཁོར་དང་བཅས་པར་བཞུགས་མོལ་གནང་ལ། ཕྱོགས་གཉིས་ཀྱིས་མཉམ་ལས་ཀྱི་ཁྱབ་ཁོངས་སྔར་ལས་རྒྱ་སྐྱེད་དུ་གཏོང་བ་དང་། གཉིས་ཕན་མཉམ་རྒྱལ་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་བརྗེ་རེས་ཟབ་མོ་བྱས།

01.jpg

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ཏེ་ལུའུ་མིན་ཧུའེ་འཁོར་དང་བཅས་པ་ཕེབས་པར་དགའ་བསུ་ཞུས་ལ། རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་སྤྱི་གཉེར་ཁང་གིས་དུས་ཡུན་རིང་བོར་མཚོ་བྱང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས། རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་སྤྱི་གཉེར་ཁང་གི་བློ་བརྟན་འགྱུར་མེད་ཀྱི་མགོ་ཁྲིད་འོག རྒྱལ་ཁབ་གློག་དྲ་མཚོ་བྱང་གློག་འདོན་སྤྱི་གཉེར་ཁང་གིས་རང་འགུལ་ངང་ཁུལ་ཡོངས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཁྲོད་འདྲེས་པར་བྱས་ནས་སྤྱི་ཚོགས་ཀྱི་དམངས་འཚོ་ལ་ཞབས་འདེགས་ཞུ་བ་དང་ནུས་རྒྱུ་གཙང་མའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ། གློག་ཤུགས་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་ཐད་བྱ་བ་གང་མང་བསྒྲུབས་ཏེ་མཚོ་བྱང་གི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད་ཅིང་། ཕྱོགས་གཉིས་ཀར་ཡུན་རིང་གི་མཛའ་བརྩེ་དང་བརྟན་ལྷིང་འཕེལ་རྒྱས་གཏོང་བའི་མཉམ་ལས་ཁྲོད་བརྩེ་བ་ཟབ་མོ་ཆགས་ཡོད་པའི་ངོས་འཛིན་བྱས། མིག་སྔར། མཚོ་བྱང་ཁུལ་གྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་བཞིན་ཡོད་པ་དང་། “243”འཕེལ་རྒྱས་བཀོད་པ་འཛུགས་པ་དང“ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པ་གསུམ”གྱི་དམིགས་འབེན་གཞིགས་ལ་ནས། རྒྱུན་མཐུད་སྒོས“སྤྱི་གླིང་གཉིས་དང་བཙན་ས་གཅིག”གཏོད་པ། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱེད་པ། ནུས་ཤུགས་ཡོད་རྒུས “མཚོ་བྱང་ལྔ”འཛུགས་སྐྲུན་བཅས་ལ་སྐུལ་འདེད་གཏོང་བཞིན་ཡོད། རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་སྤྱི་གཉེར་ཁང་གིས་སྔར་བཞིན་མཚོ་བྱང་འཕེལ་རྒྱས་ལ་ཐུགས་ཁུར་རྒྱབ་སྐྱོར་བྱེད་པ་དང་། མཚོ་བྱང་གི་ཐོན་ལས་ཀྱི་ལེགས་ཆ་གཞིར་བཟུང་། རང་འགུལ་ངང་གཉིས་ཕན་མཉམ་ལས་ཀྱི་མཐུན་ས་འཚོལ་ཞིབ་བྱེད་པ་དང་། རྒྱུན་མཐུད་སྒོས་གློག་དྲའི་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ། ཚན་རིག་དང་མཐུན་པའི་སྒོ་ནས་དྲ་སྒྲོམ་སྒྲིག་གཞི་བཀོད་སྒྲིག་བྱེད་པ། གློག་ཤུགས་ཕྱི་སྐྱེལ་བགྲོད་ལམ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ལྗང་མདོག་ཕྱོགས་བསྡུས་ནུས་རྒྱུ་གླིང་ཕྲན་བསྐྲུན་པ་དང་། སྟོང་ཧྥུ750ཡི་བཟོ་སྐྲུན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། འགག་རྩའི་ལྟེ་བའི་གློག་དྲ་འཆར་འགོད་དོན་འཁྱོལ་བྱེད་པ། རོང་འབྲོག་ཁུལ་གྱི་གློག་དྲ་སྒྱུར་བཀོད་དང་སྣུར་སྲིང་། གློག་ཤུགས་འཛད་སྤྱོད་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་གཙོ་གནད་ཐོག་རྒྱབ་སྐྱོར་དང་འགན་སྲུང་སྔར་ལས་ཆེ་བ་བྱས་ཏེ། ཕྱོགས་གཉིས་ཀྱི་བྱ་གཞག་འཕེལ་རྒྱས་ཐད་གཉིས་ཁེ་མཉམ་རྒྱལ་ཡོང་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ལ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་རྒྱུན་མཐུད་སྒོས་ཚོང་གཉེར་ཁོར་ཡུག་རྩེ་གྲ་བསྐྲུན་ནས་ཕྱོགས་གཉིས་དབར་གྱི་མཉམ་ལས་ལ་མཐུན་སྦྱོར་གཞོགས་འདེགས་བྱ་རྒྱུ་ཡིན་ཟེར།

02.jpg

ལུའུ་མིན་ཧུའེ་ཡིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་སྤྱི་གཉེར་ཁང་ལ་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་ནས་བཤད་རྒྱུར། ཧུར་བརྩོན་དང་རང་འགུལ་ངང་མཚོ་བྱང་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་། མཚོ་བྱང་གི“ལྔ་བཅོ་ལྔའི”འཕེལ་རྒྱས་ཀྱི་དགོས་མཁོ་དང་འབྲེལ་མཐུད་གཏིང་ཟབ་བྱས་ཏེ་མཉམ་ལས་ཁྱབ་ཁོངས་སྔར་ལས་རྒྱ་ཆེར་གཏོང་རྒྱུ་ཡིན་ཞིང་། རྒྱུན་མཐུད་སྒོས་གློག་དྲ་འཛུགས་སྐྲུན་ལ་མ་དངུལ་ཆེ་རུ་གཏོང་བ་དང་། གློག་དྲ་རིམ་སྤར་སྒྱུར་བཀོད་ཇེ་མགྱོགས་སུ་གཏོང་བ། གློག་ཤུགས་ལ་ཞབས་འདེགས་ཞུ་བའི་མཁོ་སྤྲོད་འགན་ལེན་ཆུ་ཚད་མཐོ་རུ་གཏོང་བ། སྟོང་ཧྥུ750ཡི་བཟོ་སྐྲུན་འཛུགས་སྐྲུན་དང་རོང་འབྲོག་ཁུལ་གྱི་གློག་དྲ་སྒྱུར་བཀོད་དང་སྣུར་སྲིང་སོགས་ཀྱི་བྱ་བར་གཙོ་གནད་ཐོག་སྐུལ་འདེད་བཏང་སྟེ་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་དེང་རབས་ཅན་འཛུགས་སྐྲུན་ལ་གློག་དྲའི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱ་རྒྱུ་ཡིན་ལ། དེ་དང་ཆབས་ཅིག མཚོ་བྱང་ཁུལ་གྱི་ཕུན་སུམ་ཚོགས་པའི་གསར་བརྗེའི་རིག་གནས་དང་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱེད་པ་དང་། མཚོ་བྱང་ཁེ་ལས་ཀྱི་གསར་བརྗེའི་སློབ་གསོའི་རྟེན་གཞིར་བརྩིས་ནས་ལས་བྱེད་ལས་བཟོ་བ་སྒྲིག་འཛུགས་བྱས་ཏེ་མཚོ་བྱང་དུ་ཡོང་ནས་ཏང་གཤིས་སློབ་གསོ་དང་ལས་བྱེད་པའི་གསོ་སྦྱོང་སྤེལ་རྒྱུ་ཡིན་ཟེར།

03.jpg

རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་སྤྱི་གཉེར་ཁང་གི་སྤྱི་གཉེར་བ་གཞོན་པའམ་བསམ་བློ་ཆབ་སྲིད་ལས་སྒྲུབ་པ་ལི་ཅན་དང་། འཕེལ་རྒྱས་ཇུས་འགོད་པུའི་ཀྲུའུ་རིན་ཁྲིན་ཡུན། ཁྲོམ་ར་ཚོང་གཉེར་པུའི་ཀྲུའུ་རིན་ཉིའུ་ཡན་ཞུང་། ཁུལ་གྱི་མགོ་ཁྲིད་ཚོ་ཅི་ཆང་དང་དེ་བཞིན་ཁུལ་འཕེལ་སྒྱུར་ཨུ་ལྷན་དང་། ཁུལ་བཟོ་འཕྲིན་ཅུ། རྒྱལ་ཁབ་གློག་དྲ་མཚོ་བྱང་གློག་འདོན་སྤྱི་གཉེར་ཁང་གི་འགན་འཁུར་བློ་མཐུན་བཅས་ཞུགས།


མཉམ་སྤྱོད།