དེ་རིང་ནི2025ལོའི་ཟླ11པའི་ཚེས09ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་ཧྭ་ཧའེ་ཀའོ་ཧྲིན་མ་འཇོག་མ་རྐང་སྟངས་འཛིན་ཚད་ཡོད་སྤྱི་གཉེར་ཁང་གི་ལས་འཛིན་པ་དབྱི་ཏུང་འཁོར་དང་བཅས་པར་བཞུགས་མོལ་གནང་།

2025-11-09 19:46:00   |   35

རྩོམ་སྒྲིག ཁོན་ཐར་ཚེ་རིང་། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ11པའི་ཚེས7ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་ཧྭ་ཧའེ་ཀའོ་ཧྲིན་མ་འཇོག་མ་རྐང་སྟངས་འཛིན་ཚད་ཡོད་སྤྱི་གཉེར་ཁང་གི་ལས་འཛིན་པ་དབྱི་ཏུང་འཁོར་དང་བཅས་པར་བཞུགས་མོལ་གནང་ལ། ཕྱོགས་གཉིས་ཀྱིས་དམའ་དབྱིངས་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་མགྱོགས་མྱུར་སྒོས་ལས་གཞི་དོན་འཁྱོལ་བྱེད་པ། རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་བར་དམིགས་ནས་བརྗེ་རེས་ཟབ་མོ་བྱས་ཤིང་། མཉམ་ལས་ཀྱི་འདོད་ཚུལ་གཅིག་མཐུན་བྱུང་།

01.jpg

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ཏེ་དབྱི་ཏུང་འཁོར་དང་བཅས་པ་ཕེབས་པར་དགའ་བསུ་ཞུས་ལ། མཚོ་བྱང་ཁུལ་གྱི་མཁའ་ཁོངས་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་སྐྱེ་ཁམས་ཀྱི་ལེགས་ཆ་མངོན་གསལ་དོད་ལ། 2024ལོར་ཁུལ་ཡོངས་ཀྱིས་ཁྱོན་ཡུལ་སྐོར་བ་མི་ཐེངས་ཁྲི1000ལྷག་སྣེ་ལེན་བྱས་པ་དང་། དམའ་དབྱིངས་དཔལ་འབྱོར་འཕེལ་རྒྱས་གཏོང་བར་སྲིད་ཇུས་ཀྱི་གོ་སྐབས་དང་ཐོན་ཁུངས་ཀྱི་ལེགས་ཆ་ཡོད་པས། སྤུས་གསར་ཐོན་སྐྱེད་ནུས་ཤུགས་གསོ་སྐྱོང་དང་རིག་གནས་ཡུལ་སྐོར་ཐོན་ལས་རིམ་སྤར་ལ་སྐུལ་འདེད་གཏོང་བའི་འགག་རྩའི་དམ་འཛིན་བྱ་གཞི་ཞིག་ཡིན་པའི་ངོས་འཛིན་བྱས། མིག་སྔར། མཚོ་བྱང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་བཞིན་ཡོད་པ་དང་། “243”འཕེལ་རྒྱས་ཀྱི་བཀོད་པ་འཛུགས་པ་དང་མགྱོགས་མྱུར་སྒོས་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱེད་པ། དམའ་དབྱིངས་དཔལ་འབྱོར་དང་སྤྱི་སྤྱོད་གནམ་ཐང་སོགས་ལས་གཞི་གལ་ཆེན་གཙོ་གནད་ཐོག་འཆར་འགོད་བྱེད་པ་དང་། མཚོ་སྔོན་པོ་དང་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང(འདེམས་སྒུག་ཁུལ)འཛུགས་སྐྲུན་ལ་བརྟེན་ནས། སྨོན་ལམ་མཐོན་པོ་དང་ལྷ་ཆབ་ཁུག ཨ་མྱེས་སྟོང་སོ། མེ་ལྷ་གངས་དཀར། སེམས་ཉིད་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་སོགས་ལྟེ་བའི་ལྗོངས་ཁུལ་ནུས་ཤུགས་ཡོད་རྒུས་བསྐྲུན་པ་དང་། “དམའ་དབྱིངས+རིག་གནས་ཡུལ་སྐོརIP”ཡི་ཁྱད་ལྡན་ལས་རྣམ་འཚོལ་ཞིབ་བྱས་ནས་བཏོད་དེ་ཡུལ་སྐོར་བ་རྣམས་ཀྱིས་བར་སྣང་ནས་མཚོ་སྔོན་པོའི་ཞལ་སྒོ་འབྱེད་པའི་ངོ་མཚར་བའི་མཛེས་ལྗོངས་ཧྲིལ་བོར་ལྟ་བ་དང་། ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དང་རྔམ་ཞིང་བརྗིད་ཆགས་པའི་གངས་རི་ལ་ལྟ་བ།  ལྐོག་གྱུར་དང་ངོ་མཚར་བའི་རྡུལ་ཕྲན་མཁར་གྱི་བཟོ་ཁུལ18ཀྱི་གནའ་ཤུལ་ལ་རྒྱུས་ལོན་བྱེད་དུ་བཅུག་ནས་སྐྱེ་ཁམས་དང་གསར་བརྗེའི་ཡུལ་སྐོར་གྱི་མཐོང་ཚོར་གསར་བ་རྩོམ་བཞིན་ཡོད། ཧྭ་ཧའེ་ཀའོ་ཧྲིན་མ་འཇོག་མ་རྐང་སྟངས་འཛིན་ཚད་ཡོད་སྤྱི་གཉེར་ཁང་གིས་དུས་མགོར་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་གན་རྒྱ་བཞག་པའི་རྨང་གཞིའི་ཐོག མཉམ་ལས་ཀྱི་ཞིབ་ཕྲའི་སྐོར་གྱི་གྲོས་མོལ་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བ་དང་། ལས་གཞི་མགྱོགས་མྱུར་སྒོས་དོན་འཁྱོལ་བྱས་ཏེ་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་བ་དང་། མཉམ་དུ་མཚོ་བྱང་གི“དམའ་དབྱིངས+རིག་གནས་ཡུལ་སྐོར”གྱི་ཆས་རྟགས་བཏོད་ནས་མཚོ་བྱང་གི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་གསར་བ་སྣོན་རྒྱུའི་རེ་བ་ཡོད་ལ། མཚོ་བྱང་ཁུལ་གྱིས་མུ་མཐུད་དུ་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་བཏང་སྟེ་ཁེ་ལས་ལ་བརྒྱུད་རིམ་ཧྲིལ་བོའི་འགན་ལེན་མཁོ་འདོན་བྱ་རྒྱུ་ཡིན་པར་མ་ཟད། ཧྭ་ཧའེ་ཀའོ་ཧྲིན་དང་མཉམ་དུ་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ་ཐུན་མོང་ཐོག་དམའ་དབྱིངས་འཕུར་སྐྱོད་ལྟ་སྐོར་དང་ཉམས་ཞིབ་སློབ་སྦྱོང་ཉམས་ལེན་སོགས་སྣ་མང་ཐོན་རྫས་རྒྱ་སྐྱེད་གཏོང་རྒྱུའི་རེ་སྒུག་ཡོད་ཟེར།

02.jpg

དབྱི་ཏུང་གིས་བཤད་རྒྱུར། ཧྭ་ཧའེ་ཀའོ་ཧྲིན་གྱིས་མཚོ་བྱང་གི་དམའ་དབྱིངས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་མི་མངོན་པའི་ནུས་པར་ཚད་མཐོའི་དོ་སྣང་བྱེད་པ་དང་། དེའི་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་དང་རིག་གནས་གནས་སྐོར་ཐོན་ཁུངས་ཀྱིས་མཉམ་ལས་ལ་རྒྱ་ཆེའི་བར་མཐོངས་མཁོ་འདོན་བྱས་ཡོད།   སྤྱི་གཉེར་ཁང་གིས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་དམའ་དབྱིངས་ཡུལ་སྐོར་ལས་གཞི་འཆར་བཀོད་དང་། སྐྱེ་ཁམས་ལྗང་མདོག་རྣམ་པའི་འཕུར་སྐྱོད་འཕྲུལ་ཆས་ཉེར་སྤྱོད། མཁའ་ལམ་ཇུས་འགོད་སོགས་ཀྱི་ཐད་འབྲེལ་མཐུད་གཏིང་ཟབ་བྱས་ཏེ་མཚོ་སྔོན་པོའི་དམའ་དབྱིངས་ལྟ་སྐོར་ར་བ་བསྐྲུན་རྒྱུར་རོགས་རམ་བྱེད་པ་དང་། “དམའ་དབྱིངས+ཡུལ་སྐོར”གྱི་ཐོན་ལས་འབྲེལ་ཐག་འཐུས་ཚང་དུ་བཏང་སྟེ། མཚོ་བྱང་ཁུལ་གྱི་དམའ་དབྱིངས་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

03.jpg

མཚོ་སྔོན་ཡུས་ཁྲིན་མཁའ་འགྲུལ་ཚད་ཡོད་སྤྱི་གཉེར་ཁང་གི་ལས་འཛིན་པ་ཧོ་ཞ་ནན་དང་། སྤྱི་གཉེར་བ་ཁྲིན་མིན་ཐེན། ཁུལ་གྱི་མགོ་ཁྲིད་ཚོ་ཅི་ཆང་དང་། ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་བཅས་ཞུགས།


མཉམ་སྤྱོད།