དེ་རིང་ནི2024ལོའི་ཟླ09པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-03-01 09:52:15   |   210

སྒྲིག་སྒྱུར།  སངས་དོན།  ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།  རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ཟླ2ཚེས28ཉིན། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྤྱི་བསྒྲགས་སྤེལ།

  • ཟླ2ཚེས28ཉིན། ཀྲུང་གུང་ཀྲུང་དབྱང་གིས་དམངས་གཙོའི་གྲོས་མོལ་ཚོགས་འདུ་འཚོགས་པ་དང་ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་གནང་།

  • ཟླ3ཚེས1ཉིན་པར་སྐྲུན་བྱས་པའི་《བདེན་འཚོལ》དུས་དེབ་ཐེངས5བའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་《དུས་རབས་གསར་བར་ཏང་དང་མི་དམངས་ཀྱིས་ཧུར་བརྩོན་མདུན་སྐྱོད་ཀྱི་བགྲོད་ལམ་གཅིག་པུ》ཞེས་པ་དེ་སྤེལ།

  • རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགྱུར་གཞུང་ལས་ཁང་གིས་བརྡ་ཁྱབ་བཏང་དོན། 2022ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཚན་གྱིས་ཚོགས་འདུ་གཉིས་ཀྱི་འཐུས་མི་དང་ཨུ་ཡོན་གྱི་བསམ་འཆར་དང་གྲོས་མགོ་ཁག4100ལྷག་དང་ལེན་བྱས་པ་དང་། འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས་ཁག2100ཙམ་བཏོན་ཡོད།

  • རྒྱལ་ཁབ་སྡོམ་རྩིས་ཅུ་ཡིས་སྤྱི་བསྒྲགས་བྱས་དོན། 2022ལོར་རང་རྒྱལ་གྱི་སྒོར་ཁྲི་ཅན་གྱིGDPནུས་ཁུངས་ཟད་གྲོན་ལོ་གོང་མ་ལས0.1%ཆག་པ་དང་། དབྱང་གཉིས་ཐཱན་འགྱུར་ཕྱིར་འབུད་བྱེད་ཚད་སྒོར་ཁྲི་ཅན་གྱིGDPམར་ཆག་ཡོད།

  • སློབ་གསོ་པུའི་བརྡ་ཐོས་དྲ་ཕྱིའི་སློབ་ཁྲིད་ཕྱོགས་ཡོངས་ནས་སྤེལ་དགོས་པ་ལས། ལུས་རྩལ་སློབ་ཁྲིད་བྱེད་སྒོ་རང་དགར་སྤེལ་མཚམས་འཇོག་མི་རུང་བའི་བླང་བྱ་བཏོན་ཡོད།

a.png


  • ཉེ་ཆར། རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་བར་སྣང་ས་ཚིགས་ཀྱི་འོད་རྡུལ་ཕྲ་མཐོང་ཤེལ་(显微镜)ལ་འཇིག་རྟེན་འཕུར་སྐྱོད་པའི་པགས་པའི་རྩ་གསུམ་པར་རིས་ཐོག་མར་ཐོབ་ཡོད།

b.jpg


  • ཟླ2ཚེས27ཉིན། འཛམ་གླིང་གི་ཆུ་ཤུགས་གློག་ཁང་ཆེ་གྲས་གཉིས་པ་སྟེ། པེ་ཧོ་ཐན་(白鹤滩)ཆུ་ཤུགས་གློག་ཁང་གི་ཆན་ཝ་ཁྲི་བརྒྱ་ཡིན་པའི་འཕྲུལ་ཚན16ཚང་མ་ཞིབ་བཤེར་རྩིས་ལེན་བྱས་པ་རེད།

  • ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཟླ2ཚེས28ཉིན་ཐེ་ཝན་གྱི་གནད་དོན་ནི་ཀྲུང་ཨའི་འབྲེལ་བའི་བརྒལ་ཐབས་མེད་པའི་དམར་ཐིག་དང་པོ་དེ་ཡིན་པས། ཨ་རི་ཕྱོགས་ལ་ཐེ་ཝན་གྱི་གནད་དོན་ཐད་གང་བྱུང་དུ་སྨྲ་བ་མཚམས་འཇོག་བྱེད་དགོས་པའི་ཁ་ཏ་བྱས།

  • ཟླ2ཚེས27ཉིན། ཨ་ཀེན་ཐིན་གྱི་སྤོ་ལོ་རྒྱག་མཁན་མེ་ཤིས་ལ2022ལོའི་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ལོ་འཁོར་གྱི་སྤོ་ལོ་རྒྱག་མཁན་ཡག་ཤོས་ཀྱི་བྱ་དགའ་ཐོབ་པ་རེད།

སྤྱི་ཚོགས།

  • ཆུ་བེད་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་བའི་ལོ་ལྔའི་རིང་བཅོས་སྒྲིག་བྱས་པ་བརྒྱུད། ཧྭ་བྱང(华北)་ས་ཁུལ་གྱི་ས་འོག་ཆུའི་ཆུ་ཁ་ལོ་རེ་བཞིན་དམའ་རུ་འགྲོ་བའི་རྣམ་པ་རྩ་བའི་ཆ་ནས་འགྱུར་ལྡོག་ཕྱིན་ནས་ས་འོག་གི་ཆུའི་ཆུ་ཁ་སྤྱིའི་ཆ་ནས་མཐོ་རུ་ཕྱིན་ཡོད་པ་རེད།

  • ཞིང་ལས་དང་གྲོང་གསེབ་པུས་བརྟག་དཔྱད་བྱས་པ་ལས་མངོན་པ་ལྟར་ན། རང་རྒྱལ་གྱི་འབྲི་ཆུའི་ཆུ་ཕག་(江豚)ཁྱུ་ཚོགས་ཀྱི་གྲངས་འབོར་མང་དུ་ཕྱིན་ནས་མགོ་གྲངས1200ལས་བརྒལ་ཡོད་པ་རེད།

  • ཉེ་ཆར། ཧོ་པེ་(河北)ཞིབ་དཔྱོད་ལས་ཁུངས་ཀྱིས་ལེའོ་ཉིང་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞི་གཞོན་པ་སུན་ཡོན་ལེང་གིས་ལྐོག་རྔན་བླངས་པ་དང་ཤུགས་རྐྱེན་ཐེབས་ཤུགས་སྤྱད་དེ་ལྐོག་རྔན་བླངས་པའི་གྱོད་གཞིར་ཁྲིམས་ལྟར་གཞུང་གཏུག་བྱས།

  • ཉེ་ཆར། ཧྲན་ཏུང་(山东)ཞིབ་དཔྱོད་ལས་ཁུངས་ཀྱིས་ཀྲུང་གོ་མཉམ་འབྲེལ་དྲ་རྒྱའི་འཕྲིན་གཏོང་ཚོགས་པ་ཚད་ཡོད་ཀུང་སིའི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་། སྤྱི་ཁྱབ་ལས་གཉེར། ལས་འཛིན་པ་ལི་གོ་ཧྭས་ལྐོག་རྔན་བླངས་པའི་དོགས་གཞི་དང་འགན་དབང་གང་བྱུང་དུ་སྤྱད་པའི་གྱོད་གཞིར་ཁྲིམས་ལྟར་གཞུང་གཏུག་བྱས་པ་རེད།

  • ཉེ་ཆར། ཧུའུ་ནན་(湖南)ཞིབ་དཔྱོད་ལས་ཁུངས་ཀྱིས་ཚོང་འགུགས་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སིའི་དེ་སྔའི་ཏང་ཨུའི་ཧྲུའུ་ཅི། ཧང་ཀྲང་ཐེན་ཧུའེ་ཡུས་ཀྱིས་ལྐོག་རྔན་བླངས་པའི་དོགས་གཞི་དང་། གཞུང་ཁོངས་ཀུང་སིའི་མི་སྣས་འགན་དབང་གང་བྱུང་དུ་སྤྱོད་པ། ཡོངས་བསྒྲགས་མ་བྱས་པའི་ཆ་འཕྲིན་ཉོ་ཚོང་དང་ནང་ཁུལ་ཉོ་ཚོང་། ནང་ཁུལ་ཆ་འཕྲིན་ཕྱིར་གྱར་བཅས་ཀྱི་གྱོད་གཞི་ཁྲིམས་ལྟར་གཞུང་གཏུག་བྱས་པ་རེད།

  • པེ་ཅིང་གི་ནད་ཡམས་སྔོན་འགོག་ཚོད་འཛིན་གྱིས་ཅ་རིགས་(甲流患儿)ཆམ་པ་བྱུང་བའི་བྱིས་པའི་ལུས་དྲོད་རྒྱུན་གཏན་ལྟར་སླར་གསོ་བྱུང་བ་དང་། ནད་གཞི་གཞན་དག་མེད་པར་གྱུར་ནས་ཆུ་ཚོད48སོང་རྗེས་སློབ་ཁྲིད་སླར་གསོ་བྱེད་ཆོག་པའི་དྲན་སྐུལ་བྱས་པ་རེད།

  • ཧྲང་ཧེ་གྲོང་ཁྱེར་འཛད་སྤྱོད་པའི་སྲུང་སྐྱོང་ཨུ་ལྷན་གྱིས་བརྟག་དཔྱད་བྱས་པ་ལས་ཤེས་རྟོགས་བྱུང་བ་ནི། 106འཕྲིན་ཐུང་དེར་ཉ་ཉོག་མང་པོ་འདྲེས་ཡོད་པས། གད་སྙིགས་འཕྲིན་ཐུང་གི་འབྱུང་ཁུངས་ཆེ་ཤོས་སུ་གྱུར་ཡོད་པ་དེ་རེད། 

c.jpg


  • ཟླ2ཚེས28ཉིན། གོ་ལ་ཧྲིལ་པོའི་ཤོང་ཚད་ཆེ་བའི་གློག་རྫས་མཉམ་འགུལ་འགྲུལ་སྐྱེལ་གྲུ་གཟིངས་ཐོག་མ་དེ་ཀོང་ཀྲོའུ་(广州)རུ་རྩིས་སྤྲོད་བྱས། གྲུ་གཟིངས་འདི་གྲུ་མགོ་དང་གྲུ་སྣེ་ཕྱོགས་གཉིས་ནས་མདུན་དུ་སྐྱོད་ཆོག་པས། གྲུ་ཁ་ནས་ཁ་ལོ་འཁོར་མི་དགོས་པ་ཡིན།

d.jpg

  • ཉེ་ཆར། ཧོ་ནན་ལུའོ་དབྱང་སུའུ་དབྱང་(河南洛阳苏羊遗址)གནའ་ཤུལ་གནའ་རྫས་རྟོག་ཞིབ་ལས་ལོ་ངོ6000ཙམ་གྱི་གོང་འགོག་སྲུང་རང་བཞིན་གྱི་འཛིང་རགས་ཤིག་ཤེས་རྟོགས་བྱུང་ཡོད། དེ་ནི་དབྱང་ཧྲའོ་དུས་སྐབས་ཀྱི་སྤྱི་ཚོགས་རྙོག་འཛིང་ཅན་གྱི་ཞིབ་ཕྲའི་མཚོན་ཚུལ་ཞིག་རེད།

  • སི་ཁྲོན་རུང་རྫོང་(荣县)སྤྱི་བདེ་ཡིས་དྲ་རྒྱའི་ཉེས་གསོག་གྱོད་གཞི་ཞིག་མྱུལ་ཞིབ་བྱེད་རིང་། རྒྱུ་ནོར་སྒོར་ཁྲི1500ལྷག་ཙམ་ཞིབ་བཤེར་བཀག་ཉར་བྱས་ཡོད། འོན་ཀྱང་དེ་སྔའི་བདག་པོ་གསལ་པོ་མེད། གནོད་འཚེ་ཕོག་མཁན་གྱིས་གོ་ཆོད་པའི་དཔང་ཡིག་ལ་བརྟེན་ནས་ངོས་འཛིན་རྩིས་ལེན་བྱེད་དུ་ཡོང་ཆོག

e.jpg


  • ཟླ2ཚེས26ཉིན། ཝུའུ་ཧན་ཞེ་ཧོ་(武汉协和)སྨན་ཁང་གིས་ཟླ་བ་གཉིས་མ་ལོན་པའི་ཕྲུ་གུ་དམར་འབྱར་མ་ཁྲིན་ཁྲིན་ལ་སྙིང་བརྗེ་བའི་གཤགས་བཅོས་ལེགས་གྲུབ་བྱུང་ཞིང་། དེ་ནི་ཨེ་ཤེ་ཡའི་ལོ་ན་ཆེས་ཆུང་བའི་སྙིང་བརྗེ་བའི་ཟིན་ཐོ་བཏོད་པ་རེད།

སྲིད་ཇུས།

  • པེ་ཅིང་གིས་བརྡ་ཁྱབ་ཡོངས་བསྒྲགས་ཀྱི་བྱ་སྤྱོད་སྔར་བས་ཚད་ལྡན་དུ་བཏང་ནས་དྲ་ངོས་སུ་མཆོང་ལྡིང་རྣམ་པའི་མངོན་པའི་བརྡ་ཁྱབ་དེར། ཁ་བསུམ་པའི་མཚོན་རྟགས་གསལ་པོར་འགོད་དགོས་པ་དང་། མཐེབ་གནོན་གཅིག་གིས་ཁ་བསུམ་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ཁ་གསལ་བཏོན་ཡོད།

  • 《ཀྲེ་ཅང་ཞིང་ཆེན་གྱི་གྲོང་གསེབ་གནས་སྐོར་སྐུལ་འདེད་བྱེད་ཐབས》ཁྱབ་བསྒྲགས་བྱས་ནས་གྲོང་གསེབ་ཀྱི་ལུས་སྦྱོང་སྤྲོ་གསེང་དང་རི་ཁུལ་གྱི་ཕྱི་རོལ་ལུས་རྩལ་སོགས་འཕེལ་རྒྱས་གཏོང་རྒྱུར་སྐུལ་ལྕག་བཏང་ནས། ལུས་རྩལ་དང་ལུས་སྦྱོང་དེ་གྲོང་གསེབ་ཀྱི་གནས་སྐོར་ཐོན་ལས་དང་མཉམ་འདྲེས་ཡོང་རྒྱུར་སྐུལ་འདེད་བཏང་ཡོད།

  • ཧྲེན་ཀྲེན་(深圳)གྱིས་ཁེར་རྐྱང་བཟོ་ཚོང་དུད་ཚང་སྐྱེད་སྲིང་དང་རོགས་སྐྱོར་བྱེད་པའི་བྱེད་ཐབས་ཁག11བཏོན་ནས། ཁེར་རྐྱང་བཟོ་ཚོང་དུད་ཚང་ཕྱོགས་སྒྱུར་རིམ་སྤོར་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། ཕྱོགས་སྒྱུར་བྱས་རྗེས་དུད་ཚང་རེར་བྱ་དགའ་སྒོར་ཁྲི1ལས་མི་ཉུང་བ་སྤྲོད་རྒྱུ་ཁ་གསལ་བཏོན་ཡོད།

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས། ནང་སོག་གི་བྱང་ཤར་རྒྱུད་དང་། ཧེ་ལུང་ཅང་གི་ས་ཆ་མང་ཆེ་བ། ཅི་ལིན་ཤར་རྒྱུད། བོད་ལྗོངས་ཀྱི་བྱང་རྒྱུད། ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་བ་ནས་འབྲིང་བའམ་ཡང་ན་ཆར་པ་འབབ་ཀྱི་རེད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད། འབྲི་ཆུའི་ལྷོ་རྒྱུད་ཀྱི་ནུབ་བྱང་རྒྱུད། ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་ཆུང་བ་ནས་འབྲིང་བར་འབབ་ཀྱི་རེད།

    f.jpg

 

  • ཁྲུང་ཆིང་(重庆)།  ཚེས10ཉིན་ནས་བཟུང་། ལྟེ་བའི་གྲོང་ཁུལ་གྱི་འདུ་འཛི་ཆེ་བའི་དུས་མཚམས་ཀྱི་བསྣོལ་བགྲོད་ཟམ་པ་དང་ཕུག་ལམ་ཏཱ་ཧྥོ་དགོན་འབྲི་ཆུའི་ཟམ་ཆེན་དང་(大佛寺长江大桥)། ཧུང་ཡན་གྲོང་ཚོའི་ཟམ་ཆེན(红岩村大桥)། མཱ་སང་ཤིས་འབྲི་ཆུའི་ཟམ་ཆེན(马桑溪长江大桥)། ལི་ཅ་ཐོག་ཟམ་ཆེན་(李家沱大桥)བཅས་གསར་སྣོན་བྱས་ཡོད།

  •  ཞ་མོན(厦门)། དེ་རིང་ནས་བཟུང་། གྲོང་ཁྱེར་མི་དམངས་ལུས་རྩལ་ཐང་བཀག་སྡོམ་སྒྱུར་བཀོད་བྱས་པ་དང་། སྔོན་དཔག་བྱས་ན་ཟླ6ཚེས30ཉིན་སྒྱུར་བཀོད་ལེགས་གྲུབ་ཐུབ་རྒྱུ་རེད།


མཉམ་སྤྱོད།