དེ་རིང་ནི2024ལོའི་ཟླ09པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲུང་དབྱང་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས༢པའི་སྤྱི་བསྒྲགས།

2023-03-01 09:59:03   |   110

རྩོམ་སྒྲིག  སངས་དོན་།    ཡོང་ཁུངས།  ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།   བཤེར་འབེབས།  རིན་ཆེན་ཚེ་རིང་། 


ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྤྱི་བསྒྲགས།

(སྤྱི་ལོ་2023ལོའི་ཟླ་2ཚེས་28ཉིན་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གྲོས་འཆམ་བྱུང་བ། )

     ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དེ་སྤྱི་ལོ་2023ལོའི་ཟླ་2ཚེས་26ཉིན་ནས་ཚེས་28ཉིན་བར་པེ་ཅིང་དུ་འཚོགས་ཡོད་པ་རེད། 

     ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ལ་ཀྲུང་དབྱང་ཨུ་ཡོན་203དང་ཀྲུང་དབྱང་རྗེས་སྣོན་ཨུ་ཡོན་170ཞུགས་པ་དང་། ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་དང་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་ཟུར་ཞུགས་གནང་ཡོད་པ་རེད། 

     ཚང་འཛོམས་གྲོས་ཚོགས་དེ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གཙོ་སྐྱོང་གནང་བ་དང་། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་རེད། 

     ཚང་འཛོམས་གྲོས་ཚོགས་ཐོག ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མངགས་བཅོལ་ལྟར་གནང་བའི་ལས་དོན་སྙན་ཞུ་གསན་པ་དང་དེར་གྲོས་བསྡུར་གནང་བ་དང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཏང་ཕྱི་ནང་གི་བསམ་འཆར་རྒྱ་ཁྱབ་ངང་གསན་པ་དང་གྲོས་བསྡུར་ཡང་ཡང་གནང་བའི་རྨང་གཞིའི་ཐོག་བཏོན་ཞིང་། སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་གྲོས་ཚོགས་ཐེངས་དང་པོར་འོས་སྦྱོར་ཞུ་རྩིས་ཡོད་པའི་རྒྱལ་ཁབ་ལས་ཁུངས་ཀྱི་འགོ་ཁྲིད་ཀྱི་འོས་འདེམས་མི་སྣའི་གྲོས་འགོའི་མིང་ཐོ་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོར་འོས་སྦྱོར་ཞུ་རྩིས་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་འགོ་ཁྲིད་ཀྱི་འོས་འདེམས་མི་སྣའི་གྲོས་འགོའི་མིང་ཐོར་གྲོས་ཞིབ་གནང་བ་བརྒྱུད་གྲོས་འཆམ་བྱུང་བ་དང་། གྲོས་འགོའི་མིང་ཐོ་དེ་གཉིས་ཁག་སོ་སོར་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པ་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པར་འོས་སྦྱོར་ཞུ་རྒྱུའི་ཐག་བཅད་ཡོད་པ་རེད།  བསམ་འཆར་རྒྱ་ཁྱབ་ངང་བསྡུ་ལེན་གནང་བའི་རྨང་གཞིའི་ཐོག་བཏོན་པའི་《ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བསྒྱུར་བཅོས་ཇུས་གཞི》ལ་གྲོས་ཞིབ་གནང་བ་བརྒྱུད་གྲོས་འཆམ་བྱུང་བ་རེད། ཞི་ཅིན་ཕིང་གིས་《ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བསྒྱུར་བཅོས་ཇུས་གཞི(འཆར་ཟིན་)》ཡི་སྐོར་ལ་ཚང་འཛོམས་གྲོས་ཚོགས་ཐོག་གསལ་བཤད་གནང་བ་རེད། ཚང་འཛོམས་གྲོས་ཚོགས་ཀྱིས་《ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བསྒྱུར་བཅོས་ཇུས་གཞི》ཡི་ནང་དོན་གྱི་ཆ་ཤས་ཤིག་ཁྲིམས་གཏན་འཁེལ་བའི་གོ་རིམ་ལྟར་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་གྲོས་ཚོགས་ཐེངས་དང་པོར་གྲོས་ཞིབ་གནང་རྒྱུར་འབུལ་རྒྱུའི་མོས་མཐུན་གནང་བ་རེད། 

    ཚང་འཛོམས་གྲོས་ཚོགས་ཐོག ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་ཚུན་གྱི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ལས་དོན་ལ་ཁས་ལེན་གང་ལེགས་གནང་ཡོད། ཚང་མས་མགྲིན་གཅིག་ཏུ། ཛ་དྲག་ཆེ་ཞིང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་དང་དཀའ་ཚེགས་ཆེ་ཞིང་ལྗིད་རྫོབ་ཆེ་བའི་རྒྱལ་ནང་གི་བསྒྱུར་བཅོས་དང་འཕེལ་རྒྱས་བརྟན་ལྷིང་བཅས་གསུམ་གྱི་ལས་འགན་མདུན་དུ། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་སྒྲེང་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་ཐོག་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་ཀྱིས་རྒྱལ་ནང་དང་རྒྱལ་སྤྱིའི་གནས་བབ་ཆེན་པོ་གཉིས་ལ་གཅིག་གྱུར་འཆར་འགོད་སྔར་ལས་ལེགས་པར་བྱས་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུར་གཅིག་གྱུར་འཆར་འགོད་སྔར་ལས་ལེགས་པར་བྱས་པ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་སྔར་ལས་ལེགས་པར་བྱས་པ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་ལེན་བཅས་བྱེད་པའི་ཚ་རླབས་འཕྱུར་བ། བློ་མཐུན་ཅང་ཙེ་རྨིན་ལ་མྱ་ངན་གཟབ་རྒྱས་ཞུས་པ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་སྐབས་བརྗེའི་གྲ་སྒྲིག་ལས་ཀ་ལེགས་པར་བསྒྲུབས་པ། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་ཐབས་འགུལ་རྣམ་ཅན་གྱི་ལེགས་སྒྲིག་བྱས་པ། དཔལ་འབྱོར་བརྟན་པོའི་ངང་བསྐྱར་འཕར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ཤུགས་སྣོན་བརྒྱབ་པ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཁྲིམས་སྐྱོང་འཛུགས་སྐྱོང་དང་བསམ་བློ་རིག་གནས་དྲིལ་བསྒྲགས་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ། དམངས་འཚོ་འགན་ལེན་དང་ལེགས་སུ་ཏན་ཏིག་བཏང་བ། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱི་རྒྱང་སྐྱོད་ལམ་བུ་གསར་པ་བཏོད་པ། ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་སྔར་བས་གཏིང་ཟབ་ཏུ་བཏང་ནས་ལས་དོན་ཁག་ལ་འཕེལ་རིམ་གསར་པ་ཐོན་ཡོད་པའི་ངོས་འཛིན་གནང་ཡོད། 

     ཚང་འཛོམས་གྲོས་ཚོགས་ཐོག སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོ་ཡག་པོ་འཚོགས་རྒྱུ་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་པར་སྐུལ་སློང་སྔར་བས་ལྷག་པ་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད་ཅེས་ནན་སྟོན་གནང་ཡོད། 

     ཚང་འཛོམས་གྲོས་ཚོགས་ཐོག  ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དེ་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་། མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས། ལེགས་སྒྱུར་མཐུན་སྦྱོར་ལས་ཆོད་ཆེ་བ་བཅས་རྒྱུན་འཁྱོངས། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་རྩ་དོན་རྒྱུན་འཁྱོངས་བཅས་བྱེད་པའི་རྩ་དོན་ལྟར་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བསྒྱུར་བཅོས་གཏིང་ཟབ་ཏུ་བཏང་ཐོག ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་ཀྱི་འགན་ནུས་དེ་བརྒྱུད་རིམ་རང་བཞིན་དང་ཁྱོན་ཡོངས་རང་བཞིན་གྱི་བསྐྱར་སྒྲིག་བྱུང་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་རྒྱུར་འགན་ལེན་ནུས་ལྡན་བྱས་ཡོད་ལ། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བསྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་ཆེད་རྩ་ཆེའི་ཉམས་མྱོང་ཡང་གསོག་འཇོག་བྱས་ཡོད་པའི་ངོས་འཛིན་གནང་ཡོད་པ་རེད།

     ཚང་འཛོམས་གྲོས་ཚོགས་ཐོག ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་ལས་ཁུངས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་བཀོད་སྒྲིག་གལ་ཆེན་གནང་ཡོད་པས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་དང་གཏིང་ཟབ་ལྡན་ཡོད། ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ཐོག ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུས་སྤྱི་འདོམས་བྱེད་པ་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་ཁྲིད་སྟོན་དུ་འཛིན་པ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ། “གནས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་དང་“ཁྱོན་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བའི་བླང་བྱ་དང་འཚམ་པར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དགོས་མཁོ་དང་འཚམ་པར་བྱེད་པ། གནད་དོན་གྱི་ཁྲིད་སྟོན་རྒྱུན་འཁྱོངས་བྱེད་པ། ཏང་ཀྲུང་དབྱང་གི་ལས་ཁུངས་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ལས་ཁུངས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས། རྒྱལ་ཡོངས་སྲིད་གྲོས་ཀྱི་ལས་ཁུངས་བཅས་ལ་གཅིག་གྱུར་འཆར་འགོད་བྱེད་པ། ཀྲུང་དབྱང་དང་ས་གནས་ལ་གཅིག་གྱུར་འཆར་འགོད་བྱེད་པ། གཙོ་གནད་ཁྱབ་ཁོངས་ཀྱི་ལས་ཁུངས་བསྒྱུར་བཅོས་ཟབ་ཏུ་གཏོང་བ། ཏང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྱོང་ལ་འགོ་ཁྲིད་བྱ་རྒྱུར་སྐུལ་འདེད་བཏང་ནས་ལས་ཁུངས་བཀོད་སྒྲིག་སྔར་བས་ཚན་རིག་དང་མཐུན་པ་དང་། འགན་ནུས་བཀོད་སྒྲིག་སྔར་ལས་ལེགས་པ། སྒྲིག་སྲོལ་དང་ལམ་སྲོལ་སྔར་ལས་འཐུས་ཚང་། འཁོར་སྐྱོད་དོ་དམ་སྔར་ལས་ཕན་ནུས་ཆེ་བ་བཅས་ཡོང་བ་བྱ་དགོས་ཞེས་བསྟན་ཡོད།

     ཚང་འཛོམས་གྲོས་ཚོགས་ཐོག ས་ཁུལ་ཁག་དང་སྡེ་ཁག་ཁག་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་གནས་བབ་ཧྲིལ་པོའི་མཐོ་ཚད་ཐོག་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བསྒྱུར་བཅོས་བྱེད་པའི་གལ་ཆེའི་རང་བཞིན་དང་ཁ་ཚ་དགོས་གཏུག་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། “འདུ་ཤེས་བཞི”ཆེ་རུ་གཏོང་བ། “བློ་སྤོབས་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས” ཐུབ་པ་བཅས་བྱས་ཏེ། བསམ་བློ་དང་བྱ་སྤྱོད་རང་འགུལ་ངང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གི་དབང་གྲགས་རང་བཞིན་དང་སྒམ་ནན་རང་བཞིན་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། བསྒྱུར་བཅོས་ཀྱི་སེམས་ཤུགས་དང་ཆོད་སེམས་བརྟན་དུ་གཏོང་བ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། ལས་ཁུངས་བསྒྱུར་བཅོས་ཀྱི་ལས་འགན་ཆད་ལུས་མེད་པར་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད། 

     ཚང་འཛོམས་གྲོས་ཚོགས་ཐོག ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་དོན་འཁྱོལ་བཅས་གཏིང་ཟབ་བྱ་རྒྱུ་ནི་མིག་སྔ་དང་སླད་ཕྱིན་དུས་མཚམས་ཤིག་རིང་གི་ཏང་ཡོངས་ཀྱི་ཆབ་སྲིད་ཀྱི་ལས་འགན་གལ་ཆེ་ཤོས་དེ་ཡིན་པས།  སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བཅས་གཏིང་ཟབ་ས་དང་དངོས་དོན་གཉེར་བའི་ཕྱོགས་སུ་སྐུལ་འདེད་གཏོང་དགོས། མ་ཕྱི་ཕུན་སུམ་ཚོགས་སུ་གཏོང་བ་དང་བྱེད་ཐབས་གསར་གཏོད་བྱས་ཏེ། མི་དམངས་མང་ཚོགས་ལྟ་འདོད་ལ་ཉན་སྤྲོ་བའི་རྣམ་པའི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དེ་ལས་ཁུངས་དང་ཁེ་ལས། བྱ་གཞག་ཚན་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ། སློབ་གྲྭ། དམག་སྒར། རིགས་ཁག་གི་དཔལ་འབྱོར་སྒྲིག་འཛུགས་གསར་པ་དང་སྤྱི་ཚོགས་སྒྲིག་འཛུགས་གསར་པ། དྲ་ཚིགས་བཅས་སུ་ཁྱབ་གདལ་གཏོང་རྒྱུར་སྐུལ་འདེད་བཏང་སྟེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མི་སེམས་ལ་དངོས་འབྲེལ་དང་གཏིང་ཟབ་ཟུག་ཐུབ་པ་བྱ་དགོས། འགོ་ཁྲིད་ལས་བྱེད་པས་ཁྱོན་ཡོངས་ནས་སློབ་སྦྱོང་དང་། ཁྱོན་ཡོངས་ནས་ཁོང་དུ་ཆུད་པ། ཁྱོན་ཡོངས་ནས་དོན་འཁྱོལ་བཅས་བྱ་རྒྱུའི་ཐད་མུ་མཐུད་མིག་དཔེ་འདོན་པ་དང་། དུས་རབས་གསར་པའི་ལོ་བཅུའི་འཕོ་འགྱུར་རླབས་པོ་ཆེའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ། དེ་བཞིན་དེའི་ཁྲོད་ཀྱི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་བཅས་ཁོང་དུ་ཡང་དག་ཆུད་པར་བྱེད་པ། དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་དམིགས་འབེན་ལས་འགན་དང་འཐབ་ཇུས་བཀོད་སྒྲིག བྱེད་ཐབས་གལ་ཆེན་བཅས་ཁྱོན་ཡོངས་ནས་ཁོང་དུ་ཆུད་པར་བྱེད་པ། རང་ས་ཁུལ་དང་རང་སྡེ་ཁག་གི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་དམ་ཟབ་བྱས་པའི་ཞིབ་ཕྲའི་ཇུས་གཞི་དང་ཞིབ་ཕྲའི་བྱ་ཐབས་གཏན་འབེབས་ཡག་པོ་དང་ལག་བསྟར་ཡག་པོ་བྱས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དོན་འཁྱོལ་ཏན་ཏིག་ཐུབ་པ་བྱེད་དགོས་པའི་ངོས་འཛིན་གནང་ཡོད། 

     ཚང་འཛོམས་གྲོས་ཚོགས་ཐོག  མིག་སྔར་འཛམ་གླིང་ལ་ལོ་བརྒྱར་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་མགྱོགས་མྱུར་ངང་འབྱུང་བཞིན་ཡོད་པ་དང་། འཛམ་གླིང་འདི་ཉིད་ཟང་ཟིང་གི་འཕོ་འགྱུར་དུས་མཚམས་གསར་པར་སླེབས་ཡོད། རང་རྒྱལ་གྱི་འཕེལ་རྒྱས་འདི་ཉིད་འཐབ་ཇུས་གོ་སྐབས་དང་ཉེན་ཁ་དང་འགྲན་རྩོད་མཉམ་དུ་གནས་པ་དང་། གཏན་འཁེལ་མེད་པ་དང་སྔོན་དཔག་དཀའ་བའི་རྒྱུ་རྐྱེན་མང་དུ་འགྲོ་བའི་དུས་མཚམས་སུ་སླེབས་ཡོད་པས། ངེས་པར་དུ་དྲག་ཆར་རླུང་འཚུབ་དང་ཐ་ན་རྦ་རླབས་དྲག་པོའི་ཚོད་བགམ་ཆེན་པོ་ཐེག་པར་བྱེད་པའི་གྲ་སྒྲིག་བྱེད་དགོས། རང་རྒྱལ་གྱི་བསྒྱུར་བཅོས་དང་འཕེལ་རྒྱས་བརྟན་ལྷིང་བཅས་ལ་བང་རིམ་མི་འདྲ་བའི་འགལ་ཟླ་སྔར་བཞིན་གནས་ཡོད་པ་དང་། དགོས་མཁོ་ཆུང་དུ་འགྲོ་བ་དང་མཁོ་སྤྲོད་ལ་བརྡབ་གསིག་ཕོག་པ། སྔོན་དཔག་ཉམས་ཞན་དུ་འགྲོ་བ་བཅས་གནོན་ཤུགས་གསུམ་སྔར་བཞིན་ཆེན་པོ་ཡོད། དཔལ་འབྱོར་སླར་གསོའི་རྨང་གཞི་ད་དུང་བརྟན་པོ་མེད་པ་དང་། སྔོན་དཔག་ལས་བརྒལ་བའི་རྒྱུ་རྐྱེན་སྣ་ཚོགས་དུས་ཚོད་གང་རུང་ལ་ཐོན་ཉེན་ཡོད། ཏང་ཡོངས་ཀྱི་བློ་མཐུན་ཚོས་ངེས་པར་དུ་སེམས་ཤུགས་བརྟན་དུ་གཏོང་བ་དང་འཐབ་ཇུས་ཀྱི་རིག་པ་དྭངས་གསལ་རྒྱུན་འཁྱོངས་བྱེད་པ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། གཅིག་གྱུར་འཆར་འགོད་དེ་བས་ལེགས་པ་གསུམ་སྒྲུབ་ཐུབ་པ་བཅས་བྱས་ཏེ། འབད་བརྩོན་ཆེན་པོས་འདི་ལོའི་དམིགས་འབེན་ལས་འགན་ཁག་མངོན་འགྱུར་ཡོང་བ་བྱེད་དགོས། འཕེལ་རྒྱས་གྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་གནད་ལ་འཕིགས་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་གྱི་གནས་སྟངས་གསར་པ་གང་མགྱོགས་འཛུགས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱེད་དགོས། དུས་མཚམས་གསར་པའི་རིམས་ནད་སྔོན་འགོག་ཚོད་འཛིན་སྐོར་གྱི་ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱེད་པ་དང་། རིགས་ཁ་པར་ཁ་པའི་དོ་དམ་བྱེད་པའི་བྱ་ཐབས་ཁག་དོན་འཁྱོལ་ཡག་པོ་བྱེད་དགོས། འབད་བརྩོན་ཆེན་པོས་ནང་མཁོ་རྒྱ་སྐྱེད་གཏོང་བ་དང་། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་ལྡེམ་ཤུགས་དང་བདེ་འཇགས་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་བ། ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་སྔར་བས་ལེགས་སུ་གཏོང་བ། དཔལ་འབྱོར་དང་དངུལ་རྩའི་ཉེན་ཁ་ཆེན་པོ་སྔོན་འགོག་དང་སེལ་ཐབས་ནུས་ལྡན་བྱེད་པ་བཅས་བྱས་ཏེ། མ་ལག་རང་བཞིན་གྱི་ཉེན་ཁ་མི་ཐོན་པ་བྱེད་པའི་མཐའ་ཐིག་བརྟན་སྲུང་བྱེད་དགོས། དམངས་འཚོ་འགན་ལེན་དང་ལེགས་བཅོས་བྱེད་པའི་ལས་དོན་ཁག་ལ་ཤུགས་སྣོན་རྒྱག་པ་དང་། ལས་ཞུགས་སྔོན་ལ་འཇོག་པའི་སྲིད་ཇུས་དོན་འཁྱོལ་ཞིབ་ཚགས་བྱེད་པ། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་ཡག་པོ་བྱེད་པ། སྤྱི་ཚོགས་འགན་སྲུང་དྲ་བ་བརྟན་པོ་འཛུགས་པ། སྨན་བཅོས་འཕྲོད་བསྟེན་དང་ལྷག་པར་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་གྱི་སྤྱི་པའི་ཞབས་ཞུའི་ཞན་ཆ་གསབ་པ། བུ་བཙའི་རྒྱབ་སྐྱོར་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། གྲོང་གསེབ་དར་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། དབུལ་སྒྲོལ་འགག་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ། གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་ཐེབས་རྒྱུར་བཀག་འགོག་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

      ཚང་འཛོམས་གྲོས་ཚོགས་ཐོག  བློ་བརྟན་འགྱུར་མེད་ངང་བསྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ལ་དམ་པོར་གཞིགས་ཏེ། འཐབ་ཇུས་རང་བཞིན་དང་གསར་གཏོད་རང་བཞིན། སྣེ་ཁྲིད་རང་བཞིན་བཅས་ཀྱི་བསྒྱུར་བཅོས་བྱ་ཐབས་ཁག་གཅིག་འདོན་པ་དང་། བསྒྱུར་བཅོས་འདི་ཉིད་མ་ལག་གཅིག་སྡུད་དང་། མཐུན་སྦྱོར་ནུས་ཆེ་ཡོང་བ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཁྱབ་ཁོངས་གལ་ཆེན་དང་། འགག་རྩའི་ལྷུ་ཚིགས་ཐད་འགག་གཏོར་གསར་པ་ཡོང་བ་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་བྱེད་པ་དང་འཐུས་ཚང་དུ་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཁེ་ལས་ལམ་ལུགས་འཐུས་ཚང་དུ་གཏོང་བ། དེང་རབས་དངུལ་རྩའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་འཐུས་ཚང་དུ་གཏོང་བ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བ། ཁྱབ་ཁོངས་ཁག་གི་བསྒྱུར་བཅོས་ལ་གཅིག་གྱུར་འཆར་འགོད་ཡག་པོ་བྱེད་པ་བཅས་བྱེད་དགོས། བསྒྱུར་བཅོས་དོན་འཁྱོལ་སྒྲིག་གཞི་འཐུས་ཚང་དུ་གཏོང་རྒྱུར་མཐོང་ཆེན་བྱེད་པ་དང་། བསྒྱུར་བཅོས་བྱ་ཐབས་དོན་འཁྱོལ་དང་ཕན་འབྲས་ཐོན་པ་བྱ་རྒྱུར་སྐུལ་འདེད་གཏོང་བ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་སྒུལ་ཤུགས་དང་གསོན་ཤུགས་ཟམ་མི་ཆད་པར་ཤུགས་ཆེར་གཏོང་བ་བཅས་བྱས་ཏེ། རང་རྒྱལ་གྱི་ལམ་ལུགས་བཟང་ཆ་དེ་དེ་བས་ལེགས་པའི་སྒོ་ནས་རྒྱལ་ཁབ་བཅོས་སྐྱོང་གི་ནུས་པར་འགྱུར་ཐུབ་པ་བྱེད་དགོས་ཞེས་བསྟན་གནང་ཡོད།

     ཚང་འཛོམས་གྲོས་ཚོགས་ཐོག ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་ཏང་གི་འཛུགས་སྐྱོང་སྐོར་ལ་གནང་བའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཏང་ཆེན་པོ་ཁོ་ནར་ཡོད་པའི་དཀའ་གནད་སེལ་བའི་རིག་པ་དྭངས་གསལ་དང་བློ་རྩ་བརྟན་པོ་དུས་རྟག་ཏུ་རྒྱུན་འཁྱོངས་བྱེད་པ། ཏང་ཁྱོན་ཡོངས་ནས་ནན་པོས་སྐྱོང་བའི་མ་ལག་འཐུས་ཚང་དུ་གཏོང་བ། ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱས་ཏེ་ཏང་གི་ཕྱོགས་ཁག་གི་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་རླབས་ཆེན་ལས་གཞི་གསར་པ་གཏིང་ཟབ་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཏང་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་བརྗོད་གཙོའི་སློབ་གསོ་གཏིང་ཟབ་སྤེལ་བ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་དང་སྒྲིག་འཛུགས་ཚགས་ཚུད་པོ་བྱེད་པ་དང་། རིགས་པའི་གཞུང་ལུགས་སློབ་སྦྱོང་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་བཏང་ནས་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་པར་བྱེད་དགོས།  སྐབས་བརྗེས་པའི་རྗེས་ཀྱི་འགོ་ཁྲིད་ཚན་པའི་བསམ་བློ་ཆབ་སྲིད་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་པ་དང་། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་ནན་པོ་བྱེད་པ། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་འབྱུང་ཁམས་གཏོད་པ་བརྒྱུད། མཐུན་སྒྲིལ་རོགས་ལས་དང་། འགན་འཁུར་ཕོད་པ།  སྒྲུབ་མཁས་ལ་གྲུབ་འབྲས་ལེན་མཁས་པ་བཅས་ཀྱི་རྣམ་པ་གསོན་ཉམས་དོད་པོ་ཞིག་ཆགས་པར་བྱེད་དགོས། དོ་ནན་པའི་གཞི་རྩའི་བྱེད་ཕྱོགས་ལ་བརྟེན་ནས་སྤྱོད་གཙང་སྒྲིག་ནན་ལ་ཤུགས་སྣོན་རྒྱག་རྒྱུ་རྒྱུན་འཁྱོངས་དང་། སྤྱོད་ཚུལ་ངན་པ་བཞི་ཡོ་བསྲང་གཏིང་ཟབ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། བརྟག་དཔྱད་ཞིབ་འཇུག་བྱེད་སྲོལ་དར་སྤེལ་ཤུགས་ཆེན་གཏོང་བ་དང་། དངོས་ཐོག་བདེན་འཚོལ་དང་དམ་པ་དོན་གཉེར་གྱི་སྤྱོད་ཚུལ་དར་སྤེལ་ཤུགས་ཆེན་གཏོང་བ་བཅས་བརྒྱུད། ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་དཔྱད་ཐེག་ཐུབ་པའི་གྲུབ་འབྲས་ངོ་མ་ཐོབ་པར་བྱ་དགོས། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུང་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་ནས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་དང་ཡུན་རིང་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་པའི་ནན་སྟོན་གནང་ཡོད། 

     ཚང་འཛོམས་གྲོས་ཚོགས་ཐོག ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་སྒྲེང་བ། ཏང་འཛུགས་ཀྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བ། ངེས་པར་དུ་བསྒྲུབ་དགོས་པ་གསུམ་བློ་ལ་བརྟན་པོར་ངེས་པ། རང་རྟོན་རང་སྟོབས་དང་དྲང་སྲུང་གསར་སྐྲུན་བྱེད་པ། འབད་པ་ལྷུར་ལེན་དང་འབད་འབུངས་ཡར་བརྩོན་བྱེད་པ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་ཀྱི་ཐོག་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་གཏན་འཁེལ་གནང་བའི་དམིགས་འབེན་ལས་འགན་མངོན་འགྱུར་ཡོང་བའི་ཆེད་དུ་ཐུན་མོང་ཐོག་འབད་འཐབ་བྱེད་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།


མཉམ་སྤྱོད།