དེ་རིང་ནི2025ལོའི་ཟླ11པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ལི་ཆང་གིས་ཨུ་རུ་སུའི་ཙུང་ལི་སྨི་ཧྲུའུ་སི་ཅིང་དང་མཇལ་འཛོམས་གནང་བ།

2025-11-18 10:12:24   |   41

སྒྲིག་སྒྱུར།   སངས་དོན།     ཡོང་ཁུངས།   ཞིན་ཧྭ་དྲ་བ།    བཤེར་འབེབས།    རིན་ཆེན་ཚེ་རིང་།


456.jpg

ཞིན་ཧྭ་གསར་འགྱུར་ཁང་མོ་སི་ཁོ་ནས་ཟླ11པའི་ཚེས17ཉིན་གྱི་གློག་འཕྲིན། ས་གནས་དེ་གའི་དུས་ཚོད་ཟླ11པའི་ཚེས17ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མོ་སི་ཁོར་ཨུ་རུ་སུའི་ཙུང་ལི་སྨི་ཧྲུའུ་སི་ཅིང་དང་མཇལ་འཛོམས་གནང་།

ལི་ཆང་གིས་ཀྲུང་ཨུའི་ཙུང་ལིའི་དུས་བཀག་མཇལ་འཛོམས་ཐེངས་སུམ་ཅུ་པ་མི་རིང་བའི་གོང་ཧང་ཀྲོའུ་རུ་འཚོགས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུའུ་ཅིང་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱ་རྒྱུར་དམིགས་ནས་ཀྲུང་ཨུའི་ཁྱབ་ཁོངས་ཁག་གི་མཉམ་ལས་འཕེལ་རིམ་ཕྱོགས་ཡོངས་ནས་གསེད་བཀྲོལ་བྱས་ཏེ་དུས་མཚམས་རྗེས་མའི་གཙོ་གནད་མཉམ་ལས་འཆར་འགོད་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་འཐབ་ཇུས་སྣེ་ཁྲིད་ལ་བརྩི་སྲུང་བྱས་ནས་འབྲེལ་གཏུག་སྦྲེལ་མཐུད་ལ་སྔར་བས་ཤུགས་སྣོན་དང་ཕྱོགས་གཉིས་པོའི་གཉིས་ཕན་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་མང་བ་གཏོད་འདོད་ཡོད་ཅེས་གསུངས།

ལི་ཆང་གིས་ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་དང་མཉམ་དུ་མ་འཇོག་དང་། ནུས་རྒྱུ། ཞིང་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད་ལ། ཨུ་རུ་སུའི་སྤུས་ལེགས་ཞིང་ལས་ཐོན་རྫས་དེ་བས་མང་བ་ཀྲུང་གོའི་ཁྲོམ་རར་འདོན་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ཀྱིས་ཨུ་རུ་སུར་མ་འཇོག་གཉེར་སྐྱོང་བྱ་རྒྱུར་སྟབས་བདེ་དེ་བས་མང་བ་བསྐྲུན་རྒྱུའི་རེ་བ་ཡོད་ཅེས་གསུངས། ཕྱོགས་གཉིས་པོས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་མུ་མཐུད་རྒྱ་ཆེར་བཏང་ནས་རིག་གནས་དང་། སློབ་གསོ། གློག་བརྙན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཀྲུང་ཨུའི་འབྲེལ་བར་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་དྲོད་ཚད་དེ་བས་མང་བ་སྣོན་དགོས། ད་ལོའི་ཟླ9པར་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཐེན་ཅིན་དབུ་ཚོགས་ལ་ལམ་ཚད་རྡོ་རིང་ལྟ་བུའི་གཡུར་ཟའི་གྲུབ་འབྲས་རབ་དང་རིམ་པ་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་དང་མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བྱས་ཏེ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཕྱོགས་ཁག་གིས“ཧྲང་ཧའེ་ཡི་སྙིང་སྟོབས”རྒྱུན་འཛིན་ལ་སྐུལ་འདེད་བཏང་ནས་མགོ་ཁྲིད་པས་བཀོད་པའི་འཕེལ་རྒྱས་ཀྱི་འཆར་གཞི་སྔ་ཙམ་དངོས་ལྗོངས་རི་མོར་བསྒྱུར་འདོད་ཡོད་ཅེས་གསུངས། དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་ཁོངས་མིའི་རྒྱལ་ཁབ་ཁག་གི་འཕེལ་རྒྱས་སྒུལ་ནུས་ཆེ་རུ་གཏོང་བ་དང་མཉམ་དུ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ལམ་སྲོལ་འཛུགས་སྐྱོང་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ནས་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་བ་དང་། རྒྱ་ཆེའི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ལ་མཐུན་སྒྲིལ་བྱས་ཏེ་འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས།

སྨི་ཧྲུའུ་སི་ཅིང་གིས་མིག་སྔར་ཨུ་ཀྲུང་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་སྔར་བྱུང་མྱོང་མེད་པའི་ཆུ་ཚད་མཐོན་པོར་སླེབས་ཡོད། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་རིམ་པ་ཁག་གི་སྐད་ཆ་ཤོད་རེས་དང་འགྲོ་འོང་སྔར་བས་ཟབ་ཏུ་བཏང་ནས་དཔལ་འབྱོར་ཚོང་དོན་དང་། ནུས་རྒྱུ། ཞིང་ལས། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་གཏོང་བ་དང་མཉམ་ལས་ཀྱི་འཕར་གཞི་གསར་པ་བཏོད་དེ་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་གྲོགས་རྒྱུན་མཐུད་ཟབ་ཏུ་གཏོང་འདོད་ཡོད་པ་དང་། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ཨུ་རུ་སུར་མ་འཇོག་བྱེད་པར་ཡོང་ཆེད་ཚོང་གཉེར་ཁོར་ཡུག་བཟང་པོ་ཞིག་གཏོད་འདོད་ཡོད་ཅེས་གསུངས། ཀྲུང་གོ་ཕྱོགས་ཀྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རིང་གི་གཟེངས་སུ་ཐོན་པའི་ལས་དོན་དང་ལྷག་དོན་དུ་ཐེན་ཅིན་དབུ་ཚོགས་གྲུབ་འབྲས་ཐོབ་པའི་ངང་གཉེར་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ལམ་སྲོལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ས་ཁུལ་དང་འཛམ་གླིང་ཞི་བདེ་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་འདོད་ཡོད་ཅེས་གསུངས།


མཉམ་སྤྱོད།