དེ་རིང་ནི2025ལོའི་ཟླ11པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲང་ཧྲིང་ཡོན་མདའ་བཞི་རྫོང་དུ་ཕྱིན་ནས་བདེ་འཇགས་ཐོན་སྐྱེད་དང་དགུན་དུས་གནས་སྐོར། དགོན་པ་དོ་དམ་སོགས་ཀྱི་བྱ་བར་བརྟག་ཞིབ་གནང་།

2025-11-18 08:57:26   |   1080

རྩོམ་སྒྲིག    སངས་དོན།      ཡོང་ཁུངས།   མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།     བཤེར་འབེབས།    རིན་ཆེན་ཚེ་རིང་།


ཉེ་ཆར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་མདའ་བཞི་རྫོང་ཐང་ཧུའུ་གློག་ཁང་དང་ཝ་མགྱོགས་ཡུལ་ཚོ་མདའ་བཞིའི་ཆུ་ཚན། ལ་མོ་སྒར་ཐོག་དགོན་སོགས་སུ་ཡུལ་དངོས་ནས་བདེ་འཇགས་ཐོན་སྐྱེད་དང་དགུན་དུས་གནས་སྐོར་འཕེལ་རྒྱས། དགོན་པ་དོ་དམ་སོགས་ཀྱི་བྱ་བར་བརྟག་ཞིབ་དང་མཛུབ་སྟོན་གནང་།  ཁུལ་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་སངས་རྒྱས་ཀྱིས་ཕེབས་རོགས་བྱས།

01.jpg

ཐང་ཧུའུ་གློག་ཁང་དུ་ཀྲང་ཧྲིང་ཡོན་གཅིག་སྡུད་ཚོད་འཛིན་ཁང་དང་ཁྲོ་ཐབ་ཁང་སོགས་འགག་རྩའི་ཐོན་སྐྱེད་ས་ཁོངས་སུ་སོང་ནས། མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་དང་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དོན་འཁྱོལ་བྱས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་། ཁོང་གིས་ནན་གྱིས་བསྟན་དོན། བདེ་འཇགས་ཐོན་སྐྱེད་ནི་ཁེ་ལས་འཕེལ་རྒྱས་ཀྱི་སྲོག་རྩ་ལྟ་བུ་ཡིན་པས་ངེས་པར་དུ་དམ་འཛིན་ལྷོད་མེད་བྱེད་དགོས། ལས་མིའི་བདེ་འཇགས་གསོ་སྦྱོང་དང་རྩལ་ནུས་ཆེ་རུ་གཏོང་རྒྱུར་རྒྱུན་མཐུད་སྒོས་ཤུགས་བསྣན་ནས་འཐབ་ས་དང་པོའི་བཀོལ་སྤྱོད་མི་སྣ་དང་ཞིབ་བཤེར་ལས་རོགས་མི་སྣས་བཀོལ་སྤྱོད་སྒྲིག་སྲོལ་དང་མཁོ་བསྟུན་ཐག་གཅོད་ཤེས་བྱ་ཤེས་དགོས་རིགས་ནང་བྱན་ཆུད་པར་འགན་ལེན་བྱེད་དགོས། རྒྱུན་རྣམ་ཅན་གྱི་སྒོ་ནས་ཉེན་ཁ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་རང་བཤེར་དང་གྲལ་བཤེར་བྱེད་པའི་བྱ་བ་སྤེལ་ཏེ་ཟུར་བཙུགས་རྩིས་ཁྲ་བཟོ་བ་དང་འགན་འཁྲི་ཁ་གསལ་བཟོས་ནས་དུས་ཐོག་ཏུ་བཅོས་སྒྲིག་གནད་ལ་འཁེལ་བ་སྒོས་གདུབ་ཟུམ་དོ་དམ་ཆགས་པར་བྱེད་དགོས། དུས་དང་རྣམ་པ་ཀུན་ཏུ་བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བ་དམ་པོར་བཟུང་ནས་བདེ་འཇགས་དོགས་ཟོན་གྱི་བྱ་ཐབས་སོ་སོ་དོན་འཁྱོལ་ནན་མོ་བྱེད་པ་དང་། བདེ་འཇགས་ཀྱི་དོན་རྐྱེན་སྣ་ཚོགས་འབྱུང་རྒྱུར་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས། ནུས་ཤུགས་ཡོད་རྒུས་དགུན་དུས་ཀྱི་དྲོད་རླངས་མཁོ་འདོན་འགན་ལེན་ཡག་པོ་བྱེད་པ་དང་རྡོ་སོལ་གསོག་འཇོག་ཡག་པོ་བྱས་ཏེ་དྲོད་རླངས་མཁོ་འདོན་ཞབས་ཞུའི་ཐད་སྦྲེལ་ཁ་པར་ཤར་གཏོང་ཐུབ་པ་བྱས་ནས་དྲོད་རླངས་གཏོང་བའི་ཞབས་ཞུའི་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས་ཟེར།

02.jpg

ཝ་མགྱོགས་ཡུལ་ཚོ་མདའ་བཞིའི་ཆུ་ཚན་དུ་ཀྲང་ཧྲིང་ཡོན་གྱིས་ལྗོངས་ཁུལ་གཉེར་སྐྱོང་གནས་ཚུལ་ལ་ཉན་པར་མ་ཟད། ཡུལ་དངོས་ནས་དུས་རིམ་གཉིས་པའི་ལས་གཞི་འཛུགས་སྐྲུན་གྱི་འཕེལ་རིམ་ལ་བལྟས། ཁོང་གིས་བསྟན་དོན། མདའ་བཞི་ཆུ་ཚན་གྱི་ཐོན་ཁུངས་ལེགས་ཆ་དམིགས་བསལ་ཡིན་ལ་འཕེལ་རྒྱས་ཀྱི་མངོན་མེད་སྟོབས་ཤུགས་ཧ་ཅང་ཆེ་བས། ཁྱད་ཆོས་མངོན་གསལ་དུ་བཏང་ནས་ལྗོངས་ཁུལ་གྱི་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་ཡུལ་ལྗོངས་ལྟ་སྐོར་ཁང་གི་མཐའ་འཁོར་ལྗང་སྒྱུར་ཇེ་ཡག་ཏུ་གཏོང་དགོས་ཤིང་། ཁང་པའི་ནང་གི་ཁོར་ཡུག་བསྐྲུན་ནས་གནས་སྐོར་བའི་ཡིད་དབང་འགུགས་ནུས་ཆེ་རུ་གཏོང་དགོས། དགུན་དུས་གནས་སྐོར་ཐོན་རྫས་ཇུས་འགོད་ཞིབ་ཚགས་བྱས་ཏེ་ཁུལ་དང་རྫོང་རིམ་པ་གཉིས་ཀྱིས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལས་རྣམ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ཞབས་ཞུའི་ཆུ་ཚད་ཆེ་རུ་གཏོང་བ་བཅས་བྱས་ཏེ་དགུན་དུས་གནས་སྐོར་གྱི་ཁྲོམ་རར་ཚ་རླབས་འཕྱུར་བར་བྱེད་དགོས། ལེགས་ཐོག་ལེགས་འཚོལ་བྱས་ནས་ཇུས་འགོད་སྡེ་ཁག་དང་འབྲེལ་གཏུག་གང་ལེགས་སྒོས་སྒེའུ་ཁུང་སོགས་ཚུད་པའི་དུས་རིམ་གཉིས་པའི་ལས་གཞི་ཇུས་འགོད་ཀྱི་ཞིབ་ཕྲའི་གནས་ཇེ་ལེགས་དང་འཐུས་ཚང་དུ་བཏང་ནས་ལས་གཞིའི་རྒྱུ་སྤུས་འགན་ལེན་བྱེད་དགོས། གནས་སྐོར་བའི་ཉམས་ལེན་ལ་མཐོང་ཆེན་བྱས་ཏེ་རིག་གནས་གསར་གཏོད་ཐོན་རྫས་གསར་སྤེལ་དང་ཉམས་ལེན་ལས་གཞི་འཛུགས་རྒྱུར་ཤུགས་སྣོན་པ་དང་། གནས་སྐོར་བའི་སྣ་མང་ཅན་གྱི་དགོས་མཁོ་སྐོང་ཐུབ་པ་དང་སྤྱི་ཡོངས་ཀྱི་བློ་ཡིད་ཚིམ་ཚད་མཐོ་རུ་གཏོང་དགོས་ཟེར།

03.jpg

ལ་མོ་སྒར་ཐོག་དགོན་དུ་ཀྲང་ཧྲིང་ཡོན་གྱིས་དགོན་པའི་དོ་དམ་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་པ་དང་དགེ་འདུན་པའི་གྲྭ་ཤག་དང་ཚོགས་ཆེན་འདུ་ཁང་སོགས་ཀྱི་གནས་ཡུལ་ལ་ལྟ་ཞིབ་ཞིབ་ཕྲ་བྱས་ཏེ། དགེ་འདུན་པ་རྣམས་ཀྱི་སློབ་སྦྱོང་དང་འཚོ་བའི་ཐད་ཀྱི་དཀའ་ངལ་ལ་ཉན། ཁོང་གིས་ནན་གྱིས་བསྟན་དོན། མགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་དྲིལ་སྒྲོག་བྱས་ཏེ། དགོན་པའི་དགེ་འདུན་པ་རྣམས་ཀྱིས་ཏང་གི་བཀའ་དྲིན་ཚོར་བ་དང་ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དུ་འཇུག་དགོས། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བར་བརྒྱུད་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་ཏང་ཀྲུང་དབྱང་གི་འབྲེལ་ཡོད་ཆོས་ལུགས་བྱ་བའི་སྐོར་གྱི་བྱེད་ཕྱོགས་སྲིད་ཇུས་དང་། ཞིང་ཆེན་དང་ཁུལ་ཨུའི་བྱ་བའི་བླང་བྱ་ལག་བསྟར་གཏིང་ཟབ་དང་དོན་འཁྱོལ་བྱས་ཏེ་ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་པ་དང་མེ་ཟོན་བདེ་འཇགས། རིག་དངོས་སྲུང་སྐྱོབ། ནོར་དོན་དོ་དམ་སོགས་ཀྱི་བྱ་བ་གཅིག་གྱུར་གྱིས་དམ་འཛིན་བྱས་ཏེ་ཆོས་ལུགས་འགྲིག་མཐུན་དང་ཆོས་དོན་མཐུན་སྦྲེལ། དགོན་པ་འཆམ་མཐུན་བཅས་ཡོང་བར་སྐུལ་འདེད་གཏོང་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང“འདུ་ཤེས་གསུམ”གྱི་སློབ་གསོ་རྒྱ་སྐྱེད་གཏིང་ཟབ་ཏུ་གཏོང་བ། རྒྱ་ཆེའི་དགེ་འདུན་པ་རྣམས་ཀྱིས་རྒྱལ་ཁབ་ཐུན་མོང་གིས་སྤྱོད་པའི་སྤྱི་སྐད་མང་དུ་བཤད་པ། རིག་དངོས་གནའ་ཤུལ་གྱི་ཐོན་ཁུངས་སྲུང་སྐྱོབ་དང་བེད་སྤྱོད་ཡག་པོ་བྱེད་པ། བོད་བརྒྱུད་ནང་བསྟན་ཏང་དང་རྒྱལ་ཁབ་ལ་དགའ་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཏམ་རྒྱུད་ཡག་པོར་བཤད་དེ། “ངོས་འཛིན་གཅིག་མཐུན་ལྔ”རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཟེར།

ཁུལ་སྲིད་གཞུང་གཞུང་ལས་ཁང་དང་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན། ཁུལ་རིག་གནས་གནས་སྐོར་ཅུ། ཁུལ་མཁོ་བསྟུན་དོ་དམ་ཅུ། མདའ་བཞི་རྫོང་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་བཅས་བརྟག་ཞིབ་བྱ་བར་ཞུགས།   


མཉམ་སྤྱོད།