དེ་རིང་ནི2024ལོའི་ཟླ09པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱིས་རྩ་འཛུགས་པུའུ་ཀྲང་དང་ལས་བྱེད་པ་རྒན་པ་ཅུ་ཡི་ཅུ་ཀྲང་ཚོགས་འདུ་འཚོགས།

2023-03-01 17:39:01   |   156

སྒྲིག་སྒྱུར།  སངས་དོན།    ཡོང་ཁུངས།  མཚོ་བྱང་སྨྱན་གསར།   བཤེར་འབེབས།  རིན་ཆེན་ཚེ་རིང་། 


ཟླ3ཚེས1ཉིན་མཚོ་བྱང་ཁུལ་གྱིས་ཁུལ་ཡོངས་ཀྱི་རྩ་འཛུགས་པུའི་པུའུ་ཀྲང་དང་ལས་བྱེད་པ་རྒན་པ་ཅུ་ཡི་ཅུ་ཀྲང་ཚོགས་འདུ་འཚོགས་ནས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་པུའུ་ཀྲང་དང་ལས་བྱེད་པ་རྒན་པ་ཅུ་ཡི་ཅུ་ཀྲང་གི་ཚོགས་འདུའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། 2022ལོའི་ཁུལ་ཡོངས་ཀྱི་རྩ་འཛུགས་ལས་དོན་དང་ལས་བྱེད་པ་རྒན་པའི་ལས་དོན་ལ་ཕྱིར་དྲན་དང་ཕྱོགས་སྡོམ་བྱས་པ་དང། 2023ལོའི་ལས་དོན་ལ་བཀོད་སྒྲིག་བྱས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་མཆན་བཀོད་མཛུབ་སྟོན་གནང་། ཁུལ་ཨུའི་རྒྱུན་ཨུ། རྩ་འཛུགས་པུའུ་ཀྲང་ཝང་ཀྲུང་དབྱི་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གནང་།

a.jpg

ཤ་བོ་སྐྱབས་ཀྱིས་མཆན་བཀོད་མཛུབ་སྟོན་ནང་གནད་དོན་གྱི་ཕྱོགས་སྟོན་དང་། དམིགས་ཚད་ཀྱི་ཁྲིད་ཕྱོགས། གྲུབ་འབྲས་ཀྱི་ཁྲིད་ཕྱོགས་བཅས་ཕན་ཚུན་གཅིག་གྱུར་མཐའ་འཁྱོངས་བྱེད་པ་དང་། དཀའ་གནད་སེལ་བ་དང་། གཙོ་གནད་རྒོལ་བ། བཀྲག་མདངས་འཚེར་ས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ལངས་ཕྱོགས་སྔར་བས་མཐོ་བའི་ཐོག་ནས་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། སྔར་ལས་བཟང་བའི་ཁ་ཕྱོགས་ཀྱིས་ལས་བྱེད་པའི་དཔུང་ཁག་སྟོབས་ཆེར་གཏོང་བ། སྔར་ལས་ཏན་ཏིག་ཡིན་པའི་བྱེད་ཐབས་ཀྱིས་རྩ་འཛུགས་ཀྱི་མ་ལག་ནན་པོ་བཟོ་བ། སྔར་ལས་དྲག་པའི་ཤུགས་ཚད་ཀྱིས་འཇོན་ནུས་ལས་བྱེད་པ་གཅིག་བསྡུ་བྱེད་པ། སྔར་ལས་མཐོ་བའི་བླང་བྱ་ཡིས་རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱིས་ཏང་གི་རློམ་ཆོག་པ་དང་མི་དམངས་ཡིད་ཚིམ་པའི་སྡེ་ཁག་དང་དཔེ་ལེགས་ལས་ཁུངས་གསར་འཛུགས་བྱེད་པ་དང་། མུ་མཐུད་དུ་རྩ་འཛུགས་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་གྱི་མཚོ་བྱང་གི་ལེའུ་འབྲི་བར་རྩ་འཛུགས་ཀྱི་བརྟན་ཞིང་བརླིང་བའི་འགན་སྲུང་འདོན་སྤྲོད་བྱེད་དགོས་ཞེས་བསྟན།

b.jpg

ཚོགས་འདུའི་ཐོག  ད་ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་གྱི་མགོ་ཚུགས་པའི་ལོ་ཞིག་ཡིན་ལ།  མཚོ་བྱང་ཁུལ་སྲིད་དབང་བཙུགས་ནས་ལོ70འཁོར་བའི་ལོ་ཞིག་ཀྱང་ཡིན་པས། ད་ལོའི་རྩ་འཛུགས་ལས་དོན་དང་ལས་བྱེད་པ་རྒན་པའི་ལས་དོན་ཡག་པོ་སྒྲུབ་པར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་པུའི་པུའུ་ཀྲང་དང་ལས་བྱེད་པ་རྒན་པ་ཅུ་ཡི་ཅུ་ཀྲང་གི་ཚོགས་འདུ་དང་དེ་བཞིན་ཁུལ་ཨུའི་བཀོད་སྒྲིག་ལྟར། “ཚན་རིག་གིས་སྣེ་ཁྲིད་པ”དང་“ལས་བྱེད་དཔུང་སྡེར་འགན་ནུས་སྩོལ་བ”།“གཞི་རིམ་ཏང་འཛུགས་ཀྱི་ལས་དོན་སྤུས་འདེགས་བྱེད་པ”“ནུབ་མཚོར་འཇོན་མི་བསྡུ་བ”“དཔེ་ལེགས་སྡེ་ཁག་གསར་འཛུགས་བྱེད་པ་” བཅས་བྱ་འགུལ་ཆེན་པོ་ལྔ་ཏན་ཏིག་གིས་སྤེལ་ནས།  མུ་མཐུད་དུ་རྩ་འཛུགས་ལས་དོན་དང་ལས་བྱེད་པ་རྒན་པའི་ལས་དོན་གསར་བཏོད་བྱས་ཏེ། བྱ་སྤྱོད་དངོས་ཀྱི་སྟེང་ནས་མཚོ་བྱང་ཁུལ་སྲིད་དབང་བཙུགས་ནས་ལོ70འཁོར་བར་ལེགས་སྐྱེས་འབུལ་དགོས་ཞེས་ནན་གྱིས་བསྟན།

c.jpg

ཚོགས་འདུའི་ཐོག    གནད་དོན་གྱི་ཁྲིད་ཕྱོགས་དང་། དམིགས་ཚད་ཀྱི་ཁྲིད་ཕྱོགས། འབྲས་བུའི་ཁྲིད་ཕྱོགས་བཅས་ནི་རྩོད་སྒྲུབ་གཅིག་གྱུར་དང་། འབྲེལ་བ་དམ་ཟབ། ཕན་ཚུན་སྐུལ་འདེད་བཅས་ཀྱི་གོང་བུ་ཞིག་ཡིན་ལ། མཚོ་བྱང་གི་རྩ་འཛུགས་ལས་དོན་དང་ལས་བྱེད་པ་རྒན་པའི་ལས་དོན་ལ་སྐུལ་འདེད་གཏོང་བའི་གཞུང་དྲང་གསར་གཏོད་ཀྱི་བསམ་གཞིགས་གཏོང་ཕྱོགས་དང་ཐབས་ལམ་ཞིག་ཀྱང་ཡིན་ཞིང་། གནད་ཁེལ་ཚད་ལ་དམིགས་པ་དང་། སྤུས་ཚད་མཐོ་བ། དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ཏེ་ནམ་ཡང་རྩ་ལག་མཉམ་བཅོས་ལྷོད་གཡེང་མི་གཏོང་བ་དང་། དམིགས་ཡུལ་མ་འགྲུབ་པར་ལས་གཉེར་མཚམས་མི་འཇོག་པ། སྤུས་དག་འཚོལ་སྙེགས་བྱེད་པ། དོན་དངོས་ཀྱི་བྱས་འབྲས་ལ་བརྟེན་ནས་རྩ་འཛུགས་སྡེ་ཁག་གི་མིང་བྱང་དེ་མིང་དོན་ཡོད་པ་ཞིག་ཏུ་གཏོང་དགོས་པའི་བླང་བྱ་བཏོན།

རྫོང་ཨུ་སོ་སོའི་ཏང་འཛུགས་སྐྱོང་ལས་དོན་གྱི་ལས་བགོས་ཧྲུའུ་ཅི་གཞོན་པ་དང་། རྫོང་ཨུ་སོ་སོའི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་དང་པུའུ་ཀྲང་གཞོན་པ།  ལས་བྱེད་པ་རྒན་པ་ཅུ་ཡི་ཅུ་ཀྲང་། ཁུལ་ཨུའི་སྡེ་ཚན་ཁག་དང་ཁུལ་ཐད་གཏོགས་ལས་ཁུངས་ཚན་པའི་ཏང་ཙུའུ(ཏང་ཨུ)། མང་ཚོགས་ཀྱི་ཚོགས་པ་སོ་སོའི་ཏང་ཙུའུ་ཡི་འགན་འཁུར་བློ་མཐུན་གཙོ་བོ་དང་གཞུང་ལས་ཁང་གི་ཀྲུའུ་རིན་།  ཕྱོགས་བསྡུས་ཁོ་ཡི་ཁོ་ཀྲང་། ཁུལ་ཨུའི་རྩ་འཛུགས་པུའུ་དང་ཁུལ་ཨུའི་ལས་བྱེད་པ་རྒན་པ་ཅུ་ཡི་ཁོ་རིམ་པ་གཞོན་པ་དང་དེ་ཡན་གྱི་ལས་བྱེད་པ་བཅས་ཚོགས་འདུར་ཞུགས།


མཉམ་སྤྱོད།