དེ་རིང་ནི2024ལོའི་ཟླ09པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇུ་ཡུན་གསར་འགྱུར།

2023-03-02 10:12:30   |   139

སྒྲིག་སྒྱུར།  སངས་དོན།   ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

a.jpg


  • ཞི་ཅིན་ཕིང་གིས་ཀྲུང་དབྱང་ཏང་གི་སློབ་གྲྭ་བཙུགས་ནས་ལོ་ངོ90འཁོར་བའི་རྟེན་འབྲེལ་ཚོགས་ཆེན་དང2023ལོའི་དཔྱིད་ཀའི་སློབ་སྐབས་ཀྱི་སློབ་མགོ་ཚུགས་པའི་མཛད་སྒོའི་ཐོག་གསུང་བཤད་གལ་ཆེན་གནང་།  ཏང་གི་སློབ་གྲྭས་ཐོག་མའི་བསམ་འདུན་བརྟན་སྲུང་བྱས་ཏེ། ཏང་གི་ཤེས་ལྡན་པ་གསོ་སྐྱོང་དང་ཏང་གི་ཆེད་དུ་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱེད་དགོས་པ་བསྟན།

  • ཟླ3ཚེས1ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་བྷེ་ཨུ་རུ་སུའི་ཙུང་ཐུང་ལུའུ་ཁ་ཧྲེན་ཁོའོ་དང་གྲོས་མོལ་གནང་།

  • ཟླ3ཚེས1ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉི་ཁོ་སི·ཧོ་ལི་སི་ཐུའོ་ཙུའུ་ལི་ཅི་སིར་གློག་འཕྲིན་བཏང་ནས། ཁོང་གིས་སེབ་རུ་སི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་གི་འགན་བཞེས་པར་རྟེན་འབྲེལ་ཞུས།

  • ཟླ3ཚེས1ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀེ་རི་སེའི་མེ་འཁོར་གདོང་ཐུག་བརྒྱབ་པའི་ལས་འཛོལ་བྱུང་པར། ཀེ་རི་སེའི་ཙུང་ཐུང་ས་ཁེ་ལ་ལུའོ་ཕུའུ་ལུའུ་ལ་འཚམས་འདྲིའི་གློག་འཕྲིན་བཏང་།

  • ཟླ2པར།  ཀྲུང་གོའི་བཟོ་སྐྲུན་ལས་རིགས་ཀྱི་ཉོ་སྒྲུབ་ཅིང་ལིའི་སྟོན་གྲངསPMI 52.6%བར་འཕར་ནས་བཟོ་སྐྲུན་ལས་རིགས་ཀྱི་འཕེལ་རྒྱས་མུ་མཐུད་ཆེ་རུ་ཕྱིན་ཡོད་པ་རེད།

  • རྒྱལ་ཁབ་སྡོམ་རྩིས་ཅུ་ཡིས་སྤྱི་བསྒྲགས་བྱས་དོན། 2022ལོར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི1206གསར་དུ་ལས་ཞུགས་ཐུབ་ནས་མི་ཁྲི་1100ཡི་ལོ་འཁོར་གྱི་དམིགས་ཚད་ལས་འགན་ཚད་བརྒལ་ངང་ལེགས་གྲུབ་བྱུང་ཡོད།

  • 2022ལོར།  རང་རྒྱལ་གྱི་རླུང་ཤུགས་དང་འོད་ཤུགས་ཀྱི་གློག་འདོན་འཕྲུལ་འཁོར་གྱིས་གློག་བཏོན་ཚད་ཆན་ཝ་དུང་ཕྱུར7ལས་བརྒལ་ཡོད།  དེ་འགག་གསུམ་(三峡)གློག་ཁང30ལྷག་ཙམ་དང་མཚུངས་ཀྱི་ཡོད།

  • ཀྲུང་གོ་གྲུ་གཟིངས་བཟོ་ལས་མཐུན་ཚོགས་ཀྱི་སྙན་ཞུ་ལས་ཁྱབ་བསྒྲགས་བྱས་པ་ལྟར་ན།  2022ལོའི་བར་དུ། རང་རྒྱལ་གྱི་གྲུ་གཟིངས་བཟོ་སྐྲུན་ལས་རིགས་ཀྱི་རྒྱལ་སྤྱིའི་ཁྲོམ་རའི་ཐོབ་སྐལ་བསྟུད་མར་ལོ13ལ་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་ཡོད་པ་རེད།

  • འཛམ་གླིང་ཤེས་བྱའི་བདག་དབང་རྩ་འཛུགས་ཀྱི་སྙན་ཞུ་ལས་ཁྱབ་བསྒྲགས་བྱས་པ་ལྟར་ན། 2022ལོར་ཀྲུང་གོའི་རེ་འདུན་ཞུ་མཁན་གྱིས་ཕུལ་བའི་ཁེ་བེད་བདག་ཐོབ་རེ་ཞུ་ཁྲི7ལས་བརྒལ་ཡོད་ལ། དེ་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད།

  • ཀེ་རི་སེའི་ཨ་ཐེན་སི་དང་མ་ཆི་ཏུན་འཕྲིན་གཏོང་ཁང་གིས་ཟླ3ཚེས1ཉིན་གནས་ཚུལ་སྤེལ་བ་ལྟར་ན། རྒྱལ་ཁབ་དེའི་དབུས་རྒྱུད་གྲོང་ཁྱེར་ལ་ལི་ས་ཉེ་འགྲམ་དུ་བྱུང་བའི་མེ་འཁོར་གདོང་ཐུག་བརྒྱབ་པའི་དོན་རྐྱེན་གྱིས་མི36རྐྱེན་ལམ་དུ་ཤོར་བ་དང་། མི66ལ་རྨས་སྐྱོན་ཕོག་པ་རེད།

སྤྱི་ཚོགས།

  • ཀྲུང་གོ་གནམ་གཤིས་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། སྔོན་དཔག་བྱས་ན་ཟླ་གསུམ་པར་ནང་སོག་གི་ས་ཆ་མང་ཆེ་བ་དང་། ཧེ་ལུང་ཅང་། ཅི་ལིན། ལེའོ་ཉིང་། པེ་ཅིང་། ཐེན་ཅིན་སོགས་ཀྱི་དྲོད་ཚད་དེ་ལོ་རྒྱུན་ལས་མཐོ་བ་ཡོད་པ་རེད།

  • ཞིང་ལས་གནས་ཚུལ་བཀོད་གཏོང་གསར་ཤོས་ལས་མངོན་པ་ལྟར་ན། རྒྱལ་ཡོངས་ཀྱི་སྔ་སྨིན་འབྲས་ཀྱི་མྱུ་གུ་འདེབས་འཛུགས་ལས་དོན་བཅུ་ཆ་གཅིག་ལྷག་ཙམ་ཡོངས་འགྲུབ་བྱས་ཡོད། མྱུར་ཚད་ན་ནིང་གི་དུས་མཚུངས་ལས་མགྱོགས་པ་ཡོད།

    b.jpg


  • ཀྲུང་གོའི་མཚོ་སྣུམ་གྱིས་པོ་ཧའེ་རྒྱ་མཚོའི་ལྷོ་རྒྱུད་དུ། རྒྱལ་ནང་གི་ངོ་བོ་འགྱུར་བའི་བྲག་ཡིབ་སྣུམ་ཞིང་ཆེ་ཤོས་ཏེ། པོ་ཀྲུང་གི་ཏུན་དུང་ཕྱུར26-6རིམ་པའི་སྣུམ་ཞིང་རྙེད་པ་རེད།

  • རྒྱལ་ཁབ་ཀྱི་སྨན་བཅོས་འགན་བཅོལ་གྱི་སྨན་རྫས་དཀར་ཆག་གསར་པ་ཟླ3ཚེས1ཉིན་དོན་འཁྱོལ་བྱས་ནས་ལག་བསྟར་བྱས་པ་དང་། དཀར་ཆག་ནང་གསར་དུ་བཅུག་པའི་སྨན་རྫས་རིན་གོང་ཆ་སྙོམས་ཆག་ཚད་དེ60.1%སླེབས་ཡོད།

  • ཟླ3ཚེས1ཉིན་ནས་བཟུང།  2022ལོའི་ལོ་འཁོར་གྱི་ཁྲལ་འབབ་སྡོམ་རྩིས་དངོས་སུ་མགོ་ཚུགས།

  • ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་གིས་དཔྱིད་གསར་དུས་ཆེན་གྱི་གློག་བརྙན་ལེ་ཚན་ལ་བརྟེན་ནས་ཕན་ཚུན་ཁ་གཏད་དུ་ལངས་པ་དང་། སྐད་གྲགས་ཡོད་པའི་མིའི་དགའ་མོས་བྱེད་མཁན་ཚོར་སྤ་སེ་སྤྲད་ནས་དེར་ཞུགས་ཚད་ཇེ་མང་གཏོང་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱས།

c.jpg


  • རིག་གནས་གནས་སྐོར་པུས་ཁག་གཉིས་པའི་རྒྱལ་ཁབ་རིམ་པའི་གནས་སྐོར་སྤྲོ་གསེང་ཁྲོམ་གཞུང57ཁྱབ་བསྒྲགས་བྱས་པའི་ནང་། ཤིས་ཨན་ཐང་ཆེན་མོའི་མཚན་མོའི་རྐང་ཐང་ཁྲོམ་གཞུང་(西安大唐不夜城步行街)སོགས་ཚུད་ཡོད་པ་རེད།

  • 2023ལོའི་ལམ་ཐུང་མྱུར་ཤུད་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་གྱི་ཀྲུང་གོའི་རུ་ཁག་གི་མིང་ཐོ་བཏོན་པ་དང་། ལི་ཝུན་ལུང་དང་ལིན་ཞའོ་ཕིང་བདམས་ཐོན་བྱུང་བ་རེད།

d.jpg


  • ལོ6སོང་རྗེས། ཉིང་ཞ་ཧོ་ལན་རི་བོའི་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་དུ་སླར་ཡང་འཛམ་གླིང་གི་ཆེས་འཇིགས་ཉེན་ཆེ་བའི་སྲོག་ཆགས་ཧོ་ལན་རི་བོའི་བྱི་བ་(贺兰山鼠兔)པར་ལེན་ཐུབ་ཡོད།

སྲིད་ཇུས། 

  • པེ་ཅིང་གིས་ད་ལོ་མུ་མཐུད་དུ་བཀོལ་སྤྱོད་བྱེད་བཞིན་པའི་རླངས་འཁོར་དེ་ནུས་རྒྱུ་གསར་པའི་རླངས་འཁོར་ལ་བརྗེ་བའི་ཁ་གསབ་སྲིད་ཇུས་ལག་བསྟར་བྱ་རྒྱུའི་ཁ་གསལ་བྱས་ཡོད། 

  • ཧོ་ནན་གྱིས་སྲིད་ཇུས་བཏོན་ནས“སྒོ་བསྟེན་སྨན་བཅོས་ཀྱི་སྨན་ཁབ་རྒྱག་པའི་རིན་དངུལ”སོགས་སྨན་བཅོས་ཞབས་ཞུའི་རིན་གོང་རྣམ་གྲངས་ཁག68མེད་པ་བཟོས་ཡོད།

  • ཧྲན་ཏུང་གིས་བརྡ་ཐོ་བཏང་ནས་ད་ལོ་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་སྤྱི་གླིང་དུ་སྔོ་ལྗང་སྒོ་དབྱེ་མཉམ་སྤྱོད་ཀྱི་ཚོད་ལྟ་བྱ་རྒྱུ་རེད།

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་། མཚོ་སྔོན་གྱི་ཤར་ལྷོའི་རྒྱུད། ཀན་སུའུ་ཡི་ལྷོ་ནུབ་རྒྱུད། ནང་སོག་གི་བྱང་ཤར་རྒྱུད། ཧེ་ལུང་ཅང་གི་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་བ་ནས་འབྲིང་བའམ་ཡང་ན་ཆར་པ་འབབ་ཀྱི་རེད། དེའི་ཁྲོད། ཤིན་ཅང་ལྷོ་རྒྱུད་ཀྱི་ལྷོ་ནུབ་རྒྱུད་ཀྱི་རི་ཁུལ་དུ་ཁངས་ཆེན་པོ་འབབ་པ་དང་། ཡུན་ནན་གྱི་ཤར་རྒྱུད་དང་། ཀུའེ་ཀྲོའུ་དབུས་བྱང་རྒྱུད། ཧུའུ་ནན་གྱི་ནུབ་བྱང་རྒྱུད །སི་ཁྲོན་གཤོང་སའི་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབབ་ཀྱི་རེད།

    e.jpg


  • ཧེ་ལུང་ཅང་། 2023ལོའི་མཐོ་སློབ་དཀྱུས་མའི་ཆེད་སྦྱོང་ཡིག་རྒྱུགས་དེ་ཟླ3ཚེས4ཉིན་ལེན་རྒྱུ་རེད།

  • ཀྲེ་ཅང། ཟླ3པ་ནས་བཟུང་། ཆན་ཐང་གཙང་པོ་དང་། ཡིའུ་ཞི། མིས་བཟོས་གཙང་པོའི་འབབ་རྒྱུད་བཅས་སུ་ཕྱོགས་ཡོངས་ནས་ཉ་འཛིན་བཀག་སྡོམ་བྱས་བྱེད་རྒྱུ་རེད།



མཉམ་སྤྱོད།