དེ་རིང་ནི2024ལོའི་ཟླ09པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྐང་ཚ་རྫོང་གིས་ཏང་གི་ཚོགས་ཆེན་ཉི་ཤུའི་དགོངས་དོན་འབྲོག་ཁྱིམ་དུ་བསྐྱལ།

2023-03-02 10:45:56   |   292

རྩོམ་སྒྲིག  སངས་དོན།   ཡོང་ཁུངས། རྐང་ཚ་རྫོང་མཉམ་འདྲེས་སྨྱན་བྱད་ལྟེ་གནས།    བཤེར་འབེབས། རིན་ཆེན་ཚེ་རིང་། 


ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་དང་ཀྲུང་དབྱང་ཡིག་ཆ་ཨང་དང་པོའི་དགོངས་དོན་ལག་ལེན་དོན་འཁྱོལ་དང་། ཏང་གི་གཞུང་ལུགས་གསར་བ་དང་དམངས་ཕན་སྲིད་ཇུས་ཁྱིམ་ཚང་ཁྲི་སྟོང་མང་བོར་བསྐྱལ་ཆེད། རྐང་ཚ་རྫོང་ཨུའི་དྲིལ་སྒྲོག་པུའུ་ཡིས་རྐང་ཚ་རྫོང་ཨུ་དང་རྐང་ཚ་རྫོང་མི་དམངས་སྲིད་གཞུང་གི་བྱ་བའི་འབོད་སྐུལ་ཧུར་ཐག་དང་དུ་བླང་པ་དང་། བོད་རྒྱ་སྐད་གཉིས་ཀྱི་ལས་བྱེད་མཚོ་འཁྱིལ་ཤང་ཉིན་ཞ་སྡེ་བར་རྩ་འཛུགས་བྱས་ཏེ་སྒྲོག་གཅིག བརྟན་གཉིས། སྐུལ་གསུམ། འགན་བཞི་དང་ཀྲུང་དབྱང་ཡིག་ཆ་ཨང་དང་པོའི་དགོངས་དོན་དྲིལ་སྒྲོག་གི་བྱེད་སྒོ་སྤེལ་བ་རེད།

a.jpg

གཙོ་བོ་ཏང་གི་ཚོགས་ཆེན་ཉི་ཤུ་བ་དང་ཀྲུང་དབྱང་ཞིང་སྡེ་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐའ་འཁྱོལ་བྱས་ཏེ། ཞིང་ཆེན་ཏང་ཨུའི་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ། ཁུལ་ཨུའི་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པ་དང་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ། ཞིང་ཆེན་དང་ཁུལ་ཨུའི་ཞིང་སྡེ་འབྲོག་ཁུལ་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་བཤད་བྱས་པ་རེད། 

b.jpg

ཐེངས་འདིར་སྒྲོག་འགྲེལ་མི་སྣ་མཚོ་འཁྱིལ་ཤང་དམངས་ཆེན་དང་ཉིན་ཞ་སྡེ་བའི་འགན་ཁུར་བློ་མཐུན་དང་མཉམ་དུ། ཐར་ཐོར་དུ་གནས་བའི་འབྲོག་ཁྱིམ་རེ་རེར་ཁྱིམ་ཁ་སྒོ་ཉུག་གི་བྱེད་ཐབས་སྤྱད་དེ་གོ་བདེ་བའི་ངང་ནས༢༠༢༣ལོའི་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་ཨང་དང་པོའི་དགོངས་དོན་སྒྲོག་བཤད་གནད་དུ་འཁེལ་བ། ཏང་གི་སྲིད་ཇུས་བཟང་བོ་སྡེ་ཁུལ་དང་འབྲོག་པའི་རྩྭ་ཐང་། འབྲོག་ཁྱིམ་རེ་རེར་བསྐྱལ་ཏེ་འབྲོག་པ་མང་ཚོགས་ཕྱུགས་འགྱུར་དུ་བགྲོད་པར་སྐུལ་ལྕགས་བྱས་པ་རེད། 

c.jpg

སྒྲོག་འགྲེལ་མི་སྣས་མང་ཚོགས་ཀྱི་དཀའ་གནད་རྒྱུས་ལོན་དང་མང་ཚོགས་ཀྱི་བསམ་ཚུལ་བརྗེ་རེས། མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་བ་དང་ཀྲུང་དབྱང་ཡིག་ཆ་ཨང་དང་པོའི་དགོངས་དོན་སྒྲོག་འགྲེལ་གཏིང་ཟབ་ཀྱིས་མང་ཚོགས་ཀྱི་དྲི་བར་དྲིས་ལན་ཡང་དག་བཏབ་པ་མ་ཟད། ཡུལ་དངོས་སུ་མང་ཚོགས་ཀྱི་འདོད་ཚུལ་དང་དམངས་ཕན་སྲིད་ཇུས་ཟུང་འབྲེལ་བྱས་ཏེ། འབྲོག་ལས་དེང་རབས་ཅན། ཀྲུང་གོ་ལུགས་ཀྱི་དེང་རབས་ཅན། འབྲོག་པའི་ཐོན་རྫས་ལས་བསྣོན། སྲོལ་རྒྱུན་དང་དེང་རབས་ཅན་གྱི་ཁྱད་ཆོས་གཙོ་བོ། ལྷག་པར་དུ་འབྲོག་ཕྱོགས་ས་ཁུལ་གྱི་མང་ཚོགས་ཀྱིས་དགུན་གྱི་ཁ་ཆར་བུ་ཡུག་དང་དབྱར་གྱི་དྲག་ཆར་ལ་ཅི་ལྟར་གཟབ་འཇོག་བྱེད་པ། དཀའ་གནད་དང་འཕྲད་ཚེ་སྡེ་བ་རིམ་པ་དང་ཤང་རིམ་པ་དུས་ལྟར་རེ་བ་འདོན་པ། གཞན། སློབ་གསོ་དང་འཕྲོད་བསྟེན། ལས་ཞུགས་དང་སྨན་བཅོས་འགན་ལེན་སོགས་ཀྱི་གནས་ཟིན་པའི་དཀའ་ཁག་དང་དོན་དངོས་ཞིབ་བསྡུར་གྱིས་ཟིན་འགོད་བྱས་ཏེ། སྒྲོག་གཅིག་དང་བརྟན་གཉིས། སྐུལ་གསུམ་དང་འགན་བཞིའི་ནང་དོན་གཞི་བཅོལ་ཏེ་མང་ཚོགས་ཀྱི་ལྟ་བ་བརྗེ་སྤེལ་བྱས་པ་རེད། 

ཐེངས་འདིའི་འབྲོག་ཁྱིམ་དུ་སྒྲོག་འགྲེལ་བྱེད་པའི་བྱེད་སྒོའི་སྟེང་དུ། འབྲོག་ཁྱིམ་རེ་རེར་༢༠༢༣ལོའི་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་ཨང་དང་པོའི་ཟུར་ཁྲིད་ཀློག་དེབ་དང༢༠༢༣ལོའི་ཀྲུང་དབྱང་ཡིག་ཆ་ཨང་དང་པོའི་དྲིལ་སྒྲོག་ལག་དེབ་འགྲེམས་སྦྱིན་བྱས་པ་རེད། 

གསར་འགོད་པ།  ཚེ་བྱམས་རྒྱལ། 


མཉམ་སྤྱོད།