དེ་རིང་ནི2024ལོའི་ཟླ09པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལ་རྫོང་གིས“ཁེ་ལས་ལ་རོགས་སྐྱོར་དང་དྲོ་སྐྱིད་སྦྱིན་པའི་དཔྱིད་རླུང་བྱ་སྤྱོད”ཀྱི་བཀོད་སྒྲིག་ཚོགས་འདུ་འཚོགས།

2023-03-02 15:11:21   |   754

རྩོམ་སྒྲིག  སངས་དོན།   ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།    བཤེར་འབེབས།  རིན་ཆེན་ཚེ་རིང་། 


ཟླ2ཚེས28ཉིན། མདོ་ལ་རྫོང་གིས་གོ་སྐབས་དམ་འཛིན་སྒོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང“ཁེ་ལས་ལ་རོགས་སྐྱོར་དང་དྲོ་སྐྱིད་སྦྱིན་པའི་དཔྱིད་རླུང་བྱ་སྤྱོད”ཀྱི་བཀོད་སྒྲིག་ཚོགས་འདུ་འཚོགས་ཏེ། ཞིང་ཆེན་ཡོངས་དང་ཁུལ་ཡོངས་ཀྱི་ཁེ་ལས་ལ་རོགས་སྐྱོར་བྱེད་པའི་དཔྱིད་རླུང་བྱ་སྤྱོད་ཀྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས། ཁེ་ལས་འབྲེལ་གཏུག་མི་སྣའི་སྙིང་སྟོབས་གོང་སྤེལ་དང་གནོན་ཤུགས་ཆེར་སྐྱེད་བྱས་ཐོག ཁེ་ལས་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་བའི་དཀའ་གནད་དང་འགག་གནད་དུ་གྱུར་པའི་གནད་དོན་དག་ལས་ཟམ་མ་ཆད་པར་འགག་སྒྲོལ་བྱས་པ་དང་། རང་རྫོང་གི་ཁེ་ལས་ལ་རོགས་སྐྱོར་དང་དྲོ་སྐྱིད་སྦྱིན་པའི་དཔྱིད་རླུང་བྱ་སྤྱོད་མི་སེམས་སུ་སིམ་པར་བྱས།

a.jpg

རྫོང་ཨུའི་ཧྲུའུ་ཅི་གཞོན་པ་རྫོང་དཔོན་ཧོ་ཧྲེང་ཅེ་ཡིས་གསུང་བཤད་གནང་།རྫོང་ཨུའི་ཧྲུའུ་ཅི་གཞོན་པ་ཀྲའོ་ཅིན་གྱིས་ཚོགས་འདུར་གཙོ་སྐྱོང་གནང་།

ཚོགས་འདུའི་ཐོག “ཁེ་ལས་ལ་རོགས་སྐྱོར་དང་དྲོ་སྐྱིད་སྦྱིན་པའི་དཔྱིད་རླུང་བྱ་སྤྱོད”སྤེལ་བ་ལ་ཐོག་མར“རོགས་རམ”བྱེད་དགོས་དོན་ཅི་ཡིན་པ་དང་དེ་བཞིན“དྲོ་སྐྱིད”སྦྱིན་དོན་ཅིའི་ཕྱིར་ཡིན་པའི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། དཔལ་འབྱོར་ཉམས་རྒུད་ཀྱི་གནོན་ཤུགས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ་དང་། པྲོག་གསར་རིམས་ནད་ཀྱིས་བསྐྱར་ཟློས་ཡང་ཟློས་སུ་རྡབ་གསིག་བཏང་བ། རང་བྱུང་གནོད་འཚེའི་ཤུགས་རྐྱེན་ཡང་ཡང་ཐེབས་པ་སོགས་དངོས་ཡོད་གནས་ཚུལ་ལ་དམིགས་ནས་ཁེ་ལས་པ་ཚོས་ཐོག་མཐའ་བར་གསུམ་དུ་རྫོང་ཨུ་དང་རྫོང་སྲིད་གཞུང་ལྷན་དུ་ཕྱར་བ་གྲུ་འདེགས་དང་མཉམ་ལས་མཉམ་འགུལ་བྱས་ཏེ། མདོ་ལར་གཞི་ཚུགས་པ་དང་། མདོ་ལ་འཕེལ་རྒྱས་སུ་གཏོང་བ། མདོ་ལར་བྱས་རྗེས་འབུལ་བ་བཅས་བྱས་པས། མདོ་ལའི་འཕེལ་རྒྱས་ཀྱི་གསར་གཏོད་མཁན་ཡིན་པར་མ་ཟད། མདོ་ལའི་འཕེལ་རྒྱས་ཀྱི་སྐུལ་འདེད་པ་ཡིན་ལ། ལྷག་ཏུ་མདོ་ལའི་འཕེལ་རྒྱས་ཀྱི་ཁེ་ཕན་ཐོབ་ཡུལ་ཡིན། ཁེ་ལས་ལ“རོགས་སྐྱོར”བྱེད་པ་ནི་ཕྱོགས་སྒྱུར་ལ“རོགས་སྐྱོར”བྱེད་པ་ཡིན་ལ། ཁེ་ལས་ལ“དྲོ་སྐྱིད”སྦྱིན་པ་ནི་རྨང་གཞི་ལ“དྲོ་སྐྱིད”སྦྱིན་པ་ཡིན། “ཁེ་ལས་ལ་རོགས་སྐྱོར་དང་དྲོ་སྐྱིད་སྦྱིན་པའི་དཔྱིད་རླུང་བྱ་སྤྱོད”སྤེལ་བ་ནི་འཕེལ་རྒྱས་ཐབས་ཤེས་རྩིངས་པ་དང་གསར་སྤེལ་བྱེད་སྟངས་སྲོལ་རྒྱུན་ཡིན་པའི་ཁེ་ལས་ལ་ཕྱོགས་སྒྱུར་རོགས་འདེགས་བྱེད་དགོས་པ་དེ་ཡིན་ལ། སྐྱེ་ཁམས་ཕྱུགས་ལས་ཀྱི་སྤུས་ཚད་དང་ནུས་ཕྱོད་མཐོར་འདེགས། བཟོ་ལས་དང་ཚོང་དོན་ལས་རིགས་ཕྱོགས་སྒྱུར་ལེགས་བཅོས། རིག་གནས་ཡུལ་སྐོར་ཚད་སྤོར་རིམ་འདེགས་བྱེད་དགོས་པ་ཡིན་པ་དང་། ཁེ་ལས་ཀྱི་བྱ་སྤྱོད་ཚད་ལྡན་དུ་བསྒྱུར་ཅིང་ཁེ་ལས་ཀྱི་འཕེལ་རྒྱས་ལ་ཞབས་འདེགས་ཞུས་ཏེ། ཁྲོམ་རའི་བྱེད་པོ་དྲོ་སྐྱིད་ཅན་དུ་ལྡོག་པ་དང་། དཔལ་འབྱོར་རྨང་གཞི་སྔར་བས་བརྟན་པོ་ཡོང་བར་བྱེད་དགོས་པ་ཡིན་ཞེས་བསྟན།

“ཁེ་ལས་ལ་རོགས་སྐྱོར་དང་དྲོ་སྐྱིད་སྦྱིན་པའི་དཔྱིད་རླུང་བྱ་སྤྱོད”སྤེལ་བར་ཅི་ཞིག་ལ“རོགས་རམ་”བྱེད་པ་དང་གང་ཞིག་ལ“དྲོ་སྐྱིད”སྦྱིན་པའི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། ཡུལ་གྲོང་ཁག་དང་ལས་ཁུངས་ཁག དེ་བཞིན་ལས་དོན་ཚོགས་ཆུང་ཁག་དང་ཁེ་ལས་རོགས་སྐྱོར་འབྲེལ་གཏུག་པ་བཅས་ཀྱིས་བསམ་བློའི་ཐོག་ནས་མཁྲེགས་འཛིན་གཏོར་བའི་སྔོན་སྐྱོད་པ་ཞིག་བྱས་ཏེ། ཁེ་ལས་པ་རང་མི་རུ་བརྩིས་ཤིང་ཁེ་ལས་ཀྱི་ལས་ཀ་རང་ཉིད་ཀྱི་ལས་ཀར་བརྩིས་ཐོག རྣམ་རིག་དང་སེམས་ཤུགས་དེ་ཚད་གཞི་མཐོ་ཤོས་དང་ནུས་ཕྱོད་མཐོ་ཤོས་ཀྱིས་ཁེ་ལས་ལ་ཞབས་འདེགས་ཞུ་བའི་ཐོག་བསྒྲིམས་ནས། བཅོས་སྒྱུར་ལ་དམ་འཛིན་དང་། འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་ཐད་འདོན་དགོས་ལ། སྲིད་ཁེ་དངུལ་གསུམ་ཁ་སྤྲོད་དང་། རྒྱུ་ཆ་ཁ་སྤྲོད། ལས་བེད་ཁ་སྤྲོད། ཁེ་ལས་གོང་འོག་ཁ་སྤྲོད་སོགས་ལས་དོན་ཁག་ཧར་ཐག་ངང་བསྒྲུབས་པས། སྲིད་ཇུས་དོན་འཁྱོལ་དཀའ་བ་དང་། ལས་གཞི་དོན་འཁྱོལ་དཀའ་བ། རྒྱུ་ཆ་གཙོ་བོ་འགན་ལེན་དཀའ་བ། མ་དངུལ་དཀའ་བ། ལས་བེད་དཀའ་བ་སོགས་ཀྱི་གནད་དོན་ནུས་ཕྱོད་ལྡན་པའི་ངང་ཐག་གཅོད་བྱས་ནས། ཐོན་ལས་སྦྲེལ་ཐག་དང་མཁོ་འདོན་སྦྲེལ་ཐག་བདེ་འཇགས་བརྟན་བརླིང་ཁག་ཐེག་ཡོང་བར་ནུས་ཤུགས་འདོན་དགོས།

ཚོགས་འདུས་བསྟན་དོན། གནད་དོན་གྱི་ཁྲིད་ཕྱོགས་མཐའ་འཁྱོངས་བྱེད་དགོས། འཕེལ་རྒྱས་བཅོས་སྒྱུར་སྡེ་ཚན་གྱིས་སྣེ་ཁྲིད་དེ་རྫོང་རིམ་པའི་མགོ་ཁྲིད་ཀྱི་འགན་གཙང་ལེན་མཉམ་འབྲེལ་ཁེ་ལས་དང་འགན་གཙང་ལེན་མཉམ་འབྲེལ་གཙོ་གནད་ལས་གཞིའི་ལམ་ལུགས་འཛུགས་པ་དང་། འགན་འཁྲིའི་མགོ་ཁྲིད་དང་སྣེ་ཁྲིད་ལས་ཁུངས་ཁ་གསལ་བཟོ་བ། དམིགས་ས་ལྡན་པའི་སྒོ་ནས་ལས་དོན་ཆེད་དོན་ཚོགས་ཆུང་འཛུགས་པ། གོང་འོག་མཉམ་འགུལ་དང་གཡས་གཡོན་མཐུན་སྦྱོར་བཅས་བྱས་ཏེ་གཞི་རིམ་དུ་བསྐྱོད་ནས་སྲིད་ཇུས་སྐྱེལ་བ་དང་། ཡུལ་དངོས་སུ་བརྟག་ཞིབ་དང་དཀའ་གནད་སེལ་བ། བྱ་སྤྱོད་ལ་མཛུབ་ཁྲིད་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པ་སོགས་ཀྱི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོར་བསྒྲུབ་དགོས། དམིགས་ཚད་ཀྱི་ཁྲིད་ཕྱོགས་མཐའ་འཁྱོངས་བྱེད་དགོས། “ཏང་ཨུ་དང་སྲིད་གཞུང་གི་གཙོ་ཁྲིད+ལས་རིགས་སྐུལ་སྤེལ+ལས་དོན་ཚོ་ཆུང+འབྲེལ་གཏུག་པ”བཅས་ཀྱིས་ཁེ་ལས་ལ་རོགས་སྐྱོར་བྱེད་པའི་ལམ་སྲོལ་གསར་འཛུགས་དང་འཐུས་ཚང་དུ་བཏང་སྟེ། ཁེ་ལས་འཕེལ་རྒྱས་ཁྲོད་གནས་པའི་སྲིད་ཇུས་དོན་འཁྱོལ་དང་། ཁྲོམ་ར་རྒྱ་སྐྱེད། མ་དངུལ་བསྡུ་རུབ་ཀྱི་རྒྱབ་སྐྱོར་སོགས་གཙོ་གནད་གནད་དོན་ཁག་ནུས་ལྡན་གྱིས་སེལ་ནས། བྱེད་པོ་འགན་སྲུང་དང་། བྱེད་པོ་འཕར་སྣོན། བྱེད་པོར་གསོན་ཤུགས་སྣོན་པ། བྱེད་པོ་སྟོབས་ལྡན་དུ་བསྒྱུར་བ་བཅས་ཀྱི་བྱ་སྤྱོད་དམིགས་ཚད་ནུས་ཤུགས་ཡོད་རྒུས་མངོན་འགྱུར་བྱེད་དགོས། ཁེ་ལས་ཁག་གིས་འཐབ་ཇུས་ཀྱི་གོ་སྐབས་བཟང་བོ་དང་འཕེལ་རྒྱས་ཀྱི་སྐར་ཁུང་དུས་སྐབས་དམ་པོར་བཟུང་ནས་ཡིད་ཆེས་སྔར་བས་བརྟན་དུ་གཏོང་བ་དང་། རང་ཚུགས་རང་སྟོབས་ཀྱིས་རང་ངོས་འཕེལ་རྒྱས་དེ་རྫོང་ཡོངས་ཀྱི་འཕེལ་རྒྱས་སྤྱི་ཇུས་ཁྲོད་སྔར་བས་ལེགས་པར་མཉམ་འདྲེས་བྱས་ཏེ། ནུས་ཤུགས་ཡོད་རྒུས་རྫོང་ཁོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། མཇུག་འབྲས་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་དགོས། “གློད་སྡོམ་ཞབས་ཞུ་གསུམ”གྱི་སྒྱུར་བཅོས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ་དང་། ཕན་ནུས་ལྡན་པའི་ཚོང་ར་དང་བྱས་པ་ཡོད་པའི་སྲིད་གཞུང་སྔར་བས་ཟུང་འབྲེལ་ལེགས་པོ་བྱེད་པར་སྐུལ་འདེད་གཏོང་བ། སྲིད་འཛིན་ཆོག་འཐུས་དོན་ཚན་གསལ་ཐོའི་དོ་དམ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་དང་། དྲང་སྙོམས་འགྲན་རྩོད་སྲུང་སྐྱོང་། སྤུས་ཚད་སྤུས་རྟགས་མཐོར་འདེགས། བདེ་འཇགས་ཀྱི་མཐའ་ཚད་བརྟན་པོར་བཟོ་བ་སོགས་ཀྱི་ཐད་ལ་རྒྱུན་མཐུད་ཤུགས་འདོན་བྱེད་དགོས། ཚོང་རའི་བྱེད་པོའི་ཁུར་བོ་ཇེ་ཆུང་དུ་གཏོང་གང་ཐུབ་བྱས་ཏེ། “ཁེ་ལས་ལ་རོགས་སྐྱོར་དང་དྲོ་སྐྱིད་སྦྱིན་པ”དང་། ཁེ་ལས་ལ་སྟོབས་ཤུགས་སྩོལ་བའི་ཐབས་མང་མཉམ་སྤྱོད་ལ་སྐུལ་འདེད་བཏང་ནས། ལས་གཞི་འཛུགས་སྐྲུན་དང་། མ་དངུལ་རྒྱུན་འཁོར། རྒྱུ་ཆ་གཙོ་བོ་འགན་ལེན་བཅས་ཀྱི་ཐད་ལ“མཐོང་ཐོས་དྲན་རེག་ལྡན་པའི”རོགས་སྐྱོར་བྱེད་དགོས་པར་མ་ཟད། ཁྲོམ་ར་གསར་གཏོད་དང་། ལག་རྩལ་གསར་གཏོད། ཕན་འབྲས་འཕར་སྣོན་བཅས་ཀྱི་ཐད་ལ“ཁ་ཡོད་ལག་ཡོད”ཀྱི་རོགས་རམ་བྱས་ཏེ། ཁེ་ལས་འབྲིང་ཆུང་གི་རྩིས་ཁྲ་ཆད་འགྱངས་འབྱུང་བ་སྔོན་འགོག་གཙང་སེལ་དང་། ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་སྲ་བརྟན། ཁེ་ལས་རྒྱ་སྐྱེད་དང་སྟོབས་ལྡན། ལེགས་ཆ་ཅན་དུ་གཉེར་བར་སྐུལ་འདེད་བཏང་ནས། ཁེ་ལས་ཀྱི་སྔོན་རྩིས་བརྟན་འཇགས་དང་ཁུར་བོ་འཕྲི་སེལ། ཡིད་ཆེས་གོང་སྤེལ་བཅས་ལ་ནུས་ཤུགས་འདོན་དགོས།

b.jpg

ཚོགས་འདུའི་ཐོག ཡུལ་ཚོ་དང་གྲོང་རྡལ་ཁག་དང་། ལས་ཁུངས་སོ་སོ། ད་དུང་ལས་དོན་ཚོགས་ཆུང་ཁག་དང་ཁེ་ལས་རོགས་སྐྱོར་འབྲེལ་གཏུག་པས་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་ཁུལ་སྲིད་གཞུང་གི“གནད་སྨིན་རང་བཞིན་དང་རྒྱ་ཁྱབ་རང་བཞིན་ཟུང་འབྲེལ་སྒོས་གཙོ་གནད་འབུར་ཐོན་དང་། ཡོངས་ཁྱབ་ཕན་བཏགས”ཀྱི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ་ཁེ་ལས་ཀྱི་ཕན་བཏགས་སྲིད་ཇུས་ཇི་མ་ཇི་བཞིན་དོན་འཁྱོལ་དང་། ཁེ་ལས་ལ་འདྲི་བཅར་ཞབས་ཞུའི་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་དགོས་ཤིང་། ཁེ་ལས་ལ་རོགས་རམ་བྱས་ཏེ་དཀའ་ངལ་སེལ་དགོས། དངོས་གནས་ཁེ་ལས་ལ་དྲོད་ཚད་དང་ནུས་ཤུགས་ཚོར་དུ་བཅུག་སྟེ། རྫོང་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་ཤེད་ཤུགས་འདོན་དགོས། “ཆབ་སྲིད་ཀྱི་སྟོབས་ཤུགས་གསུམ”སྔར་བས་ཆེ་རུ་བཏང་ནས“ཁེ་ལས་ལ་རོགས་སྐྱོར་དང་དྲོ་སྐྱིད་སྦྱིན་པའི་དཔྱིད་རླུང་བྱ་སྤྱོད”དེ“འདུ་ཤེས་བཞི”ཤུགས་དྲག་ཏུ་གཏོང་བའི་ཞིབ་ཕྲའི་ལག་ལེན་དང་། “སྲུང་སྐྱོང་གཉིས”ལག་ལེན་བསྟར་བའི་ཚད་གཞི་གལ་ཆེན་ཞིག་ཏུ་བརྩིས་ཡོད་ཅིང་། དཀའ་སྤྱད་འབད་བརྩོན་གྱི་སྙིང་སྟོབས་ཀྱིས་ཁེ་ལས་ཀྱི“འགག་གནད”དང“གཙོ་གནད”“དཀའ་གནད”ཀྱི་གནད་དོན་ཐག་གཅོད་བྱེད་དགོས། ཡུལ་ཚོ་དང་གྲོང་རྡལ་ཁག སྡེ་ཚན་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོས་འགན་འཁྲི་ཤེས་པ་དང་། འགན་འཁྲི་འཁུར་བ། འགན་འཁྲི་ལག་བསྟར་བཅས་བྱེད་དགོས་ཤིང་། ལྷག་པར་དུ་སྲིད་ཇུས་སྒྲོག་འགྲེལ་དང་། རྒྱུ་ཆས་འགན་ལེན། ལས་གཞི་རྐང་འཇོག་སོགས་གཙོ་གནད་ལས་དོན་ལ་དངོས་སུ་སྔོན་ནས་བཀོད་སྒྲིག་དམ་འཛིན་དང་། སྐུལ་འདེད་དམ་འཛིན། དོན་འཁྱོལ་དམ་འཛིན་བཅས་བྱེད་དགོས། ཁེ་ལས་རོགས་སྐྱོར་འབྲེལ་གཏུག་པས“མི་ཚང་མ་ཚོང་གཉེར་ཁོར་ཡུག་ཡིན་པའི”འདུ་ཤེས་བརྟན་པོ་འཛུགས་དགོས་ཤིང་། འགན་འཁྲི་སྒྲུབ་པ་དང་མཉམ་ཤུགས་ཆགས་པ་བྱས་ཏེ“ཕྱི་མི”མི་བྱེད་པ་དང་། “ལོགས་ལྟ་མཁན”མི་བྱེད་པ། ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་ཁེ་ལས་པ་དང་འབྲེལ་གཏུག་འགྲོ་འོང་བྱེད་པ་དང་། ལྷག་པར་དུ་ཁེ་ལས་འཕེལ་རྒྱས་ལ་དཀའ་ངལ་འཕྲད་པའི་གནས་ཚུལ་འོག་དེ་བས་ཀྱང་ཧུར་བརྩོན་གྱིས་ལས་དོན་སྒྲུབ་པ་དང་སྔོན་ནས་ཞབས་འདེགས་ཞུ་དགོས་ཤིང་། “ཉེ་བཅར”རྒྱུན་འཁྱོངས་བྱེད་པ་དང་དུས་མཚུངས་སུ“དག་གཙང”ཡོང་བར་དེ་བས་ཀྱང་དོ་སྣང་བྱས་ཏེ། ཐོག་མཐའ་བར་གསུམ་དུ་བྱ་བ་སྒྲུབ་པར་རྩ་དོན་ལ་དང་དོད་དང་། བྱ་བ་སྒྲུབ་ན་ཚད་དང་ལྡན་པར་བྱེད་དགོས། དངོས་ཐོག་བདེན་འཚོལ་དང་གནད་སྨིན་ཇུས་བསྟར་ཐད་འབད་བརྩོན་བྱས་ཏེ“ཁེ་ལས་ལ་རོགས་སྐྱོར་དང་དྲོ་སྐྱིད་སྦྱིན་པའི་དཔྱིད་རླུང་བྱ་སྤྱོད”ལེགས་འགྲུབ་ལ་འགན་ལེན་བྱེད་དགོས་ཤིང་། གནད་དོན་ཐག་གཅོད་བྱེད་ཚད་དང་ཁེ་ལས་ཀྱི་ཡིད་སེམས་ཚིམ་ཚད་མཐོར་འདེགས་ནུས་ལྡན་གཏོང་དགོས། རིགས་དབྱེ་ཇུས་བསྟར་བྱ་རྒྱུར་དོ་སྣང་བྱས་ནས་ཁེ་ལས་ལ་འཕྲད་པའི་མ་དངུལ་བསྡུ་སྒྲིལ་དཀའ་བ་དང་། ལས་མི་བསྡུ་དཀའ་བ། སྐྱེལ་འདྲེན་དཀའ་བ། ཉོ་སྒྲུབ་དཀའ་བ། མངགས་ཐོ་དཀའ་བ། ཁ་དན་ལག་བསྟར་དཀའ་བ། དངུལ་སློག་དཀའ་བ་སོགས་ཀྱི་དཀའ་གནད་སྣ་ཚོགས་གཅིག་གྱུར་གྱིས་ཐག་གཅོད་གང་ལེགས་བྱས་ཏེ། “འབེན་ཕྱོགས་དཀའ་སེལ”ལེགས་པོར་སྒྲུབ་དགོས། ཕྱོགས་བསྡུས་ཇུས་བསྟར་ལ་མཐོང་ཆེན་སྒོས་རྒྱལ་ཁབ་ཀྱིས་བཏོན་པའི་ཁྲལ་བསྡུའི་གཟིགས་སྐྱོང་རབ་དང་རིམ་པ་དང་། དུས་མཚམས་རང་བཞིན་གྱིས་ཁེ་ལས་ལས་བཟོ་བའི་གཞི་རྩའི་རྒན་གསོའི་འགན་བཅོལ་དངུལ་དང་། ལས་ཤོར་འགན་བཅོལ་དངུལ། ལས་རྨས་འགན་བཅོལ་དངུལ་སོགས་ཀྱི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཁེ་ལས་ལ་སྲིད་ཇུས་ཀྱི་ཁེ་བཟང“འདང་ངེས”ལོངས་སུ་སྤྱོད་ཐུབ་པ་བྱེད་དགོས། ཁེ་ལས་ཀྱི་གཉེར་སྐྱོང་ལ་འཕྲད་པའི་དངོས་ཡོད་དཀའ་གནད་ལ་གཞིགས་ནས་སྲིད་ཇུས་ཀྱི“ཡོ་བྱད་སྒམ”དུས་ཐོག་ཏུ་སྒྱུར་སྒུལ་བྱེད་པ་དང་། དམིགས་བསལ་དཀའ་ངལ་ཡོད་པའི་ལས་རིགས་ལ་རྒྱབ་སྐྱོར་གྱི་དཀའ་ངལ་སེལ་བའི་བྱེད་ཐབས་གཏན་འབེབས། སྲིད་ཇུས་ཀྱི“ཕྱོགས་སྒྲིལ་ཁུ་ཚུར”ལེགས་པོར་བརྒྱབ་ནས་ཁེ་ལས་ཀྱིས་ཁེ་ལས་ལ་ཕན་པའི་སྲིད་ཇུས་ལོངས་སྤྱོད་གང་ལེགས་ཐུབ་པའི་འགན་སྲུང་ཐུབ་དགོས། སྔོན་ལ་ཇུས་བསྟར་བྱ་རྒྱུར་སྣང་ཆེན་བྱས་ནས་སྲིད་ཇུས་ཀྱི“སྒོ་རྩར་ཞབས་ཞུ”སྤེལ་བ་དང་། “བར་ཐག་མེད་པར”ཁེ་ལས་ཀྱི་རྒྱུ་ཆ་མཁོ་སྤྲོད་དང་། ལས་མི་བཀོལ་སྤྱོད། མ་དངུལ་སོགས་ཀྱི་ཐད་འཕྲད་པའི་དཀའ་ངལ་ཐག་གཅོད་བྱས་ཏེ་ཁེ་ལས་ལ་རོགས་སྐྱོར་དང་དྲོ་སྐྱིད་སྦྱིན་པའི་སྲིད་ཇུས་དོན་འཁྱོལ་ཕན་འབྲས་དང་ལྡན་པར་སྐུལ་འདེད་གཏོང་དགོས། “སྒྲོག་གཅིག བརྟན་གཉིས། སྐུལ་གསུམ། སྲུང་བཞི”བཅས་ཀྱི་སྒྲོག་འགྲེལ་ལས་དོན་དང་ཟུང་འབྲེལ་སྒོས། སྲིད་ཇུས་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁེ་ལས་ལ་མཛུབ་ཁྲིད་བྱས་ཏེ་ཁེ་ཕན་སྲིད་ཇུས་རེ་ཞུའི་ཆ་རྐྱེན་དང་བརྒྱུད་རིམ་ལ་རྒྱུས་མངའ་ཡོད་པར་བྱེད་དགོས། སྲིད་ཇུས་དོན་འཁྱོལ་གྱི“མཐའ་མའི་འགག་གནད”ཤར་གཏོང་ནུས་ལྡན་བྱས་ཏེ་སྲིད་ཇུས་ཀྱི“ཁེ་བཟང”ཁེ་ལས་ཀྱིས་ཤེས་རྟོགས་དང་ཐོབ་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་བླང་བྱ་བཏོན།

ཚོགས་འདུའི་སྟེང་ཞིང་ཆེན་ཡོངས་ཀྱི“ཁེ་ལས་ལ་རོགས་སྐྱོར་དང་དྲོ་སྐྱིད་སྦྱིན་པའི་དཔྱིད་རླུང་བྱ་སྤྱོད”ཀྱི་ཁེ་ལས་པའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་དང་། མཚོ་བྱང་ཁུལ་གྱི“ཁེ་ལས་ལ་རོགས་སྐྱོར་དང་དྲོ་སྐྱིད་སྦྱིན་པའི་དཔྱིད་རླུང་བྱ་སྤྱོད”ཀྱི་ཚོགས་ཆེན། མཚོ་བྱང་ཁུལ་གྱི“ཁེ་ལས་ལ་རོགས་སྐྱོར་དང་དྲོ་སྐྱིད་སྦྱིན་པའི་དཔྱིད་རླུང་བྱ་སྤྱོད”བཀོད་སྒྲིག་འཆར་འགོད་ཚོགས་འདུ་དང་ཁེ་རོགས་འབྲེལ་གཏུག་པའི་དམ་འཇོག་ཚོགས་ཆེན། མཚོ་བྱང་ཁུལ་གྱི“ཁེ་ལས་ལ་རོགས་སྐྱོར་དང་དྲོ་སྐྱིད་སྦྱིན་པའི་དཔྱིད་རླུང་བྱ་སྤྱོད”ཀྱི་བརྙན་ལམ་བཀོད་གཏོང་ཚོགས་འདུ་ཐེངས་དང་པོའི་དགོངས་དོན་བརྒྱུད་སྒྲོག་བྱས། 《མདོ་ལ་རྫོང་གི་གོ་སྐབས་དམ་འཛིན་བྱས་ནས་འཕེལ་རྒྱས་སྐུལ་བའི་བྱེད་སྒོའི་ཇུས་གཞི》དང་། 《མདོ་ལ་རྫོང་གི་ཁེ་ལས་ལ་རོགས་སྐྱོར་དང་དྲོ་སྐྱིད་སྦྱིན་པའི་བྱ་སྤྱོད་ཇུས་གཞི》《མདོ་ལ་རྫོང་གི་བཟོ་ལས་ཀྱི་གཞི་ཁྱོན་རྒྱ་སྐྱེད་དང་ཐོན་འཕར་བྱ་སྤྱོད་ཇུས་གཞི》《མདོ་ལ་རྫོང་གི་དེང་རབས་ཞིང་ཕྱུགས་སྤུས་ཚད་མཐོར་གཏོང་བྱ་སྤྱོད་ཇུས་གཞི》བཅས་ལ་གསལ་འགྲེལ་བྱས།

ཚོགས་འདུར་ཞུགས་མཁན་ཁྲོད་ད་དུང་ཁྱིམ་དུ་ཡོད་པའི་རྫོང་རིམ་པའི་མགོ་ཁྲིད་དང་དེ་བཞིན་རྫོང་ཨུའི་སྡེ་ཚན་ཁག་དང་། རྫོང་ཐད་གཏོགས་ལས་ཁུངས་ཀྱི་ཚན་པ་ཁག ཡུལ་ཚོ་དང་གྲོང་རྡལ་ཁག་གི་འགན་འཁུར་བ་གཙོ་བོ། ཁེ་ལས་པའི་འཐུས་ཚབ་བཅས་ཡོད།

ཁེ་ལས་ལ་རོགས་སྐྱོར་དང་དྲོ་སྐྱིད་སྦྱིན་པའི་འབྲེལ་གཏུག་མཁན་དང་ཁེ་ལས་འཐུས་ཚབ་ཀྱིས་གཏམ་བཤད་གནང་།

མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་ཀྱིས་བསྒྱུར།


མཉམ་སྤྱོད།