དེ་རིང་ནི2024ལོའི་ཟླ09པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

2023ལོའི་ཀྲུང་གུང་མཚོ་བྱང་ཁུལ་ཨུའི་ཡིག་ཆ་ཨང1པོའི་གཙོ་གནད་གཅེས་བཏུས།

2023-03-02 15:21:34   |   230

སྒྲིག་སྒྱུར།  སངས་དོན།  ཡོང་ཁུངས། ཁུལ་ཨུའི་ཞིང་སྡེའི་བྱ་བའི་མགོ་ཁྲིད་ཚན་ཆུང་།   བཤེར་འབེབས།     རིན་ཆེན་ཚེ་རིང་། 


གཅིག  ལྟོ་རྒྱབ་རང་ལག་ཏུ་དམ་པོ་འཛིན་པ་དང་། སྟོབས་ཤུགས་ཡོད་ཚད་ཀྱིས་འབྲུ་རིགས་བདེ་འཇགས་དང་རྨོ་ཞིང་སྲུང་སྐྱོང་དམ་འཛིན་ཡག་པོ་བྱེད་པ།

(གཅིག)འབྲུ་སྣུམ་ཐོན་སྐྱེད་བརྟན་པོ་ཡོང་བ་བྱེད་པ། ཞིང་ལས་ཐོན་སྐྱེད་ཀྱི་བཀོད་པ་ལེགས་སུ་གཏོང་བ་དང་། འབྲུ་སྣུམ་ཐོན་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད་སྤེལ་བ། ནས་ཀྱི་སོན་བཟང་གསོ་སྤེལ་བྱ་བའི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། འབྲུ་སྣུམ་གྱི་སྣ་ཁ་གསར་པ་དང་ལག་རྩལ་གསར་པ། ནད་འབུའི་གནོད་འཚེ་ཚབས་ཆེན་གཅིག་གྱུར་འགོག་བཅོས་ཀྱི་ལག་རྩལ་ཁྱབ་གདལ་དང་བེད་སྤྱོད་ཡག་པོ་བྱེད་པ།

(གཉིས) རྨོ་ཞིང་སྲུང་སྐྱོང་དང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། རྨོ་ཞིང་གི་ཆེས་གཟབ་ནན་གྱི་སྲུང་སྐྱོང་ལམ་ལུགས་དོན་འཁྱོལ་བྱས་ཏེ། རྨོ་ཞིང་བཀོལ་སྤྱོད་དང་ཁ་གསབ་དོ་མཉམ་གྱི་དོ་དམ་ནན་པོ་བྱེད་པ་དང་། རྨོ་ཞིང་གི་སྤྱོད་སྒོ་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་དགོས། རྒྱལ་ཡོངས་ཀྱི་ས་རྒྱུ་ཡོངས་བཤེར་ཐེངས་གསུམ་པ་ཁྱོན་ཡོངས་ནས་སྤེལ་བ། སྔོན་ལ་སྲུང་སྐྱོང་དང་། བདེ་འཇགས་བེད་སྤྱོད། དོ་དམ་ཚོད་འཛིན་བཅས་ཀྱི་བྱེད་ཐབས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། རྨོ་ཞིང་དེ“ཞིང་མིན་ཅན”དུ་འགྱུར་རྒྱུར་བཀག་འགོག་མཐའ་གཅིག་ཏུ་བྱེད་པ་དང་། “འབྲུ་མིན་ཅན”དེ་བརྟན་བརླིང་གིས་བཅོས་སྐྱོང་བྱེད་པ། ས་རྒོད་དུ་ལུས་པ་སོགས་ཀྱི་རྨོ་ཞིང་ཐོན་ཁུངས་སླར་གསོ་བེད་སྤྱོད་བྱེད་དགོས།

(གསུམ) འབྲུ་རིགས་བདེ་འཇགས་ཀྱི་འགན་སྲུང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཞིང་ལས་ཐོན་སྐྱེད་རྒྱུ་ཆ་མཁོ་སྤྲོད་དང་འགན་ལེན།  རིན་གོང་བཅས་བརྟན་པོ་བཟོ་བའི་ཁ་གཏད་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། རིན་གོང་དང་ཁ་གསབ། འགན་བཅོལ་བཅས་ཕྱོགས་གསུམ་གཞི་གཅིག་གི་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་དགོས། རྒྱལ་ཁབ་ཀྱི་འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་གྱི་གསོག་འཇོག་ལས་འགན་ལེགས་འགྲུབ་བྱེད་དགོས། རྫས་ལུད་སོགས་ཞིང་ལས་རྒྱུ་ཆ་ཐོན་སྐྱེད་དང་གསོག་འཇོག  གཏོང་འདྲེན་ཡག་པོ་བྱས་ནས་ཞིང་ལས་རྒྱུ་ཆའི་རིན་གོང་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་དགོས།

གཉིས། བསམ་གཞིགས་བྱེད་སྟངས་སྒྱུར་བཅོས་དང་། མགྱོགས་མྱུར་སྒོས་གྲོང་གསེབ་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།

(གཅིག) ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ལས་ཇེ་བཟང་དང་ཇེ་ལེགས་སུ་གཏོང་བ། བོད་ལུག་དང་འབྲི་གཡག  ནས། ལོག་དཀར། གཟན་རྩྭ་བཅས་གཙོ་ཁྲིད་ཐོན་ལས་ཆེན་པོ་ལྔ་ཆེ་ཆེར་སྐྲུན་པ་དང་། བཤས་ཕྱུགས་དང་བཤས་ལུག  སྦྲང་རྩི། ཤ་མོ་སེར་པོ། ཆུ་གྲང་ཉ། ཤ་མོ། གྲོ་མ། སྔོ་ཚལ་སོགས་ཁྱད་ལྡན་ཐོན་ལས་ཆེན་པོ་བརྒྱད་ཞིབ་ཚགས་བྱས་ཏེ། ཀྲུང་ལུགས་དང་བོད་ལུགས་སྨན་རྩྭ་དང་། རྩྭ་ཕག  རྩྭ་ཐང་གི་སྐྱེ་ཁམས་བྱ་ཕོ་སོགས་ཐོན་ལས་སྐྱེད་སྲིང་ཧུར་ཐག་བྱས་ནས“5+8+N”ཞིང་ཕྱུགས་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་སྐྱོང་བྱེད་དགོས།  མགྱོགས་མྱུར་སྒོས་སྤུས་ལེགས་ནས་དང་ལོག་དཀར་འདེབས་གསོའི་དཔེ་སྟོན་རྟེན་གཞི་དང་ཐོན་ཚད་མཐོ་བའི་ནས་ཀྱི་འདེབས་གསོའི་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། ཞིང་ཕྱུགས་ལས་ཀྱི་ཐོན་སྐྱེད་འཕར་སྣོན་གྱི་ཁ་ཕྱོགས་དེ་སྤུས་ཚད་མཐོ་བའི་ཕྱོགས་སུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་དགོས།

(གཉིས)གྲོང་གསེབ་ཐོན་ལས་ཀྱི་ལས་རྣམ་གསར་པ་སྐྱེད་སྲིང་བྱེད་པ། རིག་གནས་གནས་སྐོར་ཐོན་ལས་ཀྱིས་གྲོང་གསེབ་དར་རྒྱས་ལ་སྒུལ་ནུས་སྩོལ་བའི་འཆར་གཞི་ལག་བསྟར་བྱེད་དགོས། བོད་ཀྱི་རྒྱན་ཆ་ལས་སྣོན་དང་། མི་རིགས་གྱོན་ཆས། རྡོ་བརྐོས་སོགས་མཚོ་བྱང་གི་ཁྱད་ཆོས་ལྡན་པའི་དམངས་ཁྲོད་ཀྱི་སྲོལ་རྒྱུན་མི་རིགས་བཟོ་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། མི་རིགས་ཀྱི་དམངས་ཁྲོད་སྲོལ་རྒྱུན་རིག་གནས་དང་མངོན་མིན་རིག་གནས་ཐོན་ལས་སྐྱེད་སྲིང་ཧུར་ཐག་བྱས་ཏེ། མཚོ་བྱང་གི་ཁྱད་ཆོས་ལྡན་པའི“རྗེས་གྲབས་ཚོང་ཟོག”དང“ལག་སྐྱེས”ཁག་གཅིག་གསར་སྤེལ་བྱེད་དགོས། གྲངས་འཛིན་གྲོང་གསེབ་ཚད་ལྡན་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། “གྲངས་གཞི་དང་ཚོང་ལས་ཀྱིས་ཞིང་ལས་དར་རྒྱས་གཏོང་བའི་”ལས་གཞི་ལག་བསྟར་བྱེད་དགོས།

(གསུམ)ཞིང་ཕྱུགས་ལས་གོང་འཕེལ་གཏོང་བའི་རྨང་གཞི་བརྟན་པོ་གཏོང་བ། “གཅིག་ཅན་བདུན”གྱི་བཟོ་སྐྲུན་འཛུགས་སྐྲུན་བྱས་ནས་རྫོང་རེར་འབྲི་གཡག་དང་བོད་ལུག་མགོ་གྲངས་ཁྲི་སྟོང་ཅན་གྱི་གསོ་ཚགས་རྟེན་གཞི་འཛུགས་སྐྲུན་བརྩོན་ལེན་དང་། གཟན་ཆས་བཟོ་གྲྭ་དང་ཕྱུགས་རིགས་ཉོ་ཚོང་ཁྲོམ་ར། བཤས་ར། གྲང་མཛོད་འཁྱག་སྦྱོར། སྐྱེ་ལྡན་ལུད་བཟོ་གྲྭ། ནས་དང་ལོག་དཀར། ནགས་རྩྭ་ཐོན་རྫས་ལས་སྣོན་བཟོ་གྲྭ་སོགས་སྐྱེ་ཁམས་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་རྨང་གཞིའི་སྒྲིག་བཀོད་བཀོད་སྒྲིག་ཡག་པོ་བྱེད་དགོས། རྒྱལ་ཁབ་རིམ་པའི་དེང་རབས་ཞིང་ལས་ཐོན་ལས་གླིང་གསར་སྐྲུན་དང་། འབྲུ་རིགས་སྲོ་སྐམ་དང་ཞིང་ཕྱུགས་ཐོན་རྫས་ཐོན་ཡུལ་གྱི་གྲང་ཉར་དང་འཁྱག་སྦྲེལ་ཟོག་འདྲེན་གྱི་སྒྲིག་བཀོད་འཛུགས་སྐྲུན་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་དགོས། མགྱོགས་མྱུར་སྒོས་ཞིང་ཆུ་ཡུར་འདྲེན་ས་ཁུལ་ཆུང་འབྲིང་གི་རྒྱུན་མཐུད་ཆ་སྡེབ་འཛུགས་སྐྲུན་དང་ཆུ་གྲོན་ཆུང་བསྒྱུར་བཀོད་ལས་དོན་ལ་སྐུལ་འདེད་གཏོང་བ་དང་། སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས།

(བཞི)གཉེར་སྐྱོང་བྱེད་པོ་གསར་པ་གསོ་སྐྱོང་བྱེད་པ། “འབྲོག་དུད་ཆུང་གྲས་དེ་འབྲོག་ར་ཆེན་པོར་ཆགས་པ་དང་། འབྲོག་ར་ཆེན་པོ་དེས་རྟེན་གཞི་ཆེན་པོར་འབྲེལ་བ། རྟེན་གཞི་ཆེན་པོས་གླིང་ཁུལ་ཆེན་པོ་གསར་སྐྲུན་བྱེད་པ། གླིང་ཁུལ་ཆེན་པོས་ཁེ་ལས་ཆེན་པོ་སྐྱེད་སྲིང་བྱེད་པ། ཁེ་ལས་ཆེན་པོས་སྤུས་རྟགས་ཆེན་པོ་བཏོད་པ། སྤུས་རྟགས་ཆེན་པོས་ཐོན་ལས་ཆེན་པོ་འཕེལ་བ། ཐོན་ལས་ཆེན་པོས་ཁྲོམ་ར་ཆེན་པོ་གསར་འབྱེད་བྱེད་པའི་”ཐོན་ལས་འཕེལ་རྒྱས་ཀྱི་འདུ་ཤེས་འཛུགས་པ་བཅས་བྱས་ཏེ། “ཐོན་སྐྱེད། ལས་སྣོན། ཕྱི་བཙོང་”དང“ཞིང་ལས། བཟོ་ལས། ཚོང་ལས”བཅས་མཉམ་འདྲེས་འཕེལ་རྒྱས་ཀྱི་དེང་རབས་ཞིང་ཕྱུགས་ལས་གཉེར་སྐྱོང་མ་ལག་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་དགོས། རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་འཕེལ་རྒྱས་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་ནས་ཞིང་ཕྱུགས་ལས་ལེགས་བསྡུས་ཞིབ་གཉེར་ཅན་དང་ཆེད་ལས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། སྣེ་འདྲེན་ཁེ་ལས་རིགས་སྒྱུར་རིམ་སྤོར་ལ་རྒྱབ་སྐྱོར་བྱེད་དགོས། གྲོང་ཚོའི་ཐུན་མོང་དཔལ་འབྱོར་མ་རྐང་ལམ་ལུགས་ཀྱི་མཉམ་ལས་ཁང་གཉེར་སྐྱོང་དང་དོ་དམ་བྱེད་པར་སྐུལ་འདེད་གཏོང་དགོས། ཁ་གཏད་མཚོ་སྐྱོར་དང་། ཤར་ནུབ་རྒྱུད་བར་གྱི་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་ཆ་འཕྲིན་སྤེལ་རེས་དང་བཟང་ཆ་གསབ་རེས་མངོན་འགྱུར་བྱེད་དགོས།

གསུམ། ལྗང་མདོག་འཕེལ་རྒྱས་བཏང་ནས། རང་ཁུལ་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་གཏོང་བ།

(གཅིག)དཔེ་སྟོན་སྣེ་ཁྲིད་ལ་དོ་སྣང་བྱེད་པ། ཧུར་ཐག་གིས་ཕྱིར་གཏོང་བྱ་ཡུལ་གྱི་སྔོན་སྐྱོད་དཔེ་སྟོན་ཁུལ་དང་སྔོན་སྐྱོད་དཔེ་སྟོན་རྫོང་གསར་འཛུགས་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཕྱིར་གཏོང་བྱ་ཡུལ་གྱི་སྔོན་སྐྱོད་དཔེ་སྟོན་མ་དཔེ་གསར་བཟོ་བྱེད་པ་དང་། རོང་ཁུལ་གྱི་ལྗང་མདོག་ཅན་དང་འབྲོག་ཁུལ་གྱི་སྐྱེ་ལྡན་ཅན། ཐོན་སྐྱེད་གཉེར་སྐྱོང་ཚད་ལྡན་ཅན། ཁྱད་ལྡན་ཐོན་རྫས་ཐོན་ལས་ཅན་བཅས་ཀྱི་གོམ་སྟབས་མགྱོགས་སུ་གཏོང་དགོས། རོང་འབྲོག་ལས་ཀྱི་སྤུས་ཚད་ཕན་འབྲས་དང་འགྲན་རྩོད་ནུས་པ་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས།

(གཉིས)ཞིང་ཕྱུགས་ལས་ཀྱི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྨོ་ཞིང་གི་ས་རྒྱུའི་སྦགས་བཙོག་འགོག་བཅོས་བྱེད་སྒོ་གཏིང་ཟབ་སྤེལ་དགོས། རྐང་ཚ་རྫོང་གི་རྒྱལ་ཁབ་རིམ་པའི་ཞིང་ལས་ལྗང་མདོག་འཕེལ་རྒྱས་ཀྱི་སྔོན་སྐྱོད་ས་ཁུལ་འཛུགས་སྐྲུན་དང་མདོ་ལ་རྫོང་གི་རྒྱལ་ཁབ་རིམ་པའི་ཞིང་ལས་ལྗང་མདོག་འཕེལ་རྒྱས་ཀྱི་སྔོན་སྐྱོད་ས་ཁུལ་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། སྐྱེ་ལྡན་ལུད་རྫས་ཀྱིས་རྫས་འགྱུར་ལུད་རྫས་ཀྱི་ཚབ་བྱས་ནས་ལུད་རྫས་ཉུང་དུ་གཏོང་བ་དང་ཕན་འབྲས་ཆེ་རུ་གཏོང་བའི་བྱ་སྤྱོད་རྒྱུན་མཐུད་ངང་ཁྱབ་སྤེལ་གཏོང་བ་དང་།  རྩྭ་ཐང་གི་སྐྱེ་ལྡན་བདེན་དཔང་གི་ར་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་དགོས། གཞི་ཁྱོན་ལྡན་པའི་གསོ་སྤེལ་ར་བའི་སྒོ་ཕྱུགས་དང་ཁྱིམ་བྱའི་ལུད་གནོད་མེད་ཅན་དུ་བསྒྱུར་བ་དང་། ཐོན་ཁུངས་ཅན་དུ་བེད་སྤྱོད་བྱེད་པའི་ལས་སྣོན་གྱི་རྨང་གཞིའི་སྒྲིག་བཀོད་མཐོར་འདེགས་དང་བསྒྱུར་བཀོད་བྱེད་པར་རྒྱབ་སྐྱོར་བྱེད་དགོས། ཁུལ་རིམ་པ་དང་མདོ་ལ། འཇུ་ལག་རྫོང་རིམ་པའི་ཞིང་ཕྱུགས་ཐོན་རྫས་རྟོག་འཇལ་ལས་ཁུངས་ཀྱི“ཁས་ལེན་གཉིས”ཀྱི་ལས་དོན་ཡོངས་འགྲུབ་བྱེད་དགོས། ཆུ་དང་མཚོ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། རྨ་ཆུ་འབབ་རྒྱུད་དུ་ལོ་བཅུའི་རིང་ཉ་མོ་འཛིན་བཟུང་བཀག་སྡོམ་དང་ཐེངས་དྲུག་པའི་མཚོ་སྔོན་པོའི་མཚོ་རྒྱ་ཉ་གསོ་ལས་དོན་ལ་སྐུལ་འདེད་གཏོང་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་ཆུ་དང་མཚོ་ཡི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་ལག་བསྟར་བྱེད་དགོས། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་བྱ་དགའི་སྲིད་ཇུས་དོན་འཁྱོལ་ནན་པོ་བྱེད་དགོས། ཕྱི་འོང་སྲོག་ཆགས་དང་སྐྱེ་དངོས་ཁྲིམས་འགལ་གྱིས་ནང་འདྲེན་བྱེད་པའི་བྱ་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་བ་དང་། ཚེ་ཐར་གཏོང་བའི་ཚད་ལྡན་དོ་དམ་ལ་ཤུགས་སྣོན་རྒྱག་དགོས།

(གསུམ)ཞིང་ཕྱུགས་ཐོན་རྫས་ལས་སྣོན་ལས་རིགས་གོང་འཕེལ་གཏོང་བ། ཞིང་ཕྱུགས་ཐོན་རྫས་ལས་སྣོན་ཆུ་ཚད་མཐོ་རུ་གཏོང་བའི་བྱ་སྤྱོད་ལག་བསྟར་བྱེད་པ་དང་། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་གྱི་ཐོན་ལས་གླིང་དང་ཞབས་ཞུ་ལྟེ་གནས་འཛུགས་སྐྲུན་བྱེད་མགོ་འཛུགས་དགོས། སྣེ་འདྲེན་ཁེ་ལས་ཀྱི་ཞིང་ཕྱུགས་ཐོན་རྫས་ཞིབ་ཚགས་ལས་སྣོན་དང་ཞོར་ཐོན་ཐོན་རྫས་ཕྱོགས་བསྡུས་བེད་སྤྱོད་བྱེད་པར་ཁྲིད་སྟོན་བྱེད་དགོས།

(བཞི)ཞིང་ཕྱུགས་ཐོན་རྫས་འཁོར་རྒྱུག་ཞབས་ཞུའི་མ་ལག་འཛུགས་པ། ཞིང་ཕྱུགས་ཐོན་ཟོག་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས་ཁུལ་ཡོངས་ཀྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་ཟོག་གི“སྤུས་ལེགས་མཛོད་ཁང་”བསྐྲུན་དགོས། བོད་ལུག་དང་ནོར་གནག་གི་ཐོག་མའི་ཐོན་ཡུལ་གྱི་ཁུངས་འདེད་མ་ལག་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང་། ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། ནུས་ཤུགས་ཡོད་རྒུས “དྲ་ཐོག་མཁོ་ཚོང་ཁང་” གསར་འཛུགས་བྱེད་དགོས། མཛོད་ཉར་དང་སོས་ཉར། འཁྱག་སྦྲེལ་ཟོག་འགྲེམས་ཀྱི་སྒྲིག་བཀོད་ཁག་གཅིག་གསར་སྐྲུན་དང་བསྐྱར་སྐྲུན་བྱེད་པ་དང་། ཞིང་ཕྱུགས་ཐོན་རྫས་ཟོག་འགྲེམས་གཉེར་སྐྱོང་བྱེད་པོ་ཁག་གཅིག་སྐྱེད་སྲིང་བྱེད་དགོས། པེ་ཅིན་དང་ཐེན་ཅིན། ཧོ་པེ། ཧྲན་ཏུང་། འབྲི་ཆུའི་ཟུར་གསུམ་གླིང་། ཀྲུའུ་ཅང་ཟུར་གསུམ་གླིང་བཅས་ཀྱི“ས་གསུམ་སྒྲོམ་བརྒྱ་”འཛུགས་སྐྲུན་བྱེད་པའི་བྱེད་སྒོ་ཧུར་ཐག་གིས་སྤེལ་དགོས།

བཞི། གཞུང་དྲང་གསར་གཏོད་དང་། ཞིང་ཕྱུགས་ལས་ཀྱི་ཚན་རྩལ་གསར་གཏོད་དང་སྒྲིག་ཆས་ཀྱི་འདེགས་སྐྱོར་ཆུ་ཚད་ཇི་ལྟར་མཐོ་རུ་གཏོང་བ།

(གཅིག)ཞིང་ཕྱུགས་ལས་ཀྱི་ལག་རྩལ་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ། མཚོ་བྱང་གི་ནས་སྔོན་དང་སྣུམ་རིགས་ཀྱི་རིགས་སྣ་གསར་པ་སྐྱེད་སྲིང་དང་བོད་ལུག་གི་རྒྱུད་བཟང་འདེམས་གསོའི་ལས་དོན་ལ་སྐུལ་འདེད་གཏོང་དགོས།  མངལ་མང་ལུག་འདེམས་གསོའི་ལག་རྩལ་གྱི་དཀའ་གནད་འགག་སྒྲོལ་བྱས་ཏེ། མདོ་ལ་རིང་མོའི་རྒྱུད་ཀྱི་བོད་ལུག་དང་འབྲི་གཡག་གི་རྒྱུད་འདེད་ཐོན་ཁུངས་ཞིབ་དཔྱད་ལས་དོན་སྤེལ་མགོ་འཛུགས་པ་དང་།  རིམ་བཞིན་བོད་ལུག་དང་འབྲི་གཡག་གི་འཚོ་བཅུད་སྤུས་ཚད་གྲངས་འཛིན་ཅན་གྱི་མཚོན་རྟགས་མ་ལག་འཛུགས་དགོས། ཞིང་ཕྱུགས་ལས་ཁེ་ལས་དང་ཁུལ་དང་རྫོང་གི་ཞིང་ཕྱུགས་ལས་ལག་རྩལ་ཁྱབ་གདལ་ལས་ཁུངས་ཀྱི་མཉམ་འབྲེལ་ཚན་ཞིབ་འགག་སྒྲོལ་བྱེད་པར་རྒྱབ་སྐྱོར་བྱས་ཏེ། ཚན་ཞིབ་གྲུབ་འབྲས་གཞན་སྒྱུར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཐོན་སྐྱེད་དང་ཞིབ་འཇུག  བེད་སྤྱོད་བཅས་མཐུན་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

(གཉིས)དངོས་བཀོལ་ལག་རྩལ་ཁྱབ་གདལ་དང་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་གཏོང་བ། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། ལག་རྩལ་མཐོ་གསར་ཁེ་ལས་དང་ཚན་རྩལ་ཅན་གྱི་ཁེ་ལས་གསོ་སྐྱོང་འཆར་གཞི་ལག་བསྟར་བྱེད་པ། ཧུར་ཐག་གིས་ཉིང་རྡུལ་མཚོན་ཆ་ཞིབ་བཟོ་རྟེན་གཞི་དང་པོའི་རེ་ཞུ་ལས་དོན་བསྒྲུབས་ནས་གནས་རྙིང་དེ“རྒྱལ་ཁབ་ཀྱི་ཚན་རིག་ཁྱབ་གདལ་དཔེ་སྟོན་རྟེན་གཞི”རུ་གསར་འཛུགས་བྱེད་དགོས།  བོད་ལུག་གི“ལོ་གཉིས་ལ་མངལ་གསུམ”དང་ནོར་གནག་གི“ལོ་གཅིག་ལ་བེའུ་གཅིག”གི་སྔོན་ཐོན་དངོས་བཀོལ་ལག་རྩལ་གཅིག་སྡུད་དང་དཔེ་སྟོན་ཁྱབ་གདལ་མགྱོགས་སུ་གཏོང་དགོས། དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་མཐོ་རུ་གཏོང་བའི་འཆར་གཞིར་སྐུལ་འདེད་ཏན་ཏིག་བྱེད་དགོས།

(གསུམ) ས་བོན་ལས་རིགས་དར་རྒྱས་གཏོང་བའི་བྱ་སྤྱོད་གཏིང་ཟབ་ཏུ་སྤེལ་བ། བོད་ལུག་དང་ནོར་གནག  ནས། ལོག་དཀར། གཟན་རྩྭ། ས་བོན་འདེབས་ལས་བཅས་ཀྱི་ནུས་བ་ཆེ་རུ་གཏོང་བའི་ལས་གྲྭ་ལག་བསྟར་བྱེད་དགོས།《མཚོ་བྱང་ཁུལ་གྱི་ས་མཐོའི་བོད་ལུག་སྲུང་སྐྱོང་སྲོལ་ཡིག》གི་ཁྲིམས་འཛིན་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཙོ་གནད་ས་བོན་ཁེ་ལས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་གཏོང་དགོས།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་བོན་བཅའ་ཁྲིམས》ལག་བསྟར་དོན་འཁྱོལ་བྱེད་དགོས།

ལྔ། གསོན་ཤུགས་ལ་སྐུལ་སྤེལ་བཏང་ནས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་དུ་སྲ་བརྟན་གཏོང་བ།

(གཅིག)གཞི་ཁྱོན་རང་བཞིན་གྱི་དབུལ་པོ་བསྐྱར་ལོག་མི་བྱེད་པའི་མ་མཐའ་བརྟན་སྲུང་བྱེད་པ། དབུལ་ཕོངས་བསྐྱར་ལོག་སྔོན་འགོག་བྱེད་པའི་འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་དོན་འཁྱོལ་ཡག་པོ་བྱེད་དགོས། སློབ་གསོ་དང་སྨན་བཅོས། བདེ་འཇགས་སྡོད་ཁང་སོགས་ཀྱི་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ནས་རོང་འབྲོག་ཁུལ་གྱི་འགན་སྲུང་ཆུ་ཚད་སྲ་བརྟན་དང་མཐོ་རུ་གཏོང་དགོས། ལྟ་ཞིབ་ཚད་ལེན་བྱ་ཡུལ་གྱི་ཡོང་འབབ་དཔྱད་གཞིའི་ཚད་གཞི་འགུལ་རྣམ་ལེགས་སྒྲིག་བྱེད་དགོས། རོང་འབྲོག་ཁུལ་གྱི་ཡོང་འབབ་དམའ་བའི་མི་འབོར་དང་གྲོང་གསེབ་དར་རྒྱས་གཏོང་བའི་གཙོ་གནད་རོགས་སྐྱོར་རྫོང་གི་ཡུན་ཕན་ཅན་གྱི་རོགས་སྐྱོར་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། རོང་འབྲོག་ཁུལ་གྱི་ཡོང་འབབ་དམའ་བའི་མི་འབོར་གྱི་རིམ་དབྱེ་རིགས་དབྱེའི་རོགས་སྐྱོབ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས།

(གཉིས) དབུལ་སྒྲོལ་ས་ཁུལ་དང་དབུལ་སྒྲོལ་མང་ཚོགས་ཀྱི་ནང་གནས་ཀྱི་འཕེལ་རྒྱས་སྒུལ་ཤུགས་ཆེ་རུ་གཏོང་བ། ཀྲུང་དབྱང་ནོར་སྲིད་ཀྱི་འབྲེལ་མཐུད་མ་དངུལ60%ཡན་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ཐད་སྤྱོད་པ་དང་། དབུལ་སྐྱོར་ལས་གཞིའི་རྒྱུ་ནོར་གྱི་རྒྱུན་གཏན་ལྟ་སྐུལ་དམ་འཛིན་ཡག་པོ་བྱེད་དགོས།  རོགས་སྐྱོར་ལས་གཞིའི་དངུལ་རྩས་རོགས་སྐྱོར་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་གཏོང་དགོས། “གྲོང་གསེབ་ཀྱི་ལག་ཤེས་པ་”གསོ་སྐྱོང་ལས་གྲྭ་ལག་བསྟར་བྱེད་མགོ་བརྩམས་པ་དང་། ལས་ཞུགས་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བའི་ལས་གྲྭ་ལག་བསྟར་བྱེད་དགོས།

(གསུམ)གཙོ་གནད་རོགས་སྐྱོར་རྫོང་དང་ཡུལ་གཞན་གནས་སྤོས་ཀྱི་རྗེས་མཐུད་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། གཙོ་གནད་རོགས་སྐྱོར་རྫོང་གི་ཞིང་ཆེན་རིམ་པའི་རོགས་སྐྱོར་བྱེད་ཐབས22དོན་འཁྱོལ་ནན་པོ་བྱེད་རྒྱུ་དང་།  ཡུལ་གཞན་དུ་གནས་སྤོས་དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ཆེད་དོན་བྱ་སྤྱོད་དང་གནས་སྤོས་མང་ཚོགས་ཀྱི་ལས་ཞུགས་རོགས་སྐྱོར་ཆེད་དོན་བྱ་སྤྱོད་ལག་བསྟར་བྱེད་དགོས། གནས་སྤོའི་གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས།

(བཞི)རོགས་སྐྱོར་སྲིད་ཇུས་བརྟན་པོ་དང་འཐུས་ཚང་དུ་གཏོང་བ། ཁ་གཏད་རོགས་སྐྱོར་ལས་དོན་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་། རོགས་སྐྲུན་ཞིང་ཆེན་གྱི་ཁེ་ལས་ནང་འདྲེན་ཤུགས་ཆེན་བྱེད་པ། ཆ་སྒྲིག་མཉམ་སྐྲུན་ཐོན་ལས་གླིང་ཁུལ་འཚོལ་ཞིབ་བྱེད་དགོས། ཚོང་འགུགས་དངུལ་འདྲེན་ ཁེ་ཕན་གྱི་བགོ་བཤའི་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་དགོས།  ཏང་འཛུགས་སྐྱོང་དམ་འཛིན་བྱས་ནས་དབུལ་ཐར་འགག་སྒྲོལ་ལ་སྐུལ་འདེད་གཏོང་བའི“123”རོགས་སྐྱོར་ལས་ཀའི་ལམ་སྲོལ་ཕྱོགས་སྡོམ་དང་ཟབ་སྤེལ་བྱས་ཏེ།“ཁེ་ལས་བརྒྱ་ཡིས་གྲོང་ཚོ་བརྒྱ་དར་རྒྱས་གཏོང་བའི་”བྱ་སྤྱོད་ཟབ་སྤེལ་བྱེད་དགོས།

དྲུག མགོ་འཛུགས་ས་མཐོན་པོ་སྐྲུན་ནས། བདེ་སྡོད་ལས་བརྩོན་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་པ།

(གཅིག)གྲོང་ཚོའི་འཆར་འགོད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་བྱེད་པ། རྫོང་ཁོངས་ཀྱི་གཅིག་གྱུར་འཆར་འགོད་མཐའ་འཁྱོངས་དང་། ཁུལ་དབྱེ་དང་རིགས་དབྱེ་སྒོས་གྲོང་ཚོའི་འཆར་འགོད་སྒྲིག་བཟོ་བྱེད་པ། སྒྲིག་སྲོལ་མང་པོ་མཉམ་འདྲེས་དེ་གྲོང་ཚོ་རིམ་པ་ནས་དངོས་སར་འབྱོར་བར་བྱེད་དགོས།  ཡུལ་བབ་དང་བསྟུན་ནས་ལོ་རྒྱུས་རིག་གནས་སྲུང་སྐྱོང་བྱེད་མཚམས་དང་། ས་གཤིས་གནོད་འཚེ། ཆུ་ལོག་ཞོད་སྐྱོན་གྱི་ཉེན་ཁ་ཚོད་འཛིན་བྱེད་མཚམས་སོགས་དོ་དམ་ཚོད་འཛིན་བྱེད་མཚམས་དབྱེ་འབྱེད་བྱེད་དགོས། སྲོལ་རྒྱུན་གྱི་གྲོང་ཚོ་ དང་། ཡུལ་མིའི་སྡོད་ཁང་། ལོ་རྒྱུས་རིག་གནས་ཀྱི་མཁར་གྲོང་གྲགས་ཅན་དང་། གྲོང་རྡལ་གྲགས་ཅན། གྲོང་ཚོ་གྲགས་ཅན་བཅས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རོང་འབྲོག་ཁུལ་གྱི་རིག་གནས་ཤུལ་བཞག་རྗེས་ཤུལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། ས་མཐོའི་གྲོང་གསེབ་འཛུགས་སྐྲུན་ལ་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱེད་དགོས།

(གཉིས)གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་གཙོ་གནད་དེ་མུ་མཐུད་དུ་རོང་འབྲོག་ཁུལ་དུ་བཞག་ནས་རོང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས། རོང་འབྲོག་ཁུལ་གྱི་ཉེན་ཡོད་ཁང་པ་རྙིང་པ་སྒྱུར་བཀོད་བྱེད་ཤུགས་ཆེ་རུ་གཏོང་དགོས། རོང་འབྲོག་ཁུལ་གྱི་གེགས་འགོག་གེགས་སེལ་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་དང་། གྲོང་ཚོའི་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་དོ་དམ་སྲུང་སྐྱོང་གི་འགན་འཁྲི་དོན་འཁྱོལ་བྱེད་དགོས།

(གསུམ) རོང་འབྲོག་ཁུལ་གྱི་འཚོ་གནས་ཁོར་ཡུག་མུ་མཐུད་དུ་ཇེ་ལེགས་སུ་གཏོང་བ། རོང་འབྲོག་ཁུལ་གྱི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་གི་བྱས་འབྲས་སྲ་བརྟན་དང་རྒྱ་ཆེར་བཏང་ནས། རོང་འབྲོག་མང་ཚོགས་དེ་འཆར་འགོད་འཛུགས་སྐྲུན་དང་འཁོར་སྐྱོད་དོ་དམ་སྲུང་སྐྱོང་ནང་ཞུགས་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། སྐྱེ་ཁམས་གྲོང་གསེབ་འཛུགས་སྐྲུན་བྱེད་པ་དང་། ལྗང་མདོག་ཨར་ལས་རྒྱུ་ཆ་ཁྱབ་གདལ་དུ་གཏོང་བ། ནུས་ཁུངས་གྲོན་ཆུང་གི་ཞིང་པའི་ཁང་པ་འཛུགས་སྐྲུན་བྱེད་དགོས། གྲོང་གསེབ་སྔོ་ལྗང་ཅན་དང་གྲོང་ཚོའི་གཙང་སྦྲའི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་པ། གསང་སྤྱོད་གསར་བརྗེར་སྐུལ་འདེད་གཏིང་ཟབ་གཏོང་དགོས།

(བཞི)མཁར་གྲོང་གི་སྤྱི་པའི་ཞབས་ཞུའི་རྫོང་ཁོངས་ཀྱི་གཅིག་གྱུར་འཆར་འགོད་ནུས་པ་བརྟན་པོའི་ངང་མཐོ་རུ་གཏོང་བ། རོང་འབྲོག་ཁུལ་གྱི་སྤྱི་པའི་ཞབས་ཞུ་འཛུགས་སྐྲུན་གྱི་སྐུལ་འདེད་མགྱོགས་སུ་གཏོང་བ་དང་། བདེ་ཐང་མཚོ་བྱང་གི་བྱ་སྤྱོད་ལ་སྐུལ་འདེད་གཏོང་དགོས། མ་མཐའི་འཚོ་བའི་འགན་ལེན་ཞིབ་བཤེར་གཏན་འབེབས་ཀྱི་བརྒྱུད་རིམ་ལེགས་སུ་གཏོང་དགོས། རོང་འབྲོག་ཁུལ་གྱི་སློབ་ཞུགས་གོང་གི་སློབ་གསོ་གོང་འཕེལ་གཏོང་རྒྱུའི་བྱ་སྤྱོད་འཆར་གཞི་དང་འོས་འགན་སློབ་གསོའི་ལྷུ་ཚིགས་ཞན་སའི་ལེགས་བཅོས་དང་ནུས་པ་མཐོར་གཏོང་གི་ལས་གཞི་ལག་བསྟར་བྱེད་དགོས། གྲོང་གསེབ་དགེ་རྒན་གྱི་འཚོ་བའི་ཁ་གསབ་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་། ཧུར་ཐག་གིས་རིམ་པ་མང་བའི་རོང་འབྲོག་ཁུལ་གྱི་རྒན་གསོའི་འགན་སྲུང་འཛུགས་སྐྱོང་དང་། རོང་འབྲོག་ཁུལ་གྱི་དབང་པོ་སྐྱོན་ཅན་གྱི་སྤྱི་ཚོགས་འགན་སྲུང་ལམ་ལུགས་དོན་འཁྱོལ་བྱེད་དགོས།

(ལྔ)མཁར་གྲོང་དང་གྲོང་གསེབ་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། རྫོང་མཁར་གྱི་ཁོར་ཡུག་འཕྲོད་བསྟེན་དང་། སྤྱི་པའི་ཞབས་ཞུ། གྲོང་ཁྱེར་གྱི་སྒྲིག་བཀོད། ཐོན་ལས་ཆ་འགྲིག་སོགས་ཐད་ཀྱི་ཞན་ཆ་གང་མགྱོགས་ངང་ཁ་གསབ་བྱེད་པ་དང་། རྫོང་ཁོངས་ཀྱི་ཡོངས་ཁྱབ་ཞབས་ཞུའི་རིགས་ཀྱི་སྒྲིག་བཀོད་ཀྱི་གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཛུགས་སྐྲུན་དང་དོ་དམ་སྲུང་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས། ངལ་རྩོལ་འདུས་སྡོད་ཆེ་བའི་ཐོན་ལས་དེ་རྫོང་ཁོངས་སུ་སྐས་རིམ་ལྟ་བུའི་སྤོ་སྒྱུར་བྱེད་པར་ཁྲིད་སྟོན་བྱེད་དགོས། རོང་འབྲོག་ཁུལ་མང་ཚོགས་ཀྱི་སྤྱོད་ཤན་ཆེ་བའི་འཛད་སྤྱོད་དངོས་རྫས་གསར་བརྗེ་བྱེད་རྒྱུར་སྐུལ་འདེད་གཏོང་དགོས། རྫོང་དང་གྲོང་གསེབ་ཀྱི་སྤྱི་པའི་ཐོན་ཁུངས་སྐས་རིམ་ལྟར་བཀོད་སྒྲིག་བྱེད་པ་དང་། མཁར་གྲོང་དང་གྲོང་གསེབ་ཀྱི་སློབ་གྲྭའི་ཐུན་མོང་སྒྲིག་གཞི་དང་། དམ་ཚགས་ཅན་གྱི་སྨན་བཅོས་ཐུན་མོང་སྒྲིག་གཞི།  རྒན་གསོའི་ཞབས་ཞུའི་མཉམ་འབྲེལ་སྒྲིག་གཞི་བཅས་འཕེལ་རྒྱས་སུ་གཏོང་དགོས།

བདུན། གཞི་རིམ་སྲ་བརྟན་དུ་གཏོང་བ་དང་། གྲོང་གསེབ་དེང་རབས་ཅན་གྱི་བཅོས་སྐྱོང་ལས་དོན་ལ་སྐུལ་འདེད་གཏོང་བ།

(གཅིག)གྲོང་གསེབ་ཀྱི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ།  རྫོང་རིམ་པའི་ཏང་ཨུས་ཡུལ་ཚོ་དང་གྲོང་ཚོར་དམ་འཛིན་བྱེད་པའི་འགན་འཁྲི་ཇེ་དྲག་དུ་གཏོང་བ། མཁར་གྲོང་དང་གྲོང་ཚོའི་མགོ་ཁྲིད་ཚན་ཁག་གིས་གྲོང་གསེབ་དར་རྒྱས་གཏོང་བའི་ནུས་པ་ཕྱོགས་ཡོངས་ནས་གསོ་སྦྱོང་དང་མཐོ་རུ་གཏོང་བ་དང་། གྲོང་ཚོའི་ལས་བྱེད་པ་དང་ལྷག་པར་དུ་“ཏང་སྲིད་གཅིག་ལྕོགས་བྱེད་པའི་”ལས་བྱེད་པར་ཕྱོགས་ཡོངས་ནས་དོ་དམ་དང་རྒྱུན་གཏན་རང་བཞིན་གྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས། གྲོང་ཚོའི་བཅའ་སྡོད་ཧྲུའུ་ཅི་དང་པོ་དང་ལས་དོན་རུ་ཁག་ཡག་པོ་སྤྱོད་དགོས། གཞི་རིམ་གྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་རྩ་འཛུགས་དང་གྲོང་དོན་ལྟ་སྐུལ་ཨུ་ཡོན་ལྷན་ཁང་མཐུན་སྦྱོར་མཉམ་འགུལ་བྱེད་ཤུགས་ཆེ་རུ་གཏོང་དགོས།

(གཉིས)གྲོང་གསེབ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བ། “གྲོས་མོལ་བཞི་དང་ཡོངས་བསྒྲགས་གཉིས་”ཀྱི་ལམ་ལུགས་དོན་འཁྱོལ་དང་། རོང་འབྲོག་ཁུལ་གྱི་དབང་ཆ་ཆུང་གྲས་ཀྱི་རྩིས་ཁྲའི་ལམ་ལུགས་ཁྱབ་གདལ་གཏོང་དགོས། དུས་རབས་གསར་པའི་“ཧྥེང་ཆོ་ཉམས་མྱོང་”མཐའ་འཁྱོངས་དང་འཕེལ་རྒྱས་བཏང་ནས་“པད་མའི་ཉམས་མྱོང་”ཁྱབ་གདལ་ཤུགས་ཆེན་གཏོང་དགོས། རྐང་ཚ་རྫོང་དཀོན་ལོ་ཚང་གོང་མ་གྲོང་ཚོའི་རྒྱལ་ཡོངས་ཀྱི་གྲོང་གསེབ་བཅོས་སྐྱོང་དཔེ་སྟོན་གྲོང་ཚོའི་ཉམས་མྱོང་དང་བྱེད་ཐབས་ཕྱོགས་སྡོམ་དང་ཁྱབ་གདལ་གཏོང་དགོས།

(གསུམ)གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གཏིང་ཟབ་སྤེལ་བ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་དང་ལག་ལེན་ཤུགས་ཆེན་བྱེད་པ་དང་། “མདེལ་གཉིས་སྐར་གཅིག་”དང་“དུས་རབས་ཀྱི་མིག་དཔེ”ཡི་སྙིང་སྟོབས་དར་སྤེལ་བཏང་ནས་མུ་མཐུད་དུ་བསམ་པའི་མཐོ་ས་གཏོད་དགོས། “ངོས་འཛིན་གཅིག་མཐུན་ལྔ་”ཡི་སློབ་གསོ་རྒྱ་ཁྱབ་ཏུ་གཏིང་ཟབ་སྤེལ་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་དང་། དྲིན་ཚོར་སློབ་གསོ། གཞོན་ནུ་ལོ་ཆུང་གི་བསམ་བློ་ཀུན་སྤྱོད་ཀྱི་སློབ་གསོ་བཅས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་དགོས། “ཤེས་དཔལ་མཚོ་བྱང”འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། ཡུལ་སྲོལ་དམངས་སྲོལ་འཛུགས་སྐྱོང་ཇེ་ཟབ་ཏུ་བཏང་ནས། གྲོང་སྲོལ་དམངས་ཆིངས་ཀྱི་གཅུན་སྡོམ་ནུས་པ་ཆེ་རུ་གཏོང་དགོས། དཔལ་ཡོན་ལྡན་པའི་གྲོང་ཚོ་དང་གྲོང་རྡལ་གསར་སྐྲུན་ལས་དོན་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས།

(བཞི)བདེ་འཇགས་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། རྫོང་དང་ཡུལ་ཚོ། གྲོང་ཚོ་བཅས་རིམ་པ་གསུམ་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་ནུས་པ་དང་འཁོར་སྐྱོད་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། ནག་སེལ་ངན་འཇོམས་ཀྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་སྤེལ་དགོས།“ཁྲིམས་ལུགས་ཁྱབ་གདལ་གཉིས”ཀྱི་འགན་འཁྲི་དོན་འཁྱོལ་བྱེད་དགོས། གྲོང་གསེབ་ཀྱི་ཁྲིམས་སྐྱོང་སློབ་གསོ་དང་བཅའ་ཁྲིམས་ཞབས་ཞུར་ཤུགས་སྣོན་བརྒྱབ་ནས་གྲོང་ཚོ་རིམ་པའི་“བཅའ་ཁྲིམས་ཤེས་མཁན་”གསོ་སྐྱོང་བཟོ་སྐྲུན་ལག་བསྟར་བྱེད་དགོས། “དམངས་གཙོ་ཁྲིམས་སྐྱོང་གི་དཔེ་སྟོན་གྲོང་ཚོ་”གསར་འཛུགས་གཏིང་ཟབ་སྤེལ་དགོས། གྲོང་གསེབ་ཀྱི་“གངས་གསལ་ལས་གཞི”ལག་བསྟར་བྱས་ནས་རོང་འབྲོག་ཁུལ་གྱི་ཁྲིམས་འགལ་ཆོས་ལུགས་བྱེད་སྒོར་ཕྱོགས་བསྡུས་བཅོས་སྐྱོང་དང་ཁྲིམས་ལྟར་རྡུང་རྡེག་གཏོང་ཤུགས་ཆེ་རུ་གཏོང་དགོས།

བརྒྱད། ཐབས་ལམ་རྒྱ་སྐྱེད་བཏང་ནས། རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་བར་ཤུགས་འདོན་པ།

(གཅིག)རོང་འབྲོག་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་ལ་སྐུལ་འདེད་གཏོང་བ། ལས་གནས་བརྟན་པོ་དང་དབུལ་ཕོངས་སེལ་བའི་སྲིད་ཇུས་ཁག་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་པ་ལས་མིའི་ལས་ཞུགས་བརྟན་པོ་ཡོང་བ་བྱེད་དགོས། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་དེང་རབས་ཞིང་ལས་ཐོན་ལས་གླིང་མགྱོགས་མྱུར་བསྐྲུན་ནས་ཁུལ་ཡོངས་ཀྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གྱི་སྣེ་ཁྲིད་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། “ཁྲུང་ཁྲུང་མགོ་མ”དང་“རྨོ་འདེབས་བྱེད་མཁན་”ཞེས་པའི་གསོ་སྦྱོང་བྱེད་སྒོར་ཞུགས་རྒྱུར་སྒྲིག་འཛུགས་བྱེད་དགོས། རྒུད་གསབ་ལས་སྤྲོད་བྱེད་སྟངས་ཁྱབ་སྤེལ་ཧུར་ཐག་གཏོང་དགོས། “བོད་ཀྱི་འཚེམ་དྲུབ”དང“འཇུ་ལག་ཨར་སྐྲུན་བཟོ་བའི”ས་གནས་ཀྱི་ངལ་ནུས་སྤུས་རྟགས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་རོང་འབྲོག་པ་བརྟན་བརླིང་ངང་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱེད་དགོས། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་སོགས་ན་གཞོན་ཚོགས་སྤྱི་དང་། རུ་འཁྱུར་དམག་མི། ལས་ཞུགས་དཀའ་ངལ་ཡོད་པའི་ཚོགས་སྤྱི་བཅས་ཀྱི་ལས་ཞུགས་ལས་གཏོད་ཀྱི་ཞབས་ཞུར་མུ་མཐུད་དུ་ཤུགས་སྣོན་རྒྱག་དགོས། ཡུལ་ལོག་པའི་ལས་གཏོད་གླིང་དང་གྲོང་གསེབ་ཀྱི་ལས་གཏོད་གསོ་སྐྱོང་སྦྱོང་བརྡར་རྟེན་གཞི་སོགས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས།

(གཉིས)རོང་འབྲོག་མང་ཚོགས་ཀྱི་གཉེར་སྐྱོང་རང་བཞིན་གྱི་ཡོང་འབབ་མཐོ་རུ་གཏོང་བ། ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུར་སྐུལ་འདེད་གཏོང་བའི་བྱ་སྤྱོད་ལག་བསྟར་བྱེད་པ་དང་། ཞིངཕྱུགས་ལས་ཀྱི་གཉེར་སྐྱོང་བྱེད་པོ་གསར་པ་གསོ་སྐྱོང་བྱེད་པའི་བྱེད་སྒོ་གཏིང་ཟབ་སྤེལ་དགོས། གྲོང་ཚོའི་ཐུན་མོང་དཔལ་འབྱོར་གྱིས་གྲོང་ཚོ་སྟོབས་ལྡན་དུ་གཏོང་བའི་ལས་གྲྭ་ལག་བསྟར་བྱེད་དགོས།  སྤྱི་ཚོགས་ཀྱི་མ་རྩ་བརྒྱུད་བཤུག་བྱས་པ་བརྒྱུད་ས་ཞིང་དང་རྩྭ་རའི་གཉེར་སྐྱོང་དབང་ཆའི་ཐོབ་ཐང་ཞིབ་བཤེར་དང་། རྣམ་གྲངས་ཞིབ་བཤེར། ཉེན་ཁ་སྔོན་འགོག་བཅས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས།

(གསུམ)རོང་འབྲོག་མང་ཚོགས་ལ་རྒྱུ་ནོར་གྱི་ཁེ་དབང་སྔར་བས་གང་ལེགས་འདོན་སྤྲོད་བྱེད་པ། མདོ་ལ་རྫོང་གི་གྲོང་གསེབ་ཀྱི་ཁང་སའི་ལམ་ལུགས་སྒྱུར་བཅོས་ཚོད་ལྟའི་ལས་འགན་ཡོངས་འགྲུབ་བྱེད་པ་དང་། ཁང་སའི“དབང་གསུམ་ལོགས་འཛུགས”མངོན་འགྱུར་ནུས་ལྡན་བྱེད་སྟངས་འཚོལ་ཞིབ་བྱེད་དགོས།  རོང་འབྲོག་ཁུལ་གྱི་ས་ཞིང་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས། མཁར་གྲོང་དུ་གཞིས་ཆགས་པའི་རོང་འབྲོག་པའི་ས་ཞིང་དང་རྩྭ་རའི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱས་ནས་ཁྲིམས་ལྟར་རང་མོས་དང་རིན་དོད་ཡོད་པའི་སྒོ་ནས་ནང་བཤུག་གཏོང་རྒྱུར་སྐུལ་མ་གཏོང་དགོས། གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཁྲོད་ཀྱི་བུད་མེད་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་དགོས། ཐུན་མོང་གི་ནགས་ཚལ་བདག་དབང་ལམ་ལུགས་དང་ཞིང་ལས་ཀྱི་ཆུ་རིན་ཕྱོགས་བསྡུས་བསྒྱུར་བཅོས་མུ་མཐུད་དུ་ཟབ་སྤེལ་དང་། མཁོ་འཚོང་མཉམ་ལས་ཁང་གི་ཕྱོགས་བསྡུས་བསྒྱུར་བཅོས་ཚོད་ལྟ་ཟབ་སྤེལ་བྱེད་དགོས།

དགུ། ཕན་འབྲས་དངོས་ལ་དོ་སྣང་བྱས་ཏེ་གྲོང་གསེབ་དར་རྒྱས་གཏོང་བའི་འགན་སྲུང་ལམ་སྲོལ་འཐུས་ཚང་དུ་གཏོང་བ།

(གཅིག)རྩ་འཛུགས་ཀྱི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། ཏང་སྲིད་མགོ་ཁྲིད་དང་པོའི་འགན་ཁུར་མཁན་དང་པོའི་འགན་འཁྲི་དོན་འཁྱོལ་དང་། རིམ་པ་ལྔའི་ཧྲུའུ་ཅིས་གྲོང་གསེབ་དར་རྒྱས་ལ་དམ་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། རྫོང་ཨུའི་ཧྲུའུ་ཅིས་གྲོང་གསེབ་དར་རྒྱས་གཏོང་བའི་“འཐབ་ས་དང་པོའི་སྤྱི་ཁྱབ་བཀོད་འདོམས་པ་”ཡག་པོ་བྱེད་པ། གྲོང་གསེབ་དར་རྒྱས་གཏོང་བའི་འགན་འཁྲིའི་ལམ་ལུགས་ཀྱི་ལག་བསྟར་ཞིབ་སྲོལ་བཟོ་བ་བཅས་བྱེད་དགོས། སྤྱོད་ཚུལ་འཛུགས་སྐྱོང་ལ་མུ་མཐུད་དུ་ཤུགས་སྣོན་རྒྱག་དགོས།

(གཉིས)མ་དངུལ་འཇོག་པའི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་དེ་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱིས་སྔོན་དུ་འགན་ལེན་བྱེད་པའི་ཁྱབ་ཁོངས་ནང་བཅུག་ནས། མུ་མཐུད་དུ་ཀྲུང་དབྱང་དང་ཞིང་ཆེན། ཁུལ་རིམ་པའི་སྔོན་རྩིས་ནང་གི་མ་འཇོག་དེ་ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་གྱི་གཙོ་གནད་དམངས་འཚོའི་བཟོ་སྐྲུན་ལ་སྔར་བས་གཟིགས་སྐྱོང་བྱེད་དགོས། ས་ཆ་ནང་བཤུག་བཏང་བའི་ཡོང་འབབ་ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་དུ་སྤྱོད་པའི་བསྡུར་ཚད་བརྟན་པོའི་ངང་མཐོ་རུ་གཏོང་དགོས། རྫོང་རིམ་པའི་ཞིང་སྐྱོར་མ་དངུལ་སྣ་ཚོགས་སྡེབ་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྫོང་བཞིའི་ཞིང་ལས་འགན་སྲུང་ཀུང་སི་དང་“ཟམ་བརྒལ་ཐེབས་རྩའི”འཁོར་སྐྱོད་ཚད་ལྡན་བཟོ་བ། རོང་འབྲོག་ཁུལ་གྱི་ཁྲིམས་འགལ་དངུལ་རྩའི་བྱེད་སྒོར་རྡུང་རྡེག་ཚ་ནན་གཏོང་རྒྱུ། སྲིད་ཇུས་རང་བཞིན་གྱི་ཞིང་ལས་འགན་བཅོལ་གྱི་ཁྱབ་རྒྱ་ཆེ་རུ་གཏོང་རྒྱུར་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་། རོང་འབྲོག་ཁུལ་གྱི་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་གསར་སྣོན་གྱི་འགན་སྲུང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་།  10%ལས་མི་ཉུང་བའི་འཛུགས་སྐྲུན་ས་ཆའི་དམིགས་ཚད་དེ་གྲོང་གསེབ་ཀྱི་ཐོན་ལས་གོང་འཕེལ་གཏོང་རྒྱུའི་ཐད་གཙོ་གནད་དུ་འགན་ལེན་བྱེད་དགོས།

(གསུམ)ཤེས་ལྡན་མི་སྣའི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། ཚན་རྩལ་ཆེད་མངགས་པའི་ལམ་ལུགས་ཁྱབ་སྤེལ་གཏིང་ཟབ་གཏོང་བ་དང་།“ནུབ་རྒྱུད་ཀྱི་འོད་སྣང་”དང་“ཁུལ་གསུམ་”གྱི་ཤེས་ལྡན་མི་སྣའི་ཚན་རྩལ་ཞབས་ཞུ་བེད་སྤྱོད་ཡག་པོ་བྱ་དགོས། ཕྱུག་འགྱུར་སྣེ་ཁྲིད་པ་དང་། རྩལ་ནུས་ལྡན་པའི་རོང་འབྲོག་པ། གྲོང་གསེབ་ཀྱི་བཟོ་བ་བཅས་གསོ་སྐྱོང་བྱ་རྒྱུ་གཙོ་གནད་དུ་དམ་འཛིན་ཡག་པོ་བྱེད་དགོས། རོང་འབྲོག་ཁུལ་གྱི་ཕྱིར་གླ་པར་སྐྱོད་མཁན་དང་། ཆེད་ཚན་སློབ་གྲྭ་ཆེ་འབྲིང་གི་སློབ་མ། རུ་འཁྱུར་དམག་མི། ཕྱི་ཕྱོགས་ཀྱི་ཁེ་ལས་པ་སོགས་ཀྱི་ཤེས་ལྡན་མི་སྣ་ཕ་ཡུལ་དུ་ལོག་ནས་ལས་ཀ་དང་ལས་གཏོད་བྱེད་རྒྱུར་སྐུལ་ལྕག་གཏོང་དགོས།“ཞིང་གསུམ་”ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་གི་འཆར་འགོད་གཏན་ཁེལ་བྱེད་པ་དང་། ཤེས་ལྡན་མི་སྣས་དུས་བཀག་ལྟར་ཞིང་གྲོང་ལ་ཞབས་ཞུ་སྒྲུབ་པ་སོགས་ཀྱི་ལམ་ལུགས་འཐུས་ཚང་བཟོ་དགོས། གྲོང་གསེབ་དར་སྤེལ་ལ་ཁ་གཏད་ནས་ལས་རིགས་སློབ་གསོ་འཕེལ་རྒྱས་སུ་གཏོང་བ་དང་། རོང་འབྲོག་ཁུལ་གྱི་མངགས་ཐོ་སློབ་མའི་རིན་མེད་གསོ་སྦྱོང་དང་དགེ་རྒན་གྱི“གསོ་སྦྱོང་འཆར་གཞི”“དམིགས་གསལ་ལས་རྐང་འཆར་གཞི”“རྒྱལ་ཁབ་ཀྱི་ཚད་ལྡན་ཅན་གྱི་གསོ་སྦྱོང”བཅས་མུ་མཐུད་དུ་ལག་བསྟར་བྱེད་པ། “སློབ་གྲྭ་ཆེན་མོ་བའི་ཞིང་གྲོང་སྨན་པའི”ཆེད་དོན་འཆར་གཞི་ལག་བསྟར་བྱེད་དགོས། གྲོང་གསེབ་དར་སྤེལ་གྱི་བུད་མེད་ཀྱི་བྱེད་སྒོ་དང་ན་གཞོན་ཤེས་ལྡན་པ་གསར་སྤེལ་བྱེད་སྒོ་ལག་བསྟར་བྱེད་རྒྱུ། རིམ་བཞིན་ཞིང་འབྲེལ་ཆེད་ལས་མི་སྣའི་“རྫོང་གིས་དོ་དམ་དང་ཡུལ་ཚོ་ནས་བཀོལ་སྤྱོད་བྱེད་པ། ཞབས་ཕྱི་དུད་ཚང་དུ་ཐོན་པར་བྱེད་པའི”སྒྲིག་སྲོལ་གསར་བ་འཛུགས་དགོས། སྣ་སོ་སོའི་ཤེས་ལྡན་མི་སྣ་གཞི་རིམ་དུ་སྐྱོད་པར་སྣེ་ཁྲིད་བྱེད་དགོས།

(བཞི)དངོས་འབྲས་ཀྱི་དཔྱད་ཞིབ་ཇེ་དྲག་ཏུ་གཏོང་བ། གྲོང་གསེབ་དར་སྤེལ་གྱི་སྡོམ་རྩིས་ལྟ་ཞིབ་ལ་ཤུགས་སྣོན་བྱེད་པ་དང་། གྲོང་གསེབ་དར་སྤེལ་འཐབ་ཇུས་ཀྱི་དངོས་འབྲས་དཔྱད་ཞིབ་ལམ་ལུགས་གཟབ་ནན་བྱས་ཏེ། དཔྱད་ཞིབ་མཇུག་འབྲས་དེ་ཁུལ་དང་རྫོང་། ཡུལ་ཚོ་ཏང་ཨུའི་དང་སྲིད་གཞུང་ཚན་ཁག་དང་། དེ་བཞིན་འབྲེལ་ཡོད་མགོ་ཁྲིད་ཀྱི་ཕྱོགས་བསྡུས་དཔྱད་ཞིབ་གདེང་འཇོག་གི་གལ་ཆེའི་ཁུངས་ལུང་དུ་འཇོག་རྒྱུ།


མཉམ་སྤྱོད།