དེ་རིང་ནི2024ལོའི་ཟླ09པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-03-03 09:58:58   |   208

སྒྲིག་སྒྱུར།  སངས་དོན།  ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།    བཤེར་འབེབས།  རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ཏང་ཀྲུང་དབྱང་གི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས། ཀྲུང་དབྱང་ཆབ་སྲིད་ཅུ་ཡི་ཨུ་ཡོན་དང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས་ཏང་ཙུའི་ཁོངས་མི། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའི་ཧྲུའུ་ཅིས་ལོ་ལྟར་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ཡིག་ཐོག་ནས་ལས་འགན་སྒྲུབ་ཚུལ་གསལ་ཞུ་བྱས།  ཉེ་དུས། འབྲེལ་ཡོད་བློ་མཐུན་གྱིས་གཏན་འབེབས་ལྟར་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ཡིག་ཐོག་ནས་ལས་འགན་སྒྲུབ་ཚུལ་གསལ་ཞུ་བྱས་པ་དང་། ཞི་ཅིན་ཕིང་གིས་ལས་འགན་སྒྲུབ་ཚུལ་སྙན་ཞུར་གཟིགས་ཞིབ་ནན་ཏན་གནང་བ་དང་འབྲེལ་བླང་བྱ་གལ་ཆེན་བཏོན། 

  • ཟླ3ཚེས2ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝའུ་བུན་ཧྲེང་ལ་གློག་འཕྲིན་བཏང་ནས་ཁོང་གིས་ཝེར་ནམ་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་འགན་བཞེས་པར་རྟེན་འབྲེལ་ཞུས་པ་རེད།

  • ཟླ3ཚེས2ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁོ་ཐེ་ཏི་ཝོར་ཙུང་ཐུང་ཝ་ཐ་ལར་དང་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་ནས་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ40འཁོར་བར་རྟེན་འབྲེལ་ཞུས་པ་རེད།

  • མིག་སྔའི་བར།  རང་རྒྱལ་གྱིས་རིམ་རྩིས་བྱས་ན་སྟོན་འབྲུ་ཉོ་སྒྲུབ་བྱེད་ཚད་ཏུན་དུང་ཕྱུར1.6ལས་བརྒལ་བ་དང་། འབྲུ་རིགས་བདེ་འཇགས་འགན་ལེན་ནུས་པ་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད།

  • 2022ལོའི་ཟླ12པའི་བར། རང་རྒྱལ་གྱི་དྲ་དམངས་ཀྱི་གཞི་ཁྱོན་དུང་ཕྱུར་10.67སླེབས་ཡོད།

  • མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་ཟླ3ཚེས2ཉིན་བསྟན་དོན། མི་སྒེར་གྱི་རྒན་གསོའི་དངུལ་སྤྲོད་པའི་ཡ་མཐའི་ཚད་གཞི་དུས་ཐོག་ཏུ་ལེགས་སྒྲིག་བྱ་རྒྱུ་རེད།

  • ཉེ་ཆར།  བཟོ་འཕྲིན་པུས་ཡིག་ཆ་བཀྲམ་ནསAPPཡིས་སྐྱེན་ཚད་མཐོ་བའི་“གཡོ་འགུལ”སོགས་ཀྱི་བྱེད་ཐབས་སྤྱད་དེ་སྤྱོད་མཁན་ལ་བཀོལ་སྤྱོད་བྱེད་པར་འཇམ་ཁྲིད་བྱེད་མི་ཆོག་པའི་བླང་བྱ་བཏོན་པ་རེད།

a.jpg


  • ཀྲུང་གོའི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་བཟོ་སྐྲུན་གཞུང་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར། ལྷ་གྲུ་ཨང་བཅོ་ལྔ་པའི་འཇིག་རྟེན་འཕུར་སྐྱོད་པའི་ཚོགས་ཆུང་གིས་གྲུ་ཁང་ནས་ཐེངས་གཉིས་པར་ཕྱིར་སྐྱོད་པའི་བྱ་འགུལ་སྤེལ།

  • ཨ་རིའི་རྒྱལ་དོན་བློན་ཆེན་པུའུ་ལིན་ཁེན་གྱིས་ཡུག་རེན་གྱི་གནད་དོན་ཐད་ཀྲུང་གོས་“བློ་སེམས་ཉིས་འགལ་”ཀྱི་བྱེད་ཐབས་སྤྱོད་བཞིན་འདུག་ཞེས་མ་ཉེས་ཁག་གཡོགས་བྱས་པར་དམིགས་ནས།  ངའི་ཕྱི་འབྲེལ་པུས་ཨ་རི་ཕྱོགས་ལ་རང་སྐྱོན་རང་བརྟག་བྱས་ཏེ་མཐོང་ཐོས་རྙོག་བཟོ་དང་གང་བྱུང་དུ་དཔྱད་གཏམ་སྤེལ་བ་མཚམས་འཇོག་དགོས་པའི་སྐུལ་མ་བཏང་བ་རེད།

སྤྱི་ཚོགས།

  • དེ་རིང་ནས་ཟླ3ཚེས7ཉིན་བར། རང་རྒྱལ་གྱི་ས་ཁུལ་ཁག་གཅིག་ཏུ་རིམ་རྩིས་བྱས་ན་དྲོད་ཚད་འཕར་ཚད6ནས12བར་སླེབས་རྒྱུ་རེད།

  • ཟླ2པའི་ཟླ་མཇུག་བར། རྒྱལ་ཡོངས་སུ་རིམ་རྩིས་བྱས་ན་སྣ་སོ་སོའི་གདན་ཞུའི་བྱེད་སྒོ་ཐེངས་ཁྲི4.6སྤེལ་བ་དང་།  ལས་གནས་ཁྲི3200ཡོངས་བསྒྲགས་བྱས།  ལས་ཞུགས་ཁྲོམ་ར་བརྟན་པོའི་གནས་ཚུལ་དེ་སྔོན་དཔག་ལས་ལེགས་པ་རེད།

  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་ཅུ་ཡིས་ཟླ3ཚེས2ཉིན་བརྡ་ཐོ་བཏང་ནས་ཤན་ནུའོ་ཐེ་ཝུའེ་(先诺特韦片)དང་ལི་ཐུའོ་ན་ཝུའེ་(利托那韦片)་དང་ཆིང་ཤིའུ་སན་ཏོ་རུའེ་སྨི་ཏེ་ཝུའེ་(氢溴酸氘瑞米米德韦片)བཅས་ཏོག་གསར་ནད་དུག་གསར་པའི་ནད་བརྟག་སྨན་བཅོས་ཇུས་གཞིའི་ནང་བཅུག་པ་རེད།

  • ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས2022ལོར་ཚུལ་མིན་གྱི་འགྲན་རྩོད་གྱོད་གཞི་སྣ་ཚོགས9069ཞིབ་བཤེར་ཐག་གཅོད་བྱས་པ་དང་། ཆད་པ་དང་གཞུང་བཞེས་སྒོར་དུང་ཕྱུར6.2བཏང་ཡོད།

  • ཉེ་ཆར། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་། ཁྲིམས་འཛིན་པུའུ། ཀྲུང་ཧྭ་རྒྱལ་ཡོངས་ཁྲིམས་རྩོད་པའི་མཐུན་ཚོགས་བཅས་ཀྱིས་མཉམ་འབྲེལ་ཐོག་ཡིག་ཆ་བཀྲམ་ནས།  ཁྲིམས་རྩོད་པའི་སྣེ་ལེན་ལས་སྟེགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ཐད།  ཁྲིམས་རྩོད་པའི་ལས་གཉེར་དབང་ཆ་ཁྲིམས་ལྟར་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

  • ཉེ་ཆར།  ཧུའུ་ནན་(湖南)གྱི་མཐོ་འབྲིང་ལོ་རིམ་གསུམ་པའི་སློབ་མའི་འཐུས་མི་ཞིག་གིས་ཕུགས་སྐུལ་གཏམ་སྤྱོད་སྤེལ་བར། དྲ་རྒྱའི་གཏུམ་སྤྱོད་ཕོག་པ་དང་། མིག་སྔར་སྒྲིག་འགལ་གྱི་སྨྱན་སྦྱོར242ཀྱི་རྩིས་ཐོའི་ཨང་གྲངས་ཐག་གཅོད་བྱས་ཡོད།

    b.jpg


  • ཟླ3ཚེས1ཉིན། སི་ཕེན་གྱི་པོ་དབྱི་ཐའོ་ཨེར་དུ་(西班牙博伊陶尔)གཉེར་བའི2023ལོའི་གངས་ཤུད་རི་འཛེག་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་ནང་། ཀྲུང་གོའི་བདམས་ཐོན་པ་ཚེ་བརྟན་གཡུ་སྒྲོན་གྱིས་སྐར་མ31དང་སྐར་ཆ19ཡི་གྲུབ་འབྲས་ཐོག  དྲང་འཕྱང་མྱུར་ཚད་འགྲན་བསྡུར་གྱིu18བུད་མེད་ཚོགས་ཆུང་གི་ཨང་དང་པོ་བླངས་པ་རེད།

  • ཀྲུང་གོ་ཚན་རིག་ཞིབ་འཇུག་ཁང་གི་ཙི་ཅིན་ཧྲན་གནམ་དཔྱད་ལས་ཁུངས་ཀྱིས་ཉེ་ཆར་སྐར་མ་དུ་བ་མཇུག་རིང་ཞིག་གསར་དུ་རྙེད་ཡོད།  མིག་སྔར་ཉི་མའི་ཕྱོགས་སུ་འགུལ་སྐྱོད་བྱེད་བཞིན་ཡོད་པ་དང་། སང་ལོ་མིག་གིས་མཐོང་ཐུབ་པའི་སྐར་མ་དུ་བ་མཇུག་རིང་ཆེན་པོ་ཞིག་ཏུ་འགྱུར་རེ་ཡོད་པ་རེད།

    c.jpg


  • ཉེ་ཆར། ཧུའུ་པེའི་ཧྲི་པ་ལིས་འགག་རོང་(湖北十八里长峡)རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལས་དོན་མི་སྣས་དམར་ཕྱིའི་འོད་ཀྱི་པར་ཆས་ལེགས་སྒྲིག་བྱེད་སྐབས། ཀྲུང་ཧྭའི་དགོ་དང་ཨེ་ཤེ་ཡའི་དོམ་ནག་སོགས་རྩ་ཆེའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཁག་གཅིག་རྙེད་པ་རེད།

སྲིད་ཇུས།

  • ཧའེ་ནན་(海南)གྱིས་བརྡ་ཐོ་བཏང་ནས་ཟླ3ཚེས10ཉིན་ནས་བཟུང་། སོ་འདེབས་འཛུགས་ཀྱི་བརྒྱུད་རིམ་ཧྲིལ་པོའི་རིན་གོང་སྙོམས་སྒྲིག་གི་དམིགས་ཚད་མཐོ་ཤོས་སྒོར4100གཏན་འཁེལ་བྱས་ཡོད།

  • ཧྲན་ཤིས་(山西)ཀྱིས་སྒྱུ་རྩལ་དང་ལོ་རྒྱུས་སྨྲ་བ་སོགས་སྒྱུ་རྩལ་རིགས་ཀྱི་ཆེད་ལས་ཀྱིས2024ལོ་ནས་བཟུང་། ཆེད་ལས་ནུས་པའི་ཡིག་རྒྱུགས་སྒྲིག་འཛུགས་མི་བྱེད་པར་རྒྱུགས་སྤྲོད་སློབ་མའི་མཐོ་རྒྱུགས་རིག་གནས་སློབ་ཚན་གྱི་སྦྱངས་འབྲས་སོགས་ལ་ཐད་ཀར་གཞིགས་ནས་ལེགས་འདེམས་བསྡུ་རྒྱུ་ཡིན་ཞེས་ཁ་གསལ་བཏོན་ཡོད།

  • ཁྲུང་ཆིང་(重庆)གིས་དེ་རིང་ནས་ཟླ6ཚེས30ཉིན་བར་མི་སྒེར་གྱི་འཛད་སྤྱོད་པས་ནུས་རྒྱུ་གསར་པའི་རླངས་འཁོར་བརྗེ་སྒྱུར་བྱས་ནས་རླངས་འཁོར་རེར་ཁ་གསབ་སྒོར1000ནས་སྒོར3000བར་སྤྲོད་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད།

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས།  ཧེ་ལུང་ཅང་གི་བྱང་ཤར་རྒྱུད་དང་། ཤིན་ཅང་ལྷོ་རྒྱུད་ཀྱི་ནུབ་རྒྱུད་རི་ཁུལ། ཁྲོན་ནུབ་ས་མཐོའི་ལྷོ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་བའམ་ཡང་ན་ཆར་པ་འབབ་ཀྱི་རེད། ཅང་ཧན་(江汉)གྱི་ནུབ་རྒྱུད་དང་། འབྲི་ཆུའི་ལྷོ་རྒྱུད་ཀྱི་ནུབ་རྒྱུད། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད་དང་ལྷོ་རྒྱུད། ཧྭ་ལྷོའི་བྱང་རྒྱུད་དང་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབབ་ཀྱི་རེད། དེའི་ནང་ཧུའུ་ནན་ལྷོ་རྒྱུད་དང་ནུབ་རྒྱུད། ཀུའེ་ཀྲོའུ་དབུས་ལྷོ་རྒྱུད། ཀོང་ཞིའི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་ཙམ་འབབ་རྒྱུ་རེད།

    d.jpg


  • པེ་ཅིང་། 2023ལོའི་ལོ་སྟོད་དུ་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ཀྱི་དམིགས་ཚད་རེ་ཞུ་ཟླ3ཚེས8ཉིན་མཚམས་འཇོག་རྒྱུ་རེད།

  • ཧོ་ནན། (河南)དེ་རིང་ནས་ཟླ3ཚེས7ཉིན་བར2023ལོའི་མཐོ་སློབ་དཀྱུས་མའི་སློབ་བསྡུའི་ལུས་རྩལ་རིགས་ཀྱི་ཆེད་ལས་གཅིག་གྱུར་རྒྱུགས་ལེན་བྱས་ན་དྲ་ཐོག་ནས་རྒྱུགས་སྤྲོད་ཆོག་པ་རེད།


མཉམ་སྤྱོད།