དེ་རིང་ནི2024ལོའི་ཟླ09པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲང་ཧྲིང་ཡོན་གྱིས་བདེ་འཇཊ་ཐོན་སྐྱེད་ལ་ལྟ་སྐུལ་ཞིབ་བཤེར་གནང་།

2023-03-03 10:14:05   |   120

རྩོམ་སྒྲིག  སངས་དོན།  ཡོང་ཁུངས།  གངས་ལྗོངས་འཕྲིན་གསར།    བཤེར་འབེབས།  རིན་ཆེན་ཚེ་རིང་།


a.jpg

ཟླ3པའི་ཚེས2ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས“མི་བྱེད་པ་བཞི་དང་ཐད་སྐྱོད་གཉིས”ཀྱི་བྱེད་ཐབས་ཐོག་ནས་ཐང་ཧུའུ་གློག་གྲྭ་གློག་གཏོང་འཁོར་ཁང་དང་གཤེར་ཨན་གསོག་འཇོག་ཁུལ་དུ་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གནས་ཚུལ་ལ་རྒྱུས་ལོན་དང་བདེ་འཇགས་ཐོན་སྐྱེད་བྱ་བར་ལྟ་སྐུལ་ཞིབ་བཤེར་བྱས། ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་ཀྲུའུ་ལིན་དང་། ཁུལ་བཟོ་འཕྲིན་ཅུས། མཁོ་བསྟུན་དོ་དམ་ཅུས་ཀྱི་འགན་འཁུར་བློ་མཐུན་ལྟ་སྐུལ་ཞིབ་བཤེར་བྱ་བར་ཞུགས།   

 ཀྲང་ཧྲིང་ཡོན་གྱིས་བདེ་འཇགས་ཐོན་སྐྱེད་བྱ་རྒྱུ་དེ་བཅོས་བསྒྱུར་དང་གོང་འཕེལ་གྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད་ལ། སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་དང་འབྲེལ་བ་ཡོད་པ། མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་དང་འབྲེལ་བ་ཡོད་པས། ཁུལ་ཡོངས་ཀྱི་རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ཐོག་མཐའ་བར་གསུམ་དུ“བླ་ན་མེད་པ་གཉིས”རྒྱུན་འཁྱོངས་བྱས་ཏེ“དུས་དང་རྣམ་པ་ཀུན་ཏུ་སེམས་ཁུར་བྱེད་པའི”འགན་ཁུར་གྱི་འདུ་ཤེས་ཐོག་ནས་བདེ་འཇགས་ཐོན་སྐྱེད་ཀྱི་བྱ་བ་སོ་སོ་དམ་འཛིན་ཏན་ཏིག་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བདེ་འཇགས་སྲུང་ཡོལ་ཁྱོན་ཡོངས་ནས་བརྟན་དུ་གཏོང་དགོས། འགན་ཁུར་སྦྲེལ་ཐག་ནན་དུ་བཏང་ནས་རིམ་པ་སོ་སོ་དང་སྡེ་ཁག་སོ་སོའི་ལྟ་སྐུལ་དོ་དམ་གྱི་འགན་ཁུར་དང་གཏོགས་ཁོངས་ཁུལ་གྱི་དོ་དམ་གྱི་འགན་ཁུར། ཁེ་ལས་ཀྱི་བྱེད་པོའི་འགན་ཁུར་བཅས་དོན་འཁྱོལ་ནན་མོ་བྱས་ཏེ“འཕྱུགས་པ་གཏན་ནས་མེད་པ་དང་གཅིག་ཀྱང་མི་འཕྱུགས་པའི”མཐའ་ཚད་ཀྱི་བསམ་གཞིག་བརྟན་དུ་གཏོང་བ། མཁོ་བསྟུན་ལས་རེས་ལ་ཤུགས་སྣོན་པ་དང་བྱ་བའི་བྱེད་ཐབས་གསར་གཏོད་བྱེད་པ། མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་བྱ་རྒྱུར་ཤུགས་སྣོན་པ་བཅས་བྱས་ནས་བདེ་འཇགས་ཀྱི་ཉེན་ཁ་རྩ་བའི་ཆ་ནས་སེལ་དགོས་ལ། བདེ་འཇགས་ཐོན་སྐྱེད་ཀྱི་དོན་རྐྱེན་སྣ་ཚོགས་ཀྱི་བསླབ་བྱ་བསྡུ་ལེན་གཏིང་ཟབ་བྱས་ཏེ་དཔེ་བཞག་རིགས་འགྲེ་དང་དོགས་ཟོན་ནན་མོ་བྱེད་པ། འགག་སྒོ་མདུན་དུ་སྤོ་རྒྱུ་རྒྱུན་འཁྱོངས་བྱེད་པ། སྦྲེལ་ཐག་ཧྲིལ་བོའི་གདུབ་ཟུམ་དོ་དམ་ཡག་པོ་བྱེད་པ་བཅས་བྱས་ནས་བདེ་འཇགས་ཀྱི་བྱེད་ཐབས་རིམ་པ་བཞིན་དོན་འཁྱོལ་ཡག་པོ་བྱེད་དགོས། ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་སློབ་གསོ་གསོ་སྦྱོང་ལ་ཤུགས་སྣོན་པ་དང་། བཀོལ་སྤྱོད་ཀྱི་བརྒྱུད་རིམ་ཚད་ལྡན་དུ་གཏོང་བ། ལས་བཟོ་བའི་བདེ་འཇགས་ཐོན་སྐྱེད་ཀྱི་འདུ་ཤེས་དང་རྩལ་ནུས་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་བྱ་བ་སོ་སོ་དོན་འཁྱོལ་འགན་ལེན་བྱེད་དགོས་པ་ནན་གྱིས་བསྟན།


མཉམ་སྤྱོད།