དེ་རིང་ནི2024ལོའི་ཟླ09པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱི2022ལོའི་ལོ་འཁོར་མོའི་དམིགས་འབེན་འགན་ཁུར་དཔྱད་ཞིབ་བྱ་བའི་ཚོགས་ཆེན་འཚོགས།

2023-03-03 14:27:22   |   240

རྩོམ་སྒྲིག  དམ་ཆོས་བསམ་འགྲུབ།     ཡོང་ཁུངས།  གངས་ལྗོངས་འཕྲིན་གསར།     བཤེར་འབེབས།  རིན་ཆེན་ཚེ་རིང་། 


ཟླ3པའི་ཚེས2ཉིན། མཚོ་བྱང་ཁུལ་གྱི2022ལོའི་ལོ་འཁོར་མོའི་དམིགས་འབེན་འགན་ཁུར(ལས་ཕྱོད)དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་འགན་ཁུར་ལམ་ལུགས་ཀྱི་དཔྱད་ཞིབ་བྱ་བའི་ཚོགས་ཆེན་ནུབ་མཚོ་གྲོང་རྡལ་དུ་འཚོགས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་བྱ་བའི་སྙན་ཞུ་ཕུལ་ཞིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་ལ།  ཞིང་ཆེན་དཔྱད་ཞིབ་ཚན་ཆུང་གི་ཙུའུ་ཀྲང་ངམ་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་གི་ཐིང་ཀྲང་གཞོན་པ་དབྱང་དབྱི་ཆིན། ཞིང་ཆེན་དཔྱད་ཞིབ་ཚན་ཆུང་གི་ཙུའུ་ཀྲང་གཞོན་པའམ་ཞིང་ཆེན་དཔྱད་ཞིབ་གཞུང་དོན་ཁང་དཔྱད་ཞིབ་ཁྲུའུ་གཉིས་པའི་ཁྲུའུ་ཀྲང་ཀྲིག་ཧྲིན་ཁའེ། ཞིང་ཆེན་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དཔྱད་ཞིབ་ཚན་ཆུང་གི་ཙུའུ་ཀྲང་ངམ་ཞིང་ཆེན་སྒྲིག་བཤེར་ལྟ་ཞིབ་ཨུ་ལྷན་གྱི་ཞིང་ཆེན་ཚོང་དོན་ཐིང་དུ་བཅའ་སྡོད་བྱས་པའི་སྒྲིག་བཤེར་ལྟ་ཞིབ་ཚན་ཆུང་གི་ཙུའུ་ཀྲང་གཞོན་པ་ལུའི་ཝང་པའོ་དང་དེ་བཞིན་དཔྱད་ཞིབ་ཚན་ཆུང་གི་ཁོངས་མི་གཞན་དག་ཚོགས་འདུར་ཕེབས།    

1.jpg

དཔྱད་ཞིབ་སྙན་ཞུ་ཕུལ་བའི་ཚོགས་འདུའི་ཐོག་བློ་མཐུན་དབྱང་དབྱི་ཆིན་གྱིས་དཔྱད་ཞིབ་བྱ་བ་ཡག་པོར་སྒྲུབ་པའི་ཐད་བླང་བྱ་བཏོན་པར་མ་ཟད། དཔྱད་ཞིབ་ཀྱི་དོན་སྙིང་དང་དཔྱད་ཞིབ་བྱེད་ཐབས། དཔྱད་ཞིབ་ཀྱི་གོ་རིམ་བཅས་གསལ་བཤད་ཞིབ་ཕྲ་གནང་ཞིང་། བློ་མཐུན་ལུའི་ཝང་པའོ་ཡིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་འགན་ཁུར་ལམ་ལུགས་ལ་དཔྱད་ཞིབ་བྱས་པའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་། དབྱང་དབྱི་ཆིན་གྱིས་ཏང་སྲིད་མགོ་ཁྲིད་ཚན་ཁག་དང་མགོ་ཁྲིད་ལས་བྱེད་པའི་དཔྱད་ཞིབ་ནི་བྱ་བའི་གྲུབ་འབྲས་དངོས་ལ་ཞིབ་བཤེར་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཞིབ་བསྡུར་བྱེད་པ། བྱ་བ་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ། འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་སྣེ་ཁྲིད་བྱེད་པ་བཅས་ཀྱི་བྱ་ཐབས་གལ་ཆེན་ཞིག་ཡིན་ལ། ཡུལ་དངོས་ནས་དཔྱད་ཞིབ་བྱེད་པའི་དམིགས་ཡུལ་ནི་དམངས་གཙོའི་དཔྱད་བསྡུར་དང་མི་འགའ་ཤས་ལ་གླེང་མོལ་བྱེད་པ། རྒྱུ་ཆ་ལྟ་ཀློག་བྱེད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་མགོ་ཁྲིད་ཚན་ཁག་དང་ཞིང་ཆེན་གྱིས་དོ་དམ་བྱེད་པའི་ཐིང་རིམ་པའི་ལས་བྱེད་པའི་ཆབ་སྲིད་ལེགས་སྐྱོང་དང་མགོ་ཁྲིད་ནུས་པ། བྱ་བའི་གྲུབ་འབྲས། བྱ་བའི་སྤྱོད་ཚུལ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་སོགས་ཀྱི་གནས་ཚུལ་ལ་ཕྱོགས་བསྡུས་ཀྱིས་དབྱེ་ཞིབ་བྱས་ནས་དངོས་ཐོག་བདེན་འཚོལ་དང་དོན་དངོས་དྲང་གཞག་གིས་གདེང་འཇོག་བྱས་ཏེ། ཞིང་ཆེན་ཏང་ཨུས་དམིགས་ཡུལ་རང་བཞིན་ལྡན་པའི་སྒོ་ནས་མགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བར་ཁུངས་བཙན་པའི་གཞི་འཛིན་ས་འདོན་སྤྲོད་བྱས་པ་ཞིག་ཡིན་པར་བསྟན།  

3.jpg

ཤ་བོ་སྐྱབས་ཀྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་སྐྱེ་ཁམས་སྲུང་སྐྱོབ་སྔོན་ལ་འཇོག་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས། སྤུས་ཚད་མཐོ་བའི་འཚོ་བ་བཅས་ཕྱོགས་གསུམ་ཐད་ནས2022ལོའི་ལོ་འཁོར་མོའི་དཔྱད་ཞིབ་དམིགས་ཚད་གཙོ་བོ་ལེགས་སྒྲུབ་བྱས་ཚུལ་སྙན་ཞུ་ཕུལ་ལ། ཁོང་གིས་འདས་པའི་ལོ་གཅིག་གི་རིང་། མཚོ་བྱང་ཁུལ་གྱིས་ཆབ་སྲིད་ཀྱི་སྣེ་ཁྲིད་མངོན་གསལ་དོད་པོ་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དེ་ལོ་ཧྲིལ་བོའི་བྱ་བའི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ཤིང་བྱ་སྤྱོད་ཏན་ཏིག་ལ་བརྟེན་ནས་ཆབ་སྲིད་ཀྱི་ཆ་རྐྱེན་གལ་ཆེན་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་གཏོང་བ། མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་དང་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གི་ཚོད་ལྟའི་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་། མཚོ་སྔོན་པོའི་འབབ་རྒྱུད་དང་མདོ་ལ་རིང་མོའི་ལྷོ་འདབས། ཙོང་ཆུའི་འབབ་རྒྱུད་སོགས་གཙོ་གནད་སྐྱེ་ཁམས་བཅོས་སྐྱོང་གི་བཟོ་སྐྲུན་ཁག་ཅིག་ལ་སྤྱི་འདོམས་སྐུལ་འདེད་བཏང་བས་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཉིན་རེ་བཞིན་བརྟན་དུ་ཕྱིན་ཡོད། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་ལ་དམིགས་ནས་ཞིང་ཕྱུགས་ལས་ཀྱི“ཐོན་ལས་ཆེན་པོ་ལྔ”དར་རྒྱས་གཏོང་བའི་འཆར་གཞི་ལག་བསྟར་བྱས་ཏེ་སྐྱེ་ཁམས་ཕྱུགས་ལས་ཀྱི“གཅིག་ཅན་བདུན”གྱི་ལེ་ལག་ཚང་བའི་སྒྲིག་བཀོད་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ནས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་ལ་ཕན་འབྲས་རགས་ཙམ་ཐོན་ཡོད། ཞིང་ཆེན་ཡོངས་ཀྱི་ཆན་ཝ་ཁྲི་སྟོང་རིམ་པའི་ནུས་རྒྱུ་གཙང་མའི་རྟེན་གཞི་གསུམ་པའི་དམིགས་འབེན་གཏན་འཁེལ་བྱས་ནས་ནུས་རྒྱུ་གཙང་མའི་ཐོན་སྐྱེད་བེད་སྤྱོད་ཐད་སྤུས་ཚད་ཐོད་བརྒལ་བྱུང་ཞིང་། གསེར་དངུལ་ཐང-རྡུལ་ཕྲན་མཁར5Aརིམ་པའི་མཛེས་ལྗོངས་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་མཐོན་པོ་སྒང་སྐྱེ་ཁམས་ཡུལ་སྐོར་དང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་འཛུགས་སྐྲུན་བྱེད་པར་གོམ་སྟབས་དངོས་སུ་སྤོས་ཤིང་། མྱུར་བགྲོད་གཞུང་ལམ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་སོགས་ལས་གཞི་ཁག་ཅིག་ལག་བསྟར་མགྱོགས་སུ་བཏང་ཡོད། དམངས་འཚོ་འགན་ལེན་དང་ཇེ་ལེགས་སུ་གཏོང་རྒྱུར་ཤུགས་བསྣན་ནས་གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་པས་ཁུལ་ཡོངས་ཀྱི་སྡེ་བ་ཚང་མའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི20ཡན་ཟིན་ནས་རོང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། རྨོ་ཞིང་སྲུང་སྐྱོབ་དཔྱད་ཞིབ་དང་དམངས་སྲིད་བྱ་བ། སྤྱི་ཚོགས་བཅོས་སྐྱོང་སོགས་ཀྱི་བྱ་བ་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། རྡུལ་ཕྲན་མཚོན་ཆ་ཞིབ་བཟོ་རྟེན་གཞི་དང་པོའི་གནའ་ཤུལ་སྲུང་སྐྱོབ་དང་བེད་སྤྱོད་བྱ་བར་ཚད་གཞི་མཐོན་པོས་སྐུལ་འདེད་བཏང་བ་དང་། རྡུལ་ཕྲན་མཁར་དྲན་གསོ་ཁང་དེ་མཚོ་སྔོན་གྱི་གསར་བརྗེའི་ཡུལ་སྐོར་གྱི“ངེས་གནས”སུ་གྱུར་ནས་རིག་གནས་ལུས་རྩལ་བྱ་གཞག་དར་རྒྱས་གོང་འཕེལ་བྱུང་ཡོད། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱི་འཐབ་འཛིང་ནུས་པ་དང་གོང་བུ་སྒྲིལ་ཤུགས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་བྱེད་པོའི་འགན་འཁྲི་སྔར་ལས་ནན་དུ་བཏང་ནས་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་བཟང་བོ་ཞིག་བཏོད་ཡོད་པར་བསྟན།

微信图片_20230303141550.jpg

ཤ་བོ་སྐྱབས་ཀྱིས་ད་ལོའི་བྱ་བའི་ཁྲོད། མཚོ་བྱང་ཁུལ་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག དོན་འཁྱོལ་བཅས་བྱ་རྒྱུའི་གཙོ་ཐིག་འདིར་རྩེ་གཅིག་ཏུ་དམིགས་ནས། ཀྲུང་དབྱང་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་ལྟར། དུས་རབས་གསར་བའི་མཚོ་བྱང་འཕེལ་རྒྱས་ཀྱི་མདུན་དུ་ལྷག་པའི་གནས་བབ་གསར་བ་དང་ལས་འགན་གསར་བ། འགྲན་སློང་གསར་བ་བཅས་ལ་དམིགས་ཏེ། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་མཐུན་སྒྲིལ་སྣེ་ཁྲིད་ཀྱིས“243”གྱི་འཕེལ་རྒྱས་བཀོད་པ་དང་། “མཚོ་བྱང་ལྔ”འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བཅས་ཕྱོགས་གསུམ་ཐད་ནས་ཞིང་ཆེན་ཡོངས་ཀྱི་མདུན་དུ་བསྐྱོད་དེ“དེང་རབས་ཅན་གྱི་མཚོ་སྔོན་གསར་བ་དྲུག”འཛུགས་སྐྲུན་བྱེད་པའི་མཚོ་བྱང་གི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་དགོས་པར་བསྟན།

ཀྲིག་ཧྲིན་ཁའེ་ཡིས་དམངས་གཙོའི་དཔྱད་ཞིབ་རེའུ་མིག་དང་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་ཀྱི་གདེང་འཇོག་རེའུ་མིག་འབྲི་བ་སོགས་ཀྱི་འབྲེལ་ཡོད་གནད་དོན་ཐད་གསལ་བཤད་གནང་བ་དང་། ཚོགས་ཞུགས་མི་སྣ་ཡོངས་ཀྱིས་ཁུལ་གྱི་ཏང་སྲིད་མགོ་ཁྲིད་ཚན་ཁག་དང་མགོ་ཁྲིད་ལས་བྱེད་པར་ཁ་པར་གྱི་དྲ་ངོས་བརྒྱུད་ནས་དྲ་རྒྱའི་དམངས་གཙོའི་དཔྱད་ཞིབ་བྱས།

ཁུལ་ཨུའི་ཨུ་ཡོན་དང་ཁུལ་དམངས་ཆེན། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་ཀྱི་མགོ་ཁྲིད་ཚན་ཁག་གི་ཁོངས་མི། ཁུལ་ཁྲིམས་ཁང་དང་ཁུལ་ཞིབ་དཔྱོད་ཁང་གི་མགོ་ཁྲིད་གཙོ་བོ། རྫོང་སོ་སོའི་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་དང་མཚོ་སྔོན་པོ་ཞིང་རའི་འགན་འཁུར་བློ་མཐུན་གཙོ་བོ། ཁུལ་སྒྲིག་ཨུ་དང་ལྟ་ཞིབ་ཨུ་ལྷན་གྱི་མགོ་ཁྲིད་ཚན་ཁག་གི་ཁོངས་མི། ཁུལ་ཐད་གཏོགས་སྡེ་ཁག་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོ། ཁུལ་དུ་བཅའ་སྡོད་བྱས་པའི་ཞིང་ཆེན་སྡེ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ། ཁུལ་རིམ་པའི་བློ་མཐུན་རྒན་པའི་འཐུས་མི་དང“འཐུས་མི་གཉིས་དང་ཨུ་ཡོན་གཅིག” ཁེ་ལས་ཀྱི་འཐུས་མི། རོང་འབྲོག་པ། སྡེ་ཁུལ་གྱི་སྡོད་དམངས་ཀྱི་འཐུས་མི་སོགས་ཞབས་འདེགས་ཞུ་ཡུལ་ཚོགས་འདུར་ཞུགས།


མཉམ་སྤྱོད།