དེ་རིང་ནི2024ལོའི་ཟླ09པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་ཚོགས་འདུ་འཚོགས། ཀྲང་ཧྲིང་ཡོན་གྱིས་གཙོ་སྐྱོང་གནང་།

2023-03-03 18:57:00   |   212

རྩོམ་སྒྲིག  དམ་ཆོས་བསམ་འགྲུབ།  ཡོང་ཁུངས།  གངས་ལྗོངས་འཕྲིན་གསར།  བཤེར་འབེབས། རིན་ཆེན་ཚེ་རིང་།   


     ཟླ3པའི་ཚེས2ཉིན། མཚོ་བྱང་ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་ཧྲུའུ་ཅིའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་གཙོ་སྐྱོང་གནང་ནས་ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི(རྒྱས་འཛོམས)ཚོགས་འདུ་ཐེངས33པ་འཚོགས་ཤིང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནང་སོག་ཨ་ལག་ཤ་ཙའོ་ཆི་དབྱི་ལུའུ་ཐེན་རྡོ་སོལ་གཏེར་ཁུངས་བརྡིབས་པའི་དོན་རྐྱེན་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བའི་དགོངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་ཡིག་བསྐུར་ངོ་བཅར་བྱ་བའི་སྐོར་གྱི་དགོངས་པ་གལ་ཆེན་སོགས་ཀྱི་དགོངས་དོན་སློབ་སྦྱོང་བྱས་ཤིང་། ཁུལ་ཨུའི་བྱ་བའི་བླང་བྱ་དོན་འཁྱོལ་དང་འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས།

1.jpg      

       ཚོགས་འདུའི་ཐོག་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་དང་།  ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཚོགས་འདུ་ཐེངས་གསུམ་པའི་དགོངས་དོན། ཟླ2པའི་ཚེས16ཉིན་འཚོགས་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ལྷན་གྱི་གྱི་ཚོགས་འདུའི་དགོངས་དོན་བཅས་ལ་སློབ་སྦྱོང་བྱས།  ཚོགས་འདུའི་ཐོག་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་སློབ་སྦྱོང་ནན་ཏན་བྱེད་པ་བརྒྱུད་དེ་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་ཆབ་སྲིད་ཀྱི་གོ་བ་ལེན་ནུས། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་ཆེ་རུ་ཏན་ཏིག་གཏོང་དགོས་ལ། སློབ་གསོ་དང་ཚན་རྩལ། ཤེས་ལྡན་མི་སྣ་བཅས་ཀྱི་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་འདེགས་སྐྱོར་ནུས་པར་ཚད་མཐོན་པོའི་སྒོ་ནས་སྟངས་འཛིན་བྱས་ཏེ་ཤེས་ལྡན་མི་སྣར་སྐུལ་མ་གཏོང་བའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ།  རྡུལ་ཕྲན་མཁར་རྒྱལ་ཁབ་ཀྱི་ཚན་རིག་ཁྱབ་གདལ་དཔེ་སྟོན་རྟེན་གཞི་སྐྱེད་སྲིང་ལ་སྐུལ་འདེད་གཏོང་བ། རྒྱལ་གཅེས་རིང་ལུགས་དང་ཚན་རིག་ཁྱབ་གདལ་གྱི་རྟེན་གཞི་གཉིས་གཏོད་པ། ཚན་རིག་ཁྱབ་གདལ་དྲིལ་སྒྲོག་གི་ཤུགས་རྐྱེན་ཐེབས་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ནས་རང་ཁུལ་གྱི་དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་མཐོ་རུ་གཏོང་དགོས་ཤིང་།  རིམས་ནད་འགོག་སྡོམ་དང་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུ་གཅིག་གྱུར་ཐོག་དམ་འཛིན་ཡག་པོ་བྱས་ནས་རོང་འབྲོག་ཁུལ་གྱི་རིམས་ནད་འགོག་སྡོམ་བྱ་བར་ཤུགས་སྣོན་པ་དང་། རིམས་ནད་འགོག་སྡོམ་གྱི་རྒྱལ་ཁའི་གྲུབ་འབྲས་དྲིལ་སྒྲོག་ལ་ཤུགས་སྣོན་པ། རྒྱུན་མཐུད་ངང་རིམས་འགོག་སྨན་ཁབ་རྒྱག་པའི་བྱ་བར་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ཏེ་པྲོག་གསར་འགོག་སྨན་རྒྱག་པའི་བྱ་བ་བརྟན་པོའི་ངང་སྐུལ་འདེད་གཏོང་རྒྱུའི་འགན་ལེན་བྱས་ནས་ཐུན་མོང་ཐོག་མང་ཚོགས་ཀྱི་རིམས་འགོག་སྲུང་ཡོལ་བརྟན་དུ་གཏོང་དགོས་པའི་བླང་བྱ་བཏོན།   

2.jpg          

        ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནང་སོག་ཨ་ལག་ཤ་ཙའོ་ཆི་དབྱི་ལུའུ་ཐེན་རྡོ་སོལ་གཏེར་ཁུངས་བརྡིབས་པའི་དོན་རྐྱེན་ཐད་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ལེ་ཧྥུན་ལ་སློབ་སྦྱོང་བྱེད་པའི་བྱེད་སྒོའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན། ཡིག་བསྐུར་ངོ་བཅར་བྱ་བའི་སྐོར་གྱི་བསམ་བློ་གལ་ཆེན། དེ་བཞིན་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བཅས་ལ་སློབ་སྦྱོང་བྱས། ཚོགས་འདུའི་ཐོག་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ནས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་དང་། ཐོག་མཐའ་བར་གསུམ་དུ་འཁྱགས་དར་སྲབ་མོའི་ཐོག་འགྲོ་བ་ལྟ་བུའི་ཚད་མཐོའི་དོགས་ཟོན་བྱས་ཏེ་མཁོ་བསྟུན་དོ་དམ་དང་། བདེ་འཇགས་ཐོན་སྐྱེད། གེགས་འགོག་གེགས་སེལ་གེགས་སྐྱོབ་སོགས་ཀྱི་བྱ་བ་སོ་སོར་དམ་འཛིན་ཏན་ཏིག་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས། ཡིག་སྐུར་ངོ་བཅར་མཉམ་འབྲེལ་གྲོས་ཚོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཆ་འཕྲིན་མཉམ་སྤྱོད་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས།《ཡིག་བསྐུར་ངོ་བཅར་བྱ་བའི་སྲོལ་ཡིག》དོན་འཁྱོལ་ལོའི་བྱེད་སྒོ་སྒྲིག་འཛུགས་ཡག་པོ་བྱས་ནས་ཡིག་བསྐུར་ངོ་བཅར་ལས་སྒོ་སྒྲུབ་གཉེར་བྱ་བ་སྔར་བས་ཚད་ལྡན་དུ་བཏང་སྟེ་བརྟན་ལྷིང་ཞི་མཐུན་གྱི་སྤྱི་ཚོགས་ཁོར་ཡུག་ནུས་ཤུགས་ཡོད་རྒུས་རྒྱུན་འཁྱོངས་བྱེད་དགོས། སྲིད་གཞུང་གི་ཏང་ཙུའི་ཚན་ཁག་ནས་མགོ་བཙུགས་ཏེ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ཏེ་ཁུལ་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ལ་བླ་ན་མེད་པའི་ཕུགས་བསམ་དོན་གཉེར་བྱེད་པའི་ཁྲིད་སྟོན་བྱེད་པ་དང་།  སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་བསྟར་བྱས་ནས་ཏང་ལ་དགའ་ཞེན་དང་། རྒྱལ་གཅེས་སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བྱེད་པའི་སྤྲོ་སེམས་ཆེན་པོ་འཕེལ་བར་བྱེད་དགོས་པའི་བླང་བྱ་བཏོན།

3.jpg      

      ཚོགས་འདུའི་ཐོག་རྒྱལ་ཡོངས་ཀྱི་བཟོ་འཕྲིན་དང་ཚོང་དོན། གྲོང་ཁྱེར་ལྟ་སྐུལ། སྨན་རྫས་ལྟ་སྐུལ། རིག་གནས། ཡུལ་སྐོར། རིག་དངོས། རླུང་འཕྲིན་བརྙན་འཕྲིན། འགྲིམ་འགྲུལ་སྐྱེལ་འདྲེན་བྱ་བ་སོགས་ཀྱི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་བྱས་པ་དང་ཁུལ་གྱི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས། ཚོགས་འདུའི་ཐོག་ཁུལ་ཡོངས་ཀྱིས་གོ་སྐབས་དམ་འཛིན་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཁེ་ལས་ལ་རོགས་སྐྱོར་བྱེད་པའི་དཔྱིད་རླུང་འགུལ་སྐྱོད་ནན་ཏན་སྤེལ་ནས་ནུས་ཤུགས་ཡོད་རྒུས་བཟོ་ལས་བརྟན་པོའི་ངང་འཕར་རྒྱུ་བརྟན་པོ་ཡོང་བ་བྱེད་དགོས། ཁེར་རྐྱང་བཟོ་ཚོང་ཁྱིམ་ཚང་འཕེལ་རྒྱས་གཏོང་བར་རོགས་སྐྱོར་བྱེད་པའི་ཞབས་ཞུའི་མ་ལག་སྔར་བས་འཐུས་ཚང་དུ་གཏོང་དགོས། “ལག་ཁྱེར་ལོགས་དབྱེའི”བཅོས་སྒྱུར་ལ་སྐུལ་འདེད་གཏིང་ཟབ་བཏང་ནས“ཐོན་རྫས་གསུམ་དང་དམིགས་བསལ་གཅིག”གི་བདེ་འཇགས་མཐའ་ཚད་སྲུང་དགོས། ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི“123”འཐབ་ཇུས་ལག་བསྟར་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས་པ་དང་གསེར་དངུལ་ཐང-རྡུལ་ཕྲན་མཁར་རྒྱལ་ཁབ་ཀྱི5Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གཏོད་པའི་བྱ་བ་གཙོ་གནད་དུ་དམ་འཛིན་ཡག་པོ་བྱས་ཏེ་མཐོན་པོ་སྒང་སྐྱེ་ཁམས་ཡུལ་སྐོར་དང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་སོགས་འཛུགས་སྐྲུན་ལས་གཞི་ལ་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་བྱེད་དགོས། འགྲིམ་འགྲུལ་ཡུལ་སྐོར་མཉམ་འདྲེས་ཀྱིས་ས་ཁོངས་ཧྲིལ་བོའི་ཡུལ་སྐོར་འཕེལ་རྒྱས་ཀྱི་ཚོད་ལྟའི་གསར་གཏོད་བྱ་བ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། “ཡུལ་སྐོར་མགྱོགས་སུ་གཏོང་བའི”ས་ཁོངས་ཧྲིལ་བོའི་ཡུལ་སྐོར་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་མགྱོགས་མྱུར་བསྐྲུན་ནས་འགྲིམ་འགྲུལ་ཡུལ་སྐོར་ཞབས་ཞུའི་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་སྟེ་མཚོ་བྱང་ཁུལ་གྱི་ས་ཁོངས་ཧྲིལ་བོའི་ཡུལ་སྐོར་འཕེལ་རྒྱས་ལ་ནུས་ལྡན་ངང་འདེགས་སྐྱོར་བྱ་དགོས་པའི་བླང་བྱ་བཏོན།

    ཚོགས་འདུའི་ཐོག《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྒྲིག་གཞིའི་སྒྲིག་ཁོངས་དོ་དམ་གཏན་འབེབས(ཚོད་ལྟའི་ལག་བསྟར)》དང《མཚོ་སྔོན་ཞིང་ཆེན་ནོར་སྲིད་སྔོན་རྩིས་བྱ་བའི་དོ་དམ་སྲོལ་ཡིག》《ཞིང་ཆེན་སྒྲིག་བཤེར་ཨུ་ལྷན་དང་ཞིང་ཆེན་བསྡོམས་རྩིས་ཅུས་ཀྱི་ཟི་ལིང་གྲོང་ཁྱེར་སྟོང་སྐོར་རྫོང་དང་ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ། ཏུང་ཁྲོན་བཟོ་ལས་གླིང་ཁུལ་གྱི་བསྡོམས་རྩིས་སྒྲིག་འགལ་ཁྲིམས་འགལ་གྱོད་གཞིའི་ཁྱབ་བརྡ》《2021ལོའི་གྲོང་ཁྱེར་དང་ཁུལ་སོ་སོའི་སྦགས་བཙོག་འགོག་བཅོས་འགག་སྒྲོལ་དམག་འཐབ་ཀྱི་ཕན་འབྲས་དཔྱད་ཞིབ་བྱས་ཚུལ་སྐོར་གྱི་ཁྱབ་བརྡ》སོགས་ཡིག་ཆའི་དགོངས་དོན་ལ་སློབ་སྦྱོང་བྱས། ཚོགས་འདུའི་ཐོག ས་གནས་སོ་སོ་དང་སྡེ་ཁག་སོ་སོས་སྒྲིག་གཞིའི་སྒྲིག་ཁོངས་དོ་དམ་སྔར་བས་ཚད་ལྡན་དུ་བཏང་ནས“གཏན་འཁེལ་གསུམ”གྱི་ཇུས་གཞི་དོན་འཁྱོལ་ནན་མོ་བྱས་ཏེ་ཁུལ་ཡོངས་ཀྱི་སྒྲིག་གཞིའི་སྒྲིག་ཁོངས་ཚན་རིག་དང་མཐུན་པ་དང་ཚད་ལྡན་ཅན། ཁྲིམས་ལུགས་ཅན་བཅས་ཀྱི་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ “དངུལ་གཏོང་ན་ངེས་པར་དུ་ཕན་འབྲས་རྩད་གཅོད་དང་ཕན་འབྲས་མ་ཐོན་ན་ངེས་པར་དུ་འགན་འཁྲི་རྩད་གཅོད”བྱེད་པའི་འདུ་ཤེས་བརྟན་པོ་འཛུགས་དགོས། སྔོན་རྩིས་ཀྱི་ཕན་འབྲས་ཡོངས་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནོར་སྲིད་མ་དངུལ་བཀོད་སྒྲིག་གི་ཕན་འབྲས་ལ་ལྟ་སྐུལ་དང་འདྲི་རྩད་བྱེད་པའི་ཕན་འབྲས་ཆེ་རུ་གཏོང་བ། ནོར་སྲིད་མ་དངུལ་འཁོར་སྐྱོད་བདེ་འཇགས་དང་ཕན་ནུས་ལྡན་པར་འགན་ལེན་ཏན་ཏིག་བཅས་བྱ་དགོས། བསྡོམས་རྩིས་བརྟག་དཔྱད་བྱ་ཡུལ་གྱི་བསྡོམས་རྩིས་ལས་སྒོའི་ཤེས་བྱ་དང་བསྡོམས་རྩིས་བཅའ་ཁྲིམས་དང་ཁྲིམས་སྲོལ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བསྡོམས་རྩིས་ཀྱི་ཁྲིམས་སྐྱོང་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ། རྒྱལ་ཁབ་ཀྱི་བསྡོམས་རྩིས་ལམ་ལུགས་དང་བྱ་སྤྱོད་ཚད་གཞི་ལག་བསྟར་ནན་མོ་བཅས་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཤིན་ཏུ་གལ་ཆེའི་རང་བཞིན་ལ་ངོས་འཛིན་ཏན་ཏིག་བྱས་ནས་གནད་དོན་ལ་དམིགས་ཏེ་འགན་འཁྲི་ཏན་ཏིག་འཁུར་བ་དང་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཀྱི་གཙོ་གནད་ལས་འགན་དམ་འཛིན་ཏན་ཏིག་བྱེད་པ། ཁྲིམས་ལྟར་ཁོར་ཡུག་སྲུང་སྐྱོང་ནན་མོ་བྱེད་པ། ཁོར་ཡུག་ལ་སྦགས་བཙོག་བཟོ་བ་དང་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བཤིག་གཏོང་བའི་མངོན་མེད་རྐྱེན་ངན་སྣ་ཚོགས་ཁྱོན་ཡོངས་ནས་གྲལ་བཤེར་དང་བཅོས་སྒྲིག་བྱེད་པ། ལྟ་སྐུལ་དོ་དམ་གྱི་ཟུར་མི་ལུས་པ་དང་ཁྲིམས་འཛིན་གྱི་རྨོངས་ཁུལ་མི་གནས་པ་བཅས་བྱེད་དགོས་པའི་བྱང་བྱ་བཏོན།


མཉམ་སྤྱོད།