དེ་རིང་ནི2024ལོའི་ཟླ09པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་རྒྱས་འཛོམས་ཚོགས་འདུ་འཚོགས།

2023-03-03 19:59:03   |   159

རྩོམ་སྒྲིག  དམ་ཆོས་བསམ་འགྲུབ།  ཡོང་ཁུངས།  གངས་ལྗོངས་འཕྲིན་གསར།   བཤེར་འབེབས། རིན་ཆེན་ཚེ་རིང་།


      ཟླ3པའི་ཚེས3ཉིན།  ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་ནས་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་རྒྱས་འཛོམས་ཚོགས་འདུ་འཚོགས་ཏེ། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་།  མཚོ་བྱང་ཁུལ་གྱི་ལག་བསྟར་དོན་འཁྱོལ་བྱ་བར་བཀོད་སྒྲིག་བྱས།༡.jpg    

      ཚོགས་འདུའི་ཐོག་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ནི་ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་དུ་འགྱུར་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་རྒྱབ་ལྗོངས་ཆེན་པོའི་འོག་འཚོགས་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་འདུ་ཞིག་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆབ་སྲིད་ཀྱི་སྐུལ་སློང་བསྐྱར་མ་ཞིག་དང་།  ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རིགས་པའི་གཞུང་ལུགས་ཡང་བསྐྱར་འཕེལ་རྒྱས་བཏང་བ་ཞིག་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་དུ་འགྱུར་བར་སྐུལ་སྤེལ་གཏོང་བའི་སྒུལ་ཤུགས་ཡང་བསྐྱར་བསྩལ་བ་ཞིག་ཡིན་ཞིང་། གསུང་བཤད་ནང་དངོས་ཐོག་བདེན་འཚོལ་གྱི་སྒོ་ནས་སྐབས་གསར་བའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཟླ4ལྷག་ཙམ་རིང་ལ་ཕྱོགས་སོ་སོའི་བྱ་བར་གོམ་སྟབས་གསར་བ་སྤོས་པར་ཕྱོགས་བསྡོམས་བྱས་ལ། ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་དོན་སྙིང་གལ་ཆེན་དང་ཁྱོན་ཡོངས་བཀོད་སྒྲིག རྩ་དོན་གལ་ཆེན། དམིགས་འབེན་བླང་བྱ་བཅས་རྒྱས་བཤད་ཟབ་མོ་གནང་སྟེ་ད་ལོའི་བྱ་བ་ལེགས་པོར་སྒྲུབ་པའི་བླང་བྱ་གལ་ཆེན་དང་ལས་འགན་གཙོ་བོ་གསལ་བོར་བཏོན་ཡོད་པས། དུས་རབས་གསར་བའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་བར་སྐུལ་འདེད་གཏོང་བ་དང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་སུ་གཏོང་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད་པར་བསྟན། 

2.jpg      

    ཚོགས་འདུའི་ཐོག་ཀྲུང་དབྱང་གི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་ལེན་པ། ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་བཅས་བྱས་ཏེ“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་ངོས་འཛིན་སྔར་ལས་གཏིང་ཟབ་ཏུ་བཏང་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང“གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ཏེ་བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་སུ་མདུན་སྐྱོད་བྱེད་དགོས་ལ། ཏང་ཀྲུང་དབྱང་གི་འབྲེལ་ཡོད་ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ལ་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཡང་དག་ཆུད་པར་བྱས་ནས། བཅོས་སྒྱུར་གྱི་ཁ་ཕྱོགས་བརྟན་དུ་གཏོང་བ་དང་བཅོས་སྒྱུར་གྱི་ཡིད་ཆེས་དང་ཆོད་སེམས་འཕེལ་བར་བྱས་ཏེ་ཀྲུང་དབྱང་གི་བླང་བྱ་ལྟར་བཅོས་སྒྱུར་གྱི་བྱེད་ཐབས་མཚོ་བྱང་དུ་ལག་བསྟར་དོན་འཁྱོལ་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།    

     ཚོགས་འདུའི་ཐོག་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུར་ཟུང་འབྲེལ་བྱེད་པ་དང་། ཇུས་འགོད་སྒྲིག་འཛུགས་ནན་ཏན་བྱས་ཏེ་སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་གཏིང་ཟབ་ཏུ་སྐྱོད་པ་དང་། དོན་དངོས་ཐོག་སྐྱོད་པ། སེམས་སུ་འཇོག་པ་བཅས་ལ་སྐུལ་འདེད་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ད་ལོའི་བྱ་བ་ཡག་པོ་སྒྲུབ་པའི་ཐད་ཀྱི་བླང་བྱ་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། ཐོན་ལས་འཕེལ་རྒྱས་ལ་དམ་འཛིན་བྱ་རྒྱུར་ཤུགས་བསྣན་ནས་ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་སྤྱིའི་བཀོད་སྒྲིག་དང་ཁུལ་གྱི“ཚོགས་ཆེན་གཉིས”ཀྱི་བྱ་བའི་བཀོད་སྒྲིག་དང་། ཐོན་ལས་ཀྱི“གནས་བཞིའི”འཛུགས་སྐྲུན་བཅས་ལ་དམིགས་ནས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་སྣེ་ཁྲིད་ཁུལ་དང་ནུས་རྒྱུ་གཙང་མའི་ཐོན་སྐྱེད་བེད་སྤྱོད་ཀྱི་སྐུལ་འདེད་ཁུལ། སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་དཔེ་སྟོན་ཁུལ་བཅས་འཛུགས་སྐྲུན་ལ་ཤུགས་བསྣན་ནས་བོད་ལུག་དང་ནོར་གནག ནས། ལོག་དཀར། གཟན་རྩྭ་སོགས་ཐོན་ལས་ཆེན་པོ་ལྔ་ཡི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེ་རུ་གཏོང་དགོས། འོད་ཤུགས་དང་རླུང་གློག་རྟེན་གཞི་ཅན་དང་གཞི་ཁྱོན་ཅན་གྱི་གསར་སྤེལ་ལ་སྐུལ་འདེད་ཧུར་ཐག་བཏང་ནས།  “123”Aརིམ་པའི་མཛེས་ལྗོངས་ཁུལ་གསར་འཛུགས་སོགས་ཀྱི་གཙོ་གནད་བྱ་བ་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་ལ་སྐུལ་འདེད་མགྱོགས་སུ་བཏང་སྟེ། སྒུལ་ནུས་གསར་རྙིང་བརྗེ་སྒྱུར་ནུས་ལྡན་བྱ་དགོས། ལས་གཞི་འཛུགས་སྐྲུན་དང་ཚོང་འགུགས་མ་འདྲེན་ལ་དམ་འཛིན་བྱ་རྒྱུར་ཤུགས་བསྣན་ཏེ་འཐབ་ཇུས་ཀྱི་ཁ་ཕྱོགས་དང་འཕེལ་རྒྱས་ཀྱི་ཁ་ཕྱོགས། མ་དངུལ་གཏོང་ཕྱོགས་བཅས་སྟངས་འཛིན་ཡང་དག་བྱས་ནས་རྟེན་གཞི་གཉིས་གཉིས་གཅིག་གི་གནའ་ཤུལ་སྲུང་སྐྱོང་བེད་སྤྱོད་དང་། མཐོན་པོ་སྒང་སྐྱེ་ཁམས་ཡུལ་སྐོར་དང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་གཏོད་པ། ནུབ་མཚོ་གྲོང་རྡལ་མཁར་ཟུར་གསུམ་གྲོང་རྡལ་མཉམ་འདྲེས་འཕེལ་རྒྱས་སོགས་གཙོ་གནད་བྱ་བ་མངོན་གསལ་དོད་པོ་ཡོང་བ་བྱས་ནས་ལས་གཞི་ནུས་ཤུགས་ཡོད་རྒུས་བརྩོན་ལེན་བྱས་ཏེ་ཚོང་འགུགས་མ་འདྲེན་བྱ་ཤུགས་ཆེ་རུ་གཏོང་དགོས། བཅོས་སྒྱུར་ཟབ་སྤེལ་བྱེད་པར་ཤུགས་རྒྱག་པ་དང་སྒྱུར་བཅོས་ཀྱི་བྱ་ཐབས་ལ་བརྟེན་ནས་མཚོ་བྱང་གི་འཕེལ་རྒྱས་ལ་ཚོད་འཛིན་བྱེད་པའི་བསམ་བློའི་བཀག་རྒྱ་སེལ་བ་དང་། མཚོ་བྱང་གི་མདུན་སྐྱོད་ལ་འགོག་རྐྱེན་བཟོ་བའི་བསམ་བློའི་འགོག་རྐྱེན་སེལ་བ། སྒྲིག་གཞི་བཅོས་སྒྱུར་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་བཅོས་སྒྱུར་བྱ་བར་དམ་འཛིན་ཡག་པོ་བྱེད་པ། ཀྲུང་དབྱང་དང་ཞིང་ཆེན་གྱིས་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་གཏོང་བ་དང་ཐོན་ལས་གཞན་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བའི་བཅོས་སྒྱུར་གྱི་བྱེད་ཐབས་སོ་སོ་དོན་འཁྱོལ་བྱེད་པའི་བྱ་བ་གནད་སྨིན་ངང་ཡག་པོ་སྒྲུབ་པ་བཅས་བྱས་ནས་འཕེལ་རྒྱས་ཀྱི་ཁོར་ཡུག་ནུས་ཤུགས་ཡོད་རྒུས་ཇེ་ལེགས་སུ་གཏོང་དགོས། དམངས་འཚོ་ལེགས་སུ་གཏོང་བའི་ཐད་ཤུགས་སྣོན་བརྒྱབ་ནས་སློབ་གསོ་དང་སྨན་བཅོས། སྡོད་ཁང་། སྤྱི་ཚོགས་འགན་སྲུང་སོགས་དམངས་འཚོའི་བྱ་བ་སྤྱི་འདོམས་བྱས་ནས་ད་ལོའི་ཕྱོགས་བཅུའི་ཐད་ཀྱི་དམངས་འཚོའི་བྱ་བ་དངོས49མངོན་གསལ་དོད་པོ་དང་དམ་འཛིན་ཡག་པོ་བྱས་ཏེ་མང་ཚོགས་ལ་ཐོབ་བདེ་སྐྱིད་གསུམ་གྱི་སྣང་བ་དེ་བས་མང་བ་ལྡན་པར་བྱས་ནས། དུས་རབས་གསར་བའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་སྤེལ་བ་དང་། ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བ། སྔར་ལས་འབད་འབུངས་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་ཐོག་ནས་མིག་སྔའི་བྱ་བ་ཏན་ཏིག་ངང་སྒྲུབ་པ་བཅས་བྱས་ཏེ“243”གྱི་འཕེལ་རྒྱས་བཀོད་པ་དང“མཚོ་བྱང་ལྔའི”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་སྤྱོད་གཙང་གཞུང་དྲང་དང་ལས་སྒྲུབ་ལས་གཏོད་ཀྱི་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་གཏོད་དགོས་པའི་བླང་བྱ་བཏོན།


མཉམ་སྤྱོད།