དེ་རིང་ནི2025ལོའི་ཟླ12པའི་ཚེས09ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞི་ཅིན་ཕིང་གིས་དཀའ་བ་དང་ལེན་གྱི་སྙིང་སྟོབས་ལ་བརྟེན་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་བྱ་རྒྱུའི་སྐོར་གླེང་བ།

2025-12-09 10:40:51   |   95

སྒྲིག་སྒྱུར།   སངས་དོན།    ཡོང་ཁུངས།   སློབ་བརྩོན་རྒྱལ་སྟོབས།      བཤེར་འབེབས།    རིན་ཆེན་ཚེ་རིང་།


习近平.jpg

习近平论用啃硬骨头的精神进一步全面深化改革

改革开放是党和人民事业大踏步赶上时代的重要法宝,也是推进中国式现代化的根本动力。全党同志要敢于面对各种困难挑战,用啃硬骨头的精神进一步全面深化改革,在守正创新中坚持和完善中国特色社会主义制度,推进国家治理体系和治理能力现代化,坚决破除一切制约高质量发展的体制机制障碍,不断解放和发展社会生产力、激发和增强社会活力。

——习近平2025年11月20日在纪念胡耀邦同志诞辰110周年座谈会上的讲话

བསྒྱུར་བཅོས་སྒོ་འབྱེད་ནི་ཏང་དང་མི་དམངས་ཀྱི་བྱ་གཞག་གོམ་སྟབས་ཆེན་པོས་དུས་རབས་ཀྱི་རྗེས་སུ་སྙེག་པའི་ཐབས་མཆོག་གལ་ཆེན་ཞིག་ཡིན་ལ། ཀྲུང་གོའི་རྣམ་པ་ལྡན་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རྩ་བའི་སྒུལ་ཤུགས་ཀྱང་ཡིན། ཏང་ཡོངས་ཀྱི་བློ་མཐུན་ཚོས་དཀའ་ངལ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་ཕོད་པ་དང་། དཀའ་བ་དང་ལེན་བྱེད་པའི་སྙིང་སྟོབས་ལ་བརྟེན་ནས་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་སྔར་ལས་ལྷག་པར་བྱེད་པ། དྲང་སྲུང་གསར་གཏོད་ཁྲོད་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་བ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚོད་འཛིན་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་བཀག་རྒྱ་མཐའ་གཅིག་ཏུ་བསལ་ནས་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་པ་བཅིངས་འགྲོལ་དང་འཕེལ་རྒྱས་སུ་གཏོང་བ་དང་། སྤྱི་ཚོགས་ཀྱི་གསོན་ཤུགས་སྐུལ་སྤེལ་དང་ཇེ་དྲག་ཏུ་གཏོང་དགོས། 

——ཞི་ཅིན་ཕིང་གིས2025ལོའི་ཟླ11པའི་ཚེས20ཉིན་བློ་མཐུན་ཧུའུ་ཡའོ་པང་འཁྲུངས་ནས་ལོ110འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད།


མཉམ་སྤྱོད།