དེ་རིང་ནི2025ལོའི་ཟླ12པའི་ཚེས09ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས།

2025-12-09 15:32:18   |   60

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ12པའི་ཚེས8ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་སྐབས་བཅུ་གསུམ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས109པ་གཙོ་སྐྱོང་གནང་ནས་འཚོགས་ཤིང་། ཚོགས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དེ་བཞིན་ཞིང་ཨུའི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་དང་ལག་བསྟར་དོན་འཁྱོལ་ལས་དོན་བཀོད་སྒྲིག་བྱས།

1.png

ཚོགས་ཐོག་ཏུ་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཐུན་མོང་སློབ་སྦྱོང་ཐེངས་ཉེར་གསུམ་པ་གཙོ་སྐྱོང་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱིས་དུས་རབས་གསར་པའི་དྲ་རྒྱའི་སྐྱེ་ཁམས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བར་ཁ་ཕྱོགས་གསལ་སྟོན་དང་གཞི་འཛིན་ས་མཁོ་འདོན་གནང་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དྲ་ཐོག་ཏུ་དྲིལ་སྒྲོག་ཞིབ་ཚགས་བྱས་ཏེ། གནད་སྨིན་དྲིལ་སྒྲོག་དང་། ཚོགས་བགོས་བརྒྱུད་སྤེལ། མཉམ་འགུལ་ཁྲིད་སྟོན་བཅས་ཡག་པོ་བྱས་ནས་ཏང་གི་སྐད་སྒྲ་དེ་ཐོག་མཐའ་བར་གསུམ་དུ་དྲ་རྒྱའི་བར་མཐོངས་ཀྱི་སྐད་སྒྲ་ཆེ་ཤོས་སུ་འགྱུར་བར་བྱེད་དགོས། སྨྱན་སྦྱོར་གསར་པའི་བརྒྱུད་སྤེལ་འཕེལ་ཕྱོགས་དང་རང་འགུལ་ངང་འཚམ་པར་བྱས་ཏེ། སྲིད་དོན་སྨྱན་སྦྱོར་གསར་པའི་ལས་སྟེགས་སྟོབས་ཆེར་གཏོང་བ་དང་བེད་སྤྱོད་ཡག་པོ་བྱེད་པ། གསར་གཏོད་ཆ་འཕྲིན་ཁྱབ་སྒྲོག་བྱེད་ཤུགས་ཆེ་རུ་གཏོང་བ། དངོས་དོན་གྱིས་ལས་ཀའི་ཕན་འབྲས“ཕྱིར་འདོན”བཅས་བྱས་ཏེ་མི་དམངས་ལ་སྲིད་གཞུང་གི་འགན་འཁྲི་འཁུར་སེམས་མཐོང་བར་བྱས་ཏེ་འཕེལ་རྒྱས་ཀྱི་ཡིད་ཆེས་ཆེ་རུ་གཏོང་དགོས། མཚོ་སྔོན་པོའི་འབྲོག་ལས་རིག་གནས(མཚོ་བྱང)སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ་རེ་ཞུ་བྱ་རྒྱུ་གོ་སྐབས་སུ་བྱས་ཏེ་མདོ་ལ་རི་མོའི་ཨ་མྱེས་གངས་དཀར་དང་། བོན་གྱཱ་འབྲོག་ར། ནུབ་མཚོའི་ཆུ་ཚན། མདོ་ལ་རིང་མོའི་ལྷ་མཚོ་སོགས་མཛེས་ལྗོངས་ཁུལAརུ་གཏོད་རྒྱུ་དེ་མགོ་འཛུགས་ས་གསར་པར་བརྩིས་ནས་མཚོ་སྔོན་པོ་མཚོ་དར་ཆགས་པ་དང་མདོ་ལ་རིང་མོའི་གངས་འཁྱག་དུས་ཚིགས་ཀྱི་སྨྱན་སྦྱོར་འགྲུལ་སྐྱོད་བྱེད་སྒོ་ཏན་ཏིག་སྤེལ་ནས་གྲངས་གཞིའི་རྒྱུག་ཚད་དེ་གནས་སྐོར་བའི་གྲངས་འབོར་དུ་འགྱུར་བ་དང་། སྨྱན་སྦྱོར་གསར་པའི་དྲིལ་སྒྲོག་ལ་བརྟེན་ནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།“གཟིགས་འབུལ+མཉམ་འགུལ+འཛད་སྤྱོད”བཅས་ཀྱི་ཉམས་ལེན་སྦྲེལ་ཐག་གྲུབ་པར་བྱས་ཏེ།“ཞིང་ལས་དང་ལུས་རྩལ། རིག་གནས། ཚོང་ལས། ཁམས་གསོ”བཅས་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་སྣོན་དགོས།

2.jpg

ཚོགས་ཐོག་ཏུ་ནན་གྱིས་བསྟན་དོན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་སྐོར་གཟིགས་དག་ཐེར་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བཀོད་སྒྲིག་བླང་བྱར་གོ་བ་གཏིང་ཟབ་ལེན་པ་དང་། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱེད་དགོས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྐོར་གཟིགས་ཀྱིས་བཏོན་པའི་དག་ཐེར་གནད་དོན་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་གཉིས་ཟུང་འབྲེལ་བྱས་ཏེ། “ལོ་ལྔའི་འཆར་གཞི་བཅུ་བཞི་པ”མཇུག་བསྡུ་བ་དང“ལོ་ལྔའི་འཆར་གཞི་བཅོ་ལྔ་པ”འཆར་འགོད་བྱེད་པ་དང་སྦྲེལ་མཐུད་བྱེད་དགོས་ལ། ཐོན་ལས་ཀྱི“གནས་བཞི”དང“གླིང་གཉིས་དང་ས་ཆ་གཅིག”སོགས་ཀྱི་ལྟེ་བའི་ལས་དོན་དང་མཉམ་འདྲེས་གཏིང་ཟབ་བྱས་ཏེ། སྐོར་གཟིགས་ཀྱིས་བཏོན་པའི་གནད་དོན་དག་ཐེར་བྱེད་པར་ཕན་ནུས་ཐོན་པར་བྱེད་དགོས།“ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་ཆབ་སྲིད་ཀྱི་སྐྱེ་ཁམས་གཙང་བཅོས”སྐོར་གྱི་བླང་བྱ་ཁོང་དུ་ཆུད་པ་དང་།“གལ་ཆེན་གསུམ་དང་འབོར་ཆེན་གཅིག”དང་དོན་དག་གལ་ཆེན་སྐོར་སྙན་སེང་ཞུ་བའི་ལམ་ལུགས་ལག་བསྟར་ནན་མོ་བྱེད་པ། ལས་བྱེད་པའི་དཔྱད་ཞིབ་གདེང་འཇོག་ལམ་སྲོལ་འཐུས་ཚང་དུ་གཏོང་བ། རྩ་དོན་ནན་པོ་དེ་ལས་བྱེད་པར་དོ་དམ་དང་། རྣམ་གྲངས་ཞིབ་མཆན་འགོད་པ། མ་དངུལ་བེད་སྤྱོད་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ། སྤྱོད་གཙང་གཞུང་དྲང་དང་ལས་སྒྲུབ་ལས་གཏོད་ཀྱི་ཁོར་ཡུག་བཟང་པོ་སྐྲུན་པ་བཅས་བྱས་ནས་ལས་དོན་ཁག་ལ་བདེ་བླག་ངང་སྐུལ་འདེད་གཏོང་བར་ཆབ་སྲིད་ཀྱི་འགན་ལེན་བྱེད་དགོས། གསར་བརྗེའི་རིག་གནས་ཐོན་ཁུངས་དང་སྐྱེ་ཁམས་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས“གསར་བརྗེ་དང་སྐྱེ་ཁམས་ཟུང་དུ་འབྲེལ་བའི”ཞིབ་སློབ་འཕེལ་རྒྱས་གཏོང་བ་དང་། སྐྱེ་ཁམས་ཞིང་འབྲོག་ལས་ཀྱི“གཅིག་ཅན་དགུའི”ལེ་ལག་ཚང་བའི་འདུ་འགོད་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ། “མདོ་ལ་རིང་མོའི་འདབས་ཀྱི་འབྲོག་ར་བཟང་པོའི”ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་སྟོབས་ཆེར་གཏོང་བ། ནུས་རྒྱུ་གཙང་མའི་རྣམ་གྲངས་འཛུགས་སྐྲུན་དང་རྩིས་རྒྱག་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་བ། གསར་གཏོད་དངོས་སྒྲུབ་ལ་བརྟེན་ནས་དཔལ་འབྱོར་འཕར་བའི་སྒུལ་ཤུགས་གསར་པ་སྐྱེད་སྲིང་བཅས་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་མཐུན་སྦྱོར་ཡོང་བའི་ལེའུ་གསར་པ་རྩོམ་དགོས།

3.jpg

ཚོགས་ཐོག་ཏུ་བླང་བྱ་བཏོན་དོན། ཤང་ཀང་ཏ་ཕུའུ་ཆུས་ཀྱི་སྡོད་ཁང་ཐོག་ཁང་གི་མེ་སྐྱོན་ལས་འཛོལ་ཚབས་ཆེན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཞིང་ཆེན་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གྱི་ཆེད་དོན་ཚོགས་འདུའི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་། “མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བའི”ལྟེ་བའི་དོན་སྙིང་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། ཚད་གཞི་མཐོ་ཤོས་དང་བླང་བྱ་ནན་ཤོས་ཀྱི་ཐོག་ནས་བདེ་འཇགས་ཐོན་སྐྱེད་ཀྱི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་འཁུར་ནས“ཉེན་ཁ་སྔོན་འགོག་དང་། བདེ་འཇགས་འགན་ལེན། བརྟན་ལྷིང་སྲུང་སྐྱོང”བཅས་ཀྱི་བླང་བྱ་དེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོ་རིམ་ཧྲིལ་བོར་ཁྱབ་པར་བྱེད་དགོས། ཐོག་བརྩེགས་འཛུགས་སྐྲུན་དང་། མི་མང་འདུས་སར་ཆེད་དོན་གྲལ་བཤེར་བཅོས་སྒྲིག་སྒྲིག་འཛུགས་བྱས་ཏེ།“དུས་དང་རྣམ་པ་ཀུན་ཏུ་འཐུས་ཤོར་མེད་པའི”འགན་འཁྲི་ལ་བརྟེན་ནས་བདེ་འཇགས་འགོག་སྲུང་གི་ལས་དོན་དག་བསྒྲུབ་པ་དང་། “ས་ཆ་སྲུང་བའི་འགན་འཁྲི་ཡོད་པ་དང་། ས་ཆ་སྲུང་བར་འགན་འཁྲི་འཁུར་བ། ས་ཆ་སྲུང་བར་རང་ནུས་ཅི་ལྕོགས་བྱེད་པ”བཅས་བྱེད་དགོས།

4.jpg

ཚོགས་ཐོག་ཏུ་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཉིས་པ་ཟླ12པའི་ཟླ་དཀྱིལ་དུ་ནུབ་མཚོ་གྲོང་རྡལ་དུ་འཚོག་པའི་གྲོས་ཐག་བཅད་པ་དང་། མཚོ་བྱང་ཁུལ་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་འཆར་འགོད་གཏན་འབེབས་བྱེད་པའི་སྐོར་གྱི་གྲོས་མགོར་ཞིབ་འཇུག་བྱས།

ཚོགས་ཐོག་ཏུ་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས།


མཉམ་སྤྱོད།