དེ་རིང་ནི2025ལོའི་ཟླ12པའི་ཚེས12ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་ཁུལ་རིམ་པའི་ཆོས་ལུགས་ཚོགས་པའི་སྐབས་གསར་པའི་མགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་བཞུགས་མོལ་གནང་།

2025-12-11 11:21:24   |   320

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་ཁུལ་རིམ་པའི་ཆོས་ལུགས་ཚོགས་པའི་སྐབས་གསར་པའི་མགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་བཞུགས་མོལ་གནང་སྐབས་ནན་གྱིས་བསྟན་དོན། ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་ལ་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། ཆོས་ལུགས་ཚོགས་པའི་འབྲེལ་ཟམ་དང་འབྲེལ་ཐག་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཕན་ཚུན་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་པ་བཅས་བྱས་ཏེ། སྲོལ་རྒྱུན་བཟང་པོར་བརྟེན་ནས་དེང་རབས་ཅན་གྱི་མཚོ་བྱང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།

1.jpg

བཞུགས་མོལ་ཚོགས་འདུའི་ཐོག་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ཁོ་ཚེ་བློ་བཟང་བཟོད་པ་རྒྱ་མཚོ་དང་ཁུལ་དབྱི་སི་ལམ་ཆོས་ལུགས་མཐུན་ཚོགས་ཀྱི་ཚོགས་གཙོ་མ་རུའུ་ཡུན་གྱི་གཏམ་བཤད་ལ་ཉན་རྗེས། ཤ་བོ་སྐྱབས་ཀྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ཏེ་གསར་དུ་བདམས་ཐོན་བྱུང་བའི་ཁུལ་རིམ་པའི་ཆོས་ལུགས་ཚོགས་པའི་མགོ་ཁྲིད་ཚན་ཁག་གི་ཁོངས་མིར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། ཉེ་བའི་ལོ་ཤས་རིང་རིམ་ཁག་གི་ཆོས་ལུགས་ཚོགས་པས“མཚོ་བྱང་ལྔ”འཛུགས་སྐྲུན་ཐད་འབད་བརྩོན་བྱས་པར་ཁས་ལེན་གང་ལེགས་གནང་།

2.jpg

ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། སྐབས་གསར་པའི་ནང་བསྟན་མཐུན་ཚོགས་དང་དབྱི་སི་ལམ་ཆོས་ལུགས་མཐུན་ཚོགས་ཀྱི་ལས་འཛིན་ལྷན་ཚོགས་དང་དེ་བཞིན་མགོ་ཁྲིད་ཚན་ཁག་གིས་ཚད་མཐོའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ལ་བརྟེན་ཏེ། མཚོ་བྱང་གི་ཆོས་ལུགས་སྐྱོན་བྲལ་རྒྱུན་འཛིན་བྱེད་པར་སྐུལ་འདེད་བཏང་སྟེ་ཆོས་ལུགས་ཀྲུང་གོ་ཅན་གྱི་མཚོ་བྱང་ལག་ལེན་ཁྲོད་ལེགས་སྐྱེས་གསར་པ་དེ་བས་མང་བ་འབུལ་དགོས་ལ། ཧུར་ཐག་གིས་དེང་རབས་ཅན་གྱི་མཚོ་བྱང་འཛུགས་སྐྲུན་བྱེད་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་སྟངས་འཛིན་ནན་པོ་བྱེད་དགོས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ།“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་།“འདུ་ཤེས་བཞི”ཇེ་ཆེར་གཏོང་བ།“གདེང་ཚོད་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱེད་དགོས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་མ་ལག་ལྡན་པའི་སྐུལ་འདེད་གཏོང་དགོས་ཏེ ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་རྒྱུ་གཙོ་གནད་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་མདའ་བཞི་རྫོང་ལ་མོ་སྒར་ཐོག་དགོན་པ་སོགས་བོད་བརྒྱུད་ནང་བསྟན་གྱི“དཔེ་བཟང་དགོན་པ”གཏོད་པའི་ལས་དོན་ཡག་པོ་སྒྲུབ་པ་དང་། འཇུ་ལག་རྫོང་ནན་ཀོན་དབྱི་སི་ལམ་ཆོས་ཁང་གི“མཐུན་སྒྲིལ་དགོན་པའི”ཉམས་མྱོང་ཕྱོགས་སྡོམ་དང་ཁྱབ་གདལ་གཏོང་བ། ཁུལ་ཡོངས་ཀྱི་ཆོས་ལུགས་སྡེའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གཏམ་བཤད་འགྲན་བསྡུར་ཡག་པོ་གཉེར་བ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱས་ཏེ་དུས་རབས་གསར་པའི་ཆོས་འཆད་ཉན་དང་ཆོས་ཁྲིམས་འགྲེལ་བཤད་ཀྱི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱེད་དགོས། ཟམ་པ་དང་འབྲེལ་ཐག་གི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས་ཏེ། ཆོས་དད་མང་ཚོགས་ལ་ཏང་གི་རིགས་པའི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས་དུས་ཐོག་ཏུ་བརྒྱུད་སྤྲོད་བྱེད་པ་དང་། དད་ལྡན་མང་ཚོགས་ཀྱི་འདོད་བློ་དང་རེ་འདུན་མཚོན་པ། ཆོས་ལུགས་སྡེའི་མི་སྣ་དང་དད་ལྡན་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ནས་བློ་གྲོས་དང་སྟོབས་ཤུགས་དེ་དེང་རབས་ཅན་གྱི་མཚོ་བྱང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐོག་གཅིག་ཏུ་སྒྲིལ་དགོས། ཁུལ་ཡོངས་ཀྱི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་དགོས་ཏེ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་པ་དང་།“ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་པའི”དམིགས་ཚད་ལ་དམིགས་ནས་ཆོས་ལུགས་སྡེའི་མི་སྣ་དང་དད་ལྡན་མང་ཚོགས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པ་དང་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་སོགས་ནང་ཧུར་ཐག་ཞུགས་རྒྱུར་ཁྲིད་སྟོན་བྱས་ཏེ། མི་རིགས་འཆམ་མཐུན་དང་། ཆོས་ལུགས་འཆམ་མཐུན། སྤྱི་ཚོགས་ཞི་མཐུན་བཅས་སྲུང་སྐྱོང་ཏན་ཏིག་བྱེད་དགོས། ཆོས་ལུགས་ཚོགས་པའི་རང་ངོས་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་དགོས་ཏེ། ཁྲིམས་ལུགས་དང་སྒྲིག་སྲོལ་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས“གྲོན་ཆུང་ལ་བརྩི་མཐོང་དང་རྒྱས་སྤྲོས་སྤངས་པའི”སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། དགོན་སྡེའི་དེབ་ཁང་ཡག་པོ་སྤྱོད་པ། ཆོས་སྲོལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། དགེ་རྒན་དང་ལས་དོན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། རང་གིས་རང་ལ་སློབ་གསོ་དང་། རང་གིས་རང་ལ་དོ་དམ། རང་གིས་རང་ལ་ཚོད་འཛིན་བཅས་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་ཆོས་ལུགས་སྡེའི་མི་སྣ་དང་དད་ལྡན་མང་ཚོགས་ཀྱིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་ཁྱབ་ཁོངས་ནང་རང་རྟོགས་ངང་བྱེད་སྒོ་སྤེལ་རྒྱུར་ཁྲིད་སྟོན་བྱེད་དགོས།

3.jpg

ཁུལ་གྱི་མགོ་ཁྲིད་སངས་རྒྱས་དང་ཚོ་ཅི་ཆང་གཉིས་ཚོགས་འདུར་ཞུགས་ཡོད།


མཉམ་སྤྱོད།