དེ་རིང་ནི2025ལོའི་ཟླ12པའི་ཚེས12ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲུང་གུང་མཚོ་བྱང་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཉིས་པ་འཚོགས།

2025-12-12 08:50:05   |   223

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


1.jpg

ཟླ12པའི་ཚེས11ཉིན། ཀྲུང་གོ་གུང་ཁྲན་ཏང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཉིས་པ་འཚོགས། ཚང་འཛོམས་གྲོས་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་བླང་བྱ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཤིང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར་གནང་བའི་བྱ་བའི་སྙན་ཞུར་ཉན་པ་དང་གྲོས་སྡུར་བྱས་ལ།《ཀྲུང་གུང་མཚོ་བྱང་ཁུལ་ཨུའི་འབྲེལ་ཡོད་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་ཐེངས་བཅོ་ལྔ་པ་གཏན་འབེབས་བྱ་རྒྱུའི་སྐོར་གྱི་གྲོས་གཞིར》གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། སྔར་ལས་ལྷག་པའི་སྒོ་ནས་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་ནས་དྲིན་ཚོར་ཡར་བརྩོན་དང་དངོས་སྒྲུབ་སྔོན་བརྩོན་བྱས་ཏེ་མཚོ་བྱང་དེ་ཞིང་ཆེན་ཡོངས་དང་རྒྱལ་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བར་འགན་ལེན་བྱེད་དགོས་པའི་འབོད་སྐུལ་གནང་།

2.jpg

ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་ཚང་འཛོམས་གྲོས་ཚོགས་གཙོ་སྐྱོང་གནང་། ཤ་བོ་སྐྱབས་ཀྱིས《གྲོས་གཞི(གྲོས་སྡུར་མ་ཟིན)》ལ་གསལ་བཤད་གནང་བར་མ་ཟད། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ་དང་། མིག་སྔར་དང་མ་འོངས་པའི་དུས་སྐབས་ཤིག་རིང་གི་བྱ་བ་ལེགས་པར་བསྒྲུབ་རྒྱུའི་ཐད་གསུང་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཀྲང་ཨའེ་ཧུང་དང་ལིག་ཡུས་པིན། སི་ཅི་ཧྲིན། ཁུལ་ཨུའི་རྒྱུན་ཨུ་ཀྲའོ་ཧའེ་ཕིང་དང་། སངས་རྒྱས། ཀྲང་ཐའོ། ལའེ་མིན། ཧོ་པིན། ཚོ་ཅི་ཆང་། དེ་བཞིན་ཁུལ་ཨུའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་བཅས་ཚོགས་འདུར་ཞུགས།

3.jpg

ཚང་འཛོམས་གྲོས་ཚོགས་ཀྱིས་བསྟན་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་ནི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་མཇུག་སྒྲིལ་བར་གདོང་མཆོང་དང“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”འཆར་འགོད་ཇུས་འདོན་བྱེད་པའི་སྐབས་སུ་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན། ཚང་འཛོམས་གྲོས་ཚོགས་ཀྱིས་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་ཐེངས་བཅོ་ལྔ་པ་གཏན་འབེབས་བྱ་རྒྱུའི་སྐོར་གྱི་གྲོས་གཞིའི》ནང“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”དུས་སྐབས་སུ་མཚོ་སྔོན་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱས་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་མཚོ་སྔོན་གྱི“ལོ་ལྔའི་འཆར་གཞི་བཅོ་ལྔའི”དུས་སྐབས་འཕེལ་རྒྱས་ཀྱི་མཛུབ་སྟོན་བསམ་བློ་དང་རྩ་དོན་གལ་ཆེན། དམིགས་འབེན་གཙོ་བོ། འཐབ་ཇུས་ཀྱི་ལས་འགན་གལ་ཆེན་བཅས་བཏོན་ཏེ། མཚོ་སྔོན་གྱི“ལོ་ལྔའི་འཆར་གཞི་བཅོ་ལྔའི”འཕེལ་རྒྱས་ཀྱི་ལས་འགན་དཔེ་དེབ་དང་དུས་ཚོད་རེའུ་མིག ལམ་ཐིག་དཔེ་རིས་བཅས་ཁ་གསལ་བཟོས། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་མཐར་ཕྱིན་ཡག་པོ་བྱེད་པ་དང་། དཔེ་བསྡུར་ཚད་འཛིན་དང་མཐའ་གསལ་མཐིལ་རྟོགས། བསམ་སྦྱོར་གཅིག་མཐུན་བཅས་ཀྱི་ཐད་འབད་བརྩོན་བྱས་ཏེ《གྲོས་གཞིའི》ནང་བཏོན་པའི་འཆར་འགོད་དེ་ཏན་ཏན་ཏིག་ཏིག་དང་དམ་འཛིན་དངོས་སྒྲུབ། དངོས་ཕན་དོན་གཉེར་བཅས་ཀྱི་བྱེ་བྲག་གི་བྱ་སྤྱོད་དུ་བསྒྱུར་ཏེ། རྒྱལ་ཡོངས་ཀྱི་ཁྱོན་ཡོངས་དང་མཉམ་འདྲེས་དང་ཞབས་འདེགས་ཞུ་བའི་ཁྲོད་དུ་མཚོ་བྱང་གི་འགན་འཁུར་དང་མཚོ་བྱང་གི་བྱས་རྗེས་མངོན་དགོས་ཟེར།

ཚང་འཛོམས་གྲོས་ཚོགས་ཀྱིས2025ལོའི་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བར་ཁས་ལེན་གང་ལེགས་གནང་ལ། ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བ་དང་། ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་རབས་དང་རིམ་པ་དོན་འཁྱོལ་ནན་ཏན་བྱས་ཏེ།  ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ལྡོག་ལན་གནད་དོན་ནུས་ཤུགས་ཡོད་རྒུས་བཅོས་སྒྲིག་ལེགས་པོ་བྱས་ཡོད།  ནུས་ཤུགས་གཅིག་སྒྲིལ་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ། རྒྱུན་མཐུད་སྒོས་དམངས་འཚོའི་བདེ་རྩ་ཇེ་ཆེར་བཏང་བ། བློ་བརྟན་འགྱུར་མེད་ངང་བསམ་བློ་རིག་གནས་དྲིལ་སྒྲོག་བྱ་བ་ལེགས་པོར་བསྒྲུབས་པ། ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་ཁྱོན་ཡོངས་ཀྱི་འཆམ་མཐུན་བརྟན་ལྷིང་འགན་སྲུང་བྱས་པ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་པ།  ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་འཁྱོངས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ།  “མཚོ་བྱང་ལྔ”འཛུགས་སྐྲུན་ལ་སྲ་ཞིང་བརྟན་པའི་གོམ་སྟབས་གསར་བ་སྤོས་ཡོད་པའི་ངོས་འཛིན་བྱས།

4.jpg

ཚང་འཛོམས་གྲོས་ཚོགས་ཀྱིས“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”དུས་སྐབས་ཀྱི་མཚོ་བྱང་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་ལ་ཚད་མཐོའི་གདེང་འཇོག་བྱས་ལ། ཚང་མས“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”དུས་སྐབས་ནི་མཚོ་བྱང་འཕེལ་རྒྱས་ལོ་རྒྱུས་ཐོག་སྤྱིར་བཏང་མིན་པའི་ལོ་ལྔ་ཡིན། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་དང་། ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་སོ་སོ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་ནས། ནུས་ཤུགས་ཡོད་རྒུས་དཀའ་གནད་ཐག་གཅོད་དང་འཕེལ་རྒྱས་འཆར་འགོད། དོན་འཁྱོལ་ལ་སྐུལ་འདེད་བཅས་བྱས་པས་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་སྒོས་ཇེ་ལེགས་སུ་ཕྱིན་པ་དང་ཐོན་ལས་གྲུབ་ཆ་རྒྱུན་མཐུད་སྒོས་ཇེ་ལེགས་སུ་ཕྱིན་པ།  འཕེལ་རྒྱས་ཀྱི་སྤུས་ཚད་ཕན་ནུས་ལྡན་པའི་སྒོ་ནས་མཐོར་འདེགས་བྱུང་བ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་ཇེ་ལེགས་སུ་ཕྱིན་ཞིང་། རིགས་སོ་སོའི་མང་ཚོགས་ཀྱིས་ཏང་གི་བཀའ་དྲིན་ཚོར་བ་དང་ཏང་གི་བཀའ་ལ་ཉན་པའི་ཡིད་ཆེས་སྔར་ལས་བརྟན་དུ་ཕྱིན་ནས་ཏང་གིས་མི་རིགས་ས་ཁུལ་དུ་སྲིད་སྐྱོང་བྱེད་པའི་རྨང་གཞི་སྔར་ལས་བརྟན་དུ་ཕྱིན་ཡོད། གྲུབ་འབྲས་འདི་དག་ཐོབ་པ་ནི་རྩ་བའི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྣེ་ཁྲིད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་ལ་ཐུག་ཅིང་། ཞིང་ཆེན་ཏང་ཨུའི་ཡང་དག་པའི་མགོ་ཁྲིད་འོག་དང་། ཁུལ་ཨུས་ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་སྣེ་ཁྲིད་དེ་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུ་ཡིན་པར་བཤད།

ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་དངོས་སུ་མཚོ་བྱང་དུ་རྟོག་ཞིབ་གནང་བར་ཕེབས་ནས་མཚོ་བྱང་ལ་བསམ་བློའི་ཁྲིད་སྟོན་དང་འབད་འཐབ་ཀྱི་འབོད་སྐུལ་ཧ་ཅང་ཆེན་པོ་གནང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཚོ་བྱང་ལ"ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་གསུམ"གྱི་ལས་འགན་སྤྲད་པ་དེས་ང་ཚོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་སྒུལ་ཤུགས་ཆེན་པོ་བསྣན་ཡོད།“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”དུས་སྐབས་ནི་མཚོ་བྱང་གིས་སྐྱེ་ཁམས་ལེགས་ཆ་འཕོ་འགྱུར་ལ་སྐུལ་འདེད་གཏོང་བའི་གནད་འགག་གི་དུས་སྐབས་དང་། ཐོན་ལས་རིགས་སྒྱུར་ཇེ་མགྱོགས་སུ་གཏོང་བའི་ཡར་འཕར་དུས་སྐབས། བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་འགག་གནད་སྒྲོལ་བའི་དུས་སྐབས་བཅས་ཡིན་པས། འཕེལ་རྒྱས་ཀྱི་སྒུལ་ནུས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ་དང་འཕེལ་རྒྱས་ཀྱི་རྨང་གཞི་སྔར་ལས་བརྟན་དུ་ཕྱིན་པ། འཕེལ་རྒྱས་ཀྱི་བར་སྟོང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། འཕེལ་རྒྱས་ཀྱི་ལམ་ཁ་སྔར་ལས་གསལ་བོ་བཏང་ཡོད། མཚོ་བྱང་གི་ཐོན་ཁུངས་ཀྱི་ལྷན་ནུས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་དགོས་མཁོ་དང་། མཚོ་སྔོན་གྱི་ཁ་ཕྱོགས། མཚོ་བྱང་གི་ནུས་པ། མང་ཚོགས་ཀྱི་རེ་སྒུག་བཅས་ལ་དམིགས་ནས་རྨང་གཞི་བརྟན་པོ་འདིང་བ་དང་། ཞན་ཆ་གསབ་པ་དང་བཟང་ཆ་དར་སྤེལ། འགུལ་ནུས་གསོག་འཇོག་བཅས་བྱས་ཏེ་ཞིང་ཆེན་ཡོངས་དང་རྒྱལ་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བར་རྨང་གཞི་སྔར་ལས་བརྟན་པོ་འདིང་དགོས་ཟེར།

5.jpg

ཚང་འཛོམས་གྲོས་ཚོགས་ཐོག“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”རིང་གི་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་མཛུབ་སྟོན་བསམ་བློ་ཁ་གསལ་བཟོས་ཡོད་དེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་བྱང་ལ་རྟོག་ཞིབ་གནང་སྐབས་ཀྱི་མངགས་བཅོལ་ཟབ་མོ་ཡིད་ལ་བརྟན་པོར་བཅངས་ནས། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ཏེ"གནས་ལྔ་གཞི་གཅིག"གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། "ཕྱོགས་ཡོངས་བཞིའི"འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། ཆ་ཚང་ཞིང་ཡང་དག་སྒོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། རང་འགུལ་ངང་འཕེལ་རྒྱས་ཀྱི་བཀོད་པ་གསར་པ་འཛུགས་པར་མཉམ་འདྲེས་དང་ཞབས་འདེགས་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་དང་སྐྱེ་ཁམས་ནུས་པ་ཆེ་ཤོས་མངོན་འགྱུར་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་བརྩི་རྒྱུ་རྒྱུན་འཁྱོངས་བྱེད་པ། དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་འཛིན་པ་དང་ཆུ་ཚད་མཐོ་བའི་སྲུང་སྐྱོབ་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བརྗོད་དོན་དུ་འཛིན་པ། བཅོས་བསྒྱུར་གསར་གཏོད་རྩ་བའི་སྒུལ་ཤུགས་སུ་འཛིན་པ། རིགས་སོ་སོའི་མི་དམངས་ཀྱི་ཉིན་རེ་བཞིན་ཇེ་ཆེར་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་རྒྱུ་རྩ་བའི་དམིགས་ཡུལ་དུ་འཛིན་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་གནད་དུ་འཛིན་པ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་རྩ་བའི་འགན་སྲུང་དུ་འཛིན་པ་བཅས་བྱས་ཏེ། དཔལ་འབྱོར་གྱི་སྤུས་ཀ་མཐོར་འདེགས་ནུས་ལྡན་དང་གྲངས་འབོར་འཕར་སྣོན་ལུགས་མཐུན་ཡོང་བར་སྐུལ་འདེད་དང་། མིའི་ཕྱོགས་ཡོངས་འཕེལ་རྒྱས་དང་མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་པོར་འགྱུར་བའི་གོམ་སྟབས་བརྟན་པོ་སྤོ་བར་སྐུལ་འདེད་གཏོང་བ། སྟོབས་ཤུགས་གཅིག་སྒྲིལ་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་སྐྲུན་པ་དང་ཐོན་ལས་ཀྱི"གནས་བཞི"འཛུགས་སྐྲུན་དང་། "ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་གསུམ"གྱི་ལས་འགན་གཏན་འཁེལ་བྱེད་པ། "སྲུང་ཡོལ་གཅིག་དང་སྤྱི་གླིང་གཉིས། ཁུལ་བཞི། གནས་མང"གི་འཐབ་ཇུས་བཀོད་སྒྲིག་གང་མགྱོགས་འཛུགས་པ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་སྐྲུན་པ། རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་འཛུགས་སྐྲུན། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་བཅས་སྐྲུན་པའི་ཐད་མདུན་གྲལ་དུ་སླེབས་པ་དང་མིག་དཔེ་སྟོན་པར་ཤུགས་བསྣན་ཏེ། ཞིང་ཆེན་ཡོངས་དང་རྒྱལ་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བར་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས་ཟེར།

ཚང་འཛོམས་གྲོས་ཚོགས་ཐོག་ནན་གྱིས་བསྟན་དོན།“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”རིང་གི་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་དང་། མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས། སྐྱེ་ཁམས་སྔོན་ལ་འཇོག་པ་རྒྱུན་འཁྱོངས། སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས། ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱ་རྒྱུ་རྒྱུན་འཁྱོངས། ནུས་ལྡན་ཁྲོམ་ར་དང་སྒྲུབ་གཞོལ་སྲིད་གཞུང་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐག་གཅོད་ཡང་དག་བྱེད་པ་དང་མིག་སྔར་ལ་གཞི་ཚུགས་པ་དང་རྒྱང་རིང་ལ་དམིགས་པ། ཁུལ་ཡོངས་ཀྱི་འཕེལ་རྒྱས་གཅིག་གྱུར་འཆར་འགོད་དང་རྫོང་ཁོངས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པ། སྤྱི་འབོར་ཆེ་རུ་གཏོང་བ་དང་སྤུས་ཚད་མཐོ་རུ་གཏོང་བ། སྤུས་ཚད་ལེགས་པའི་འཕེལ་རྒྱས་དང་ཆུ་ཚད་ལེགས་པའི་བདེ་འཇགས་བཅས་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས་ཟེར།

ཚང་འཛོམས་གྲོས་ཚོགས་ཐོག་བཏོན་དོན།“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”རིང་གི་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུའི་དམིགས་འབེན་གཙོ་བོ་ནི། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་འགག་སྒྲོལ་གསར་པ་བྱུང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ། ཚན་རྩལ་གསར་གཏོད་བྱེད་ནུས་ཟམ་མི་ཆད་པར་ཇེ་ཆེར་འགྲོ་བ། བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བ། མི་དམངས་ཀྱི་འཚོ་བའི་སྤུས་ཀ་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བ། སྤྱི་ཚོགས་ཀྱི་དཔལ་ཡོན་དར་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་བདེ་འཇགས་འཕེལ་རྒྱས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ། རྨང་གཞི་དེའི་ཐོག་སླར་ཡང་འབད་འཐབ་ལོ་ལྔ་བྱས་ཏེ2035ལོར་སླེབས་དུས་སྐྱེ་ཁམས་སྲུང་སྐྱོབ་བྱེད་ནུས་ཆེས་ཆེར་འཕར་བ་དང་། དཔལ་འབྱོར་སྡོམ་འབོར་རྒྱུན་མཐུད་ངང་རྒྱ་སྐྱེད་དུ་འགྲོ་བ། ཐོན་ལས་གྲུབ་ཚུལ་སྔར་ལས་ལུགས་མཐུན་དུ་འགྱུར་བ། ཡོང་འབབ་འབྲིང་གྲས་ཚོགས་པ་མངོན་གསལ་དོད་པོས་རྒྱ་སྐྱེད་དུ་འགྲོ་བ། དམངས་འཚོའི་བདེ་སྐྱིད་རྒྱུན་མཐུད་ངང་ལེགས་བཅོས་ཡོང་བ། "དག་སྣང་མཚོ་བྱང་། མདོག་ལྔའི་གཡང་སའི"ལྟེ་བའི་ཆས་རྟགས་གྲགས་ཅན་གྱི་རིན་ཐང་སྔར་ལས་འབུར་དུ་ཐོན་པ་བཅས་བྱས་ཏེ། ཞིང་ཆེན་ཡོངས་དང་རྒྱལ་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བར་བྱེད་དགོས་ཟེར།

ཚང་འཛོམས་གྲོས་ཚོགས་ཐོག་བཏོན་དོན། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་དུ་བཏང་ནས་ཚིགས་གནས་སྔར་ལས་མཐོ་བའི་ཐོག་ནས་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་གཏོད་དགོས། "ཆེས་ཆེ་བ་གསུམ"གྱི་ཞིང་ཆེན་གྱི་གནས་ཚུལ་ངེས་གནས་ལ་གཞི་ཚུགས་ཏེ"སྐྱེ་ཁམས་ལ་བརྟེན་ནས་ཁུལ་ཚུགས་པའི"འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་འདེམས་སྒུག་ཁུལ་འཛུགས་པ་དང་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གཏོད་རྒྱུར་སྐུལ་འདེད་བརྟན་པོ་བཏང་ནས་མདོ་ལ་རིང་མོའི་ལྷོ་འདབས་ཀྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྒྲིག་གི་གྲུབ་འབྲས་སྲ་བརྟན་ཡག་པོ་གཏོང་བ་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ལ་ཤུགས་བསྣན་ཏེ་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་བཅས་མ་ལག་བཅོས་སྒྲིག་དང་སྲུང་སྐྱོབ་གཅིག་གྱུར་བྱེད་པ། སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཧུར་བརྩོན་དང་བརྟན་བརླིང་ངང་ནས་ཐཱན་རྩེར་སོན་མངོན་འགྱུར་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས"ནུབ་རྒྱུད་ཀྱི་ཆུ་ལྕོག་ཆུང་བ"སྲུང་མཁན་ཡག་པོ་བྱེད་དགོས་ཟེར།

ཚང་འཛོམས་གྲོས་ཚོགས་ཐོག་བཏོན་དོན། མཚོ་བྱང་གི་ཁྱད་ཆོས་དང་དགེ་མཚན་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་ངང་འཛུགས་སྐྱོང་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་ལ་དམིགས་ནས་སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི“གཅིག་ཅན་དགུའི”བཟོ་སྐྲུན་ཆ་ཚང་གི་ཚད་འདེགས་རྒྱ་སྐྱེད་བྱེད་པར་སྐུལ་འདེད་གཏོང་བ། མཐོ་སྒང་གི་སྐྱེ་ཁམས་ཕྱུགས་ལས་དང་ཁྱད་ཆོས་ལྡན་པའི་འདེབས་གསོ་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། “ཞིང་ལས་དང་ལུས་རྩལ། རིག་གནས། གནས་སྐོར། ཚོང་ལས། ཁམས་གསོ”བཅས་ཀྱི་མཉམ་འདྲེས་རྣམ་པ་གསར་བ་གཏིང་ཟབ་ཏུ་བཏང་ནས་སྐྱེ་ཁམས་གནས་སྐོར་དང་མཐོ་སྒང་ལུས་རྩལ། སྐྱེ་ཁམས་ཁམས་གསོ། ཀྲུང་བོད་སྨན་སོགས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ཁུངས་གསར་སྤེལ་གཏིང་ཟབ་བྱེད་དགོས།  ས་ཚན་གྱི་ཐོན་ཁུངས་སྔོག་འདོན་དང་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་ཞིང་ཆེན་ཡོངས་ཀྱི“ཆུ་ཚན་གྲོང་ཁྱེར”གཏོད་དགོས། “ཟས་སྨན་ཁུངས་གཅིག”གི་བདེ་ཐང་ཐོན་རྫས་གསར་སྤེལ་བྱེད་ཤུགས་ཆེ་རུ་བཏང་ནས“མཚོ་སྔོན་གྱི་སྨན་གྱི་གྲོང་ཁྱེར”ཐོན་ལས་ཀྱི་མིང་བྱང་གཏོད་དགོས། གནའ་བོའི་གྲོང་ཁྱེར་གྱི་གནའ་ཤུལ་དང་རྟེན་མཛོད་ཁང་གི་རིག་གནས་ཐོན་ཁུངས་སྲུང་སྐྱོབ་དང་བེད་སྤྱོད་གང་ལེགས་བྱས་ཏེ“རྟེན་མཛོད་ཁང་གི་ཁུལ”བསྐྲུན་དགོས། རིག་གནས་གནས་སྐོར་ཐོན་ལས་ཀྱི“123”རྨང་གཞི་བརྟན་གཏོང་ལས་གཞི་ལག་བསྟར་བྱས་ནས“དག་སྣང་མཚོ་བྱང་། མདོག་ལྔའི་གཡང་ས”ཞེས་པའི་གནས་སྐོར་གྱི་མིང་བྱང་གསལ་བར་བྱེད་དགོས། 221རྟེན་གཞིའི་གནའ་ཤུལ་སྲུང་སྐྱོབ་བེད་སྤྱོད་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ་དང་། “ཀྲུང་གོའི་རྡུལ་ཕྲན་མཁར”གྱི་ལོ་རྒྱུས་རིག་གནས་གྲགས་ཅན་གྱི་མཁར་གྲོང་འཛུགས་སྐྲུན་དང་སྨོན་ལམ་མཐོན་པོ་གསར་བརྗེའི་ཉམས་ཞིབ་རྟེན་གཞིའི་སྤུས་འབྲས་རིམ་སྤར་ལ་སྐུལ་འདེད་བཏང་སྟེ་རྒྱལ་ཡོངས་ཀྱི་གསར་བརྗེའི་ཉམས་ཞིབ་འཕེལ་རྒྱས་ཀྱི་ཁྱུ་ཚོགས་རྩེ་གྲ་བསྐྲུན་དགོས། ལྗང་མདོག་རྩིས་ནུས་དང་ལྗང་མདོག་གློག་ཤུགས་ཐོན་ལས་འཆར་འགོད་དང་། བར་སྟོང་བཀོད་སྒྲིག ལྗང་མདོག་སྒྲིག་བཀོད་ཆ་ཚང་བཅས་ཡག་པོར་བསྒྲུབ་སྟེ་སྟོང་ཝ་ཁྲི་སྟོང་རིམ་པའི་ལྗང་མདོག་ཕྱོགས་བསྡུས་ནུས་རྒྱུ་གླིང་ཕྲན་བསྐྲུན་དགོས། གསར་དར་ཐོན་ལས་དང་མ་འོངས་ཐོན་ལས་གསོ་སྐྱོང་དང་སྟོབས་ཆེར་གཏོང་བ། ནུས་རྒྱུ་གསར་པ་དང་ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ། རྣམ་གསར་ནུས་གསོག་སོགས་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་། དམའ་དབྱིངས་དཔལ་འབྱོར་དང་ལྗང་མདོག་རྩིས་ནུས། མི་ཐབས་རིག་ནུས་སོགས་མ་འོངས་འགྲན་ལམ་ལ་རྒྱང་ལྟ་དང་བཀོད་སྒྲིག་བྱས་ཏེ་མཚོ་བྱང་གི་ཁྱད་ཆོས་ལྡན་པའི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་གསོ་སྐྱོང་དང་འཕེལ་རྒྱས་གཏོང་དགོས་ཟེར།

6.jpg

ཚང་འཛོམས་གྲོས་ཚོགས་ཐོག་བཏོན་དོན། ནང་མཁོ་མ་ལག་ཆ་ཚང་སྐྱེད་སྲིང་ཇེ་མགྱོགས་སུ་བཏང་སྟེ་འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ནང་གཏིང་ཟབ་མཉམ་འདྲེས་བྱེད་དགོས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་སྣེ་ཁྲིད་ཁུལ་དང་ནུས་རྒྱུ་གཙང་མའི་ཐོན་ལས་རྗེས་གྲབས་ཁུལ། ལྗང་མདོག་རྩིས་ནུས་ཐོན་ལས་བཀོད་སྒྲིག“ལྕི་གཉིས”དང“གསར་གཉིས”སོགས་ཁྱབ་ཁོངས་ལ་དམིགས་ཏེ་བཟོ་གྲྭའི་ལས་གཞི་གལ་ཆེན་གྲབས་གསོག་དང་སྲིད་ཇུས་རང་བཞིན་གྱི་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། དམངས་ཁྲོད་མ་འཇོག་གི་གསོན་ཤུགས་སྐུལ་སྤེལ་བཅས་བྱས་ནས་ནུས་ལྡན་མ་འཇོག་གཏོང་ཤུགས་ཆེ་རུ་གཏོང་དགོས། འཛད་སྤྱོད་སྐུལ་སྤེལ་གྱི་ཆེད་དོན་འགུལ་སྐྱོད་ལག་བསྟར་གཏིང་ཟབ་བྱས་ཏེ་ཚ་གཡོལ་དཔལ་འབྱོར་དང་གངས་འཁྱགས་དཔལ་འབྱོར། ཁམས་གསོ་དཔལ་འབྱོར། འགྲན་སྡུར་དཔལ་འབྱོར། ཐོག་མའི་དཔལ་འབྱོར་བཅས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་ཕྱོགས་ཡོངས་ནས་འཛད་སྤྱོད་ཀྱི་མི་མངོན་པའི་ནུས་པ་འདོན་དགོས། གཙོ་གནད་ལས་རིགས་ཀྱི་ཐོན་ལས་སྦྲེལ་ཐག་མཁོ་སྤྲོད་མཐུད་སྦྱོར་སྟེགས་བུ་འཛུགས་པ་དང་།“མཚོ་བྱང་སྤུས་ལེགས”འཛུགས་སྐྲུན་འགུལ་སྐྱོད་ལག་བསྟར་བྱས་ཏེ་ཕན་ནུས་ཆེ་བ་དང་ལྗང་མདོག་ལྡན་པ། མཉམ་སྤྱོད་བྱེད་པ་བཅས་ཀྱི་དེང་རབས་ཟོག་འགྲེམས་མ་ལག་བཏོད་ནས“འཁོར་རྒྱུག་གཉིས”འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ནང་དུ་ཞབས་ཞུ་དང་མཉམ་འདྲེས་བྱེད་པའི་ཁྲོད་མཚོ་བྱང་གི་བྱས་རྗེས་མངོན་དགོས་ཟེར།

ཚང་འཛོམས་གྲོས་ཚོགས་ཐོག་བཏོན་དོན། མངའ་ཁོངས་འཕེལ་རྒྱས་ཀྱི་བཀོད་པ་ཇེ་ལེགས་སུ་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། རྒྱལ་ཁོངས་བར་སྟོང་འཕེལ་རྒྱས་ཀྱི་བཀོད་པ་ཇེ་ལེགས་སུ་གཏོང་བར་མཐའ་འཁོར་གྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། དེང་རབས་ཕྱོགས་བསྡུས་ལངས་གཟུགས་འགྲིམ་འགྲུལ་སྐྱེལ་འདྲེན་དྲ་རྒྱ་གཏོད་པ།“ལྟེ་གཅིག་མཁར་གཉིས་རྒྱུད་གསུམ་གནས་མང”གྲོང་ཁྱེར་དང་གྲོང་རྡལ་འཕེལ་རྒྱས་གཏོང་སྟངས་ཇེ་མགྱོགས་སུ་བཏང་ནས་འཛུགས་སྐྲུན་བྱེད་པ། ཡུལ་ཚོ་དང་གྲོང་རྡལ། སྡེ་བ་དང་ཧྲེ་ཡི“བཅུ་ལྡན”བཟོ་སྐྲུན་སྲ་བརྟན་དང་མཐོར་འདེགས་གཏོང་བ། སོ་སོའི་ཁྱད་ཆོས་ལྡན་པའི་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་རྫོང་ཁོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་ལག་ལེན་ཁུལ་བསྐྲུན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ས་ཁོངས་དཔལ་འབྱོར་བཀོད་སྒྲིག་ལ་སྐུལ་འདེད་གཏོང་དགོས་ཟེར།

ཚང་འཛོམས་གྲོས་ཚོགས་ཐོག་བཏོན་དོན། གཙོ་གནད་ཁྱབ་ཁོངས་ཀྱི་བཅོས་བསྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་བཏང་སྟེ་འཐབ་ཇུས་ཀྱི་འདེགས་སྐྱོར་དང་ནང་གནས་ཀྱི་གསོན་ཤུགས་ཆེ་རུ་གཏོང་དགོས། སྐྱེ་ཁམས་དཔལ་ཡོན་གྱི་སྒྲིག་སྲོལ་བཅོས་བསྒྱུར་མུ་མཐུད་གཏིང་ཟབ་ཏུ་བཏང་སྟེ་དམིགས་འབེན་དང་ཕན་འབྲས་ལ་བརྟེན་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་མ་རྩ་དང་རྒྱལ་གཉེར་ཁེ་ལས་བཅོས་བསྒྱུར་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། རྒྱལ་ཁོངས་མ་རྩ་དེ“སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས”དང་ཐོན་ལས་ཀྱི“གནས་བཞི”སོགས་དགེ་མཚན་ལྡན་པའི་ཁྱབ་ཁོངས་སུ་བཀོད་སྒྲིག་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། སྔོན་དཔག་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཕྱོགས་བསྡུས་བྱེད་དགོས། ནོར་སྲིད་དངུལ་རྩའི་བཅོས་བསྒྱུར་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་རིམ་པ་མང་བ་དང་སྣ་མང་ཅན་གྱི་སྐྱེ་ཁམས་ཐོན་རྫས་ཀྱི་དངུལ་རྩའི་ཞབས་ཞུའི་མ་ལག་མགྱོགས་མྱུར་ངང་འཛུགས་དགོས། རྒྱུ་རྐྱེན་གཙོ་བོ་ཚོང་ར་ཅན་གྱི་བཀོད་སྒྲིག་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ་དང་། ནུས་ལྡན་ཁྲོམ་ར་དང་སྒྲུབ་གཞོལ་སྲིད་གཞུང་ཟུང་འབྲེལ་སྔར་ལས་ཇེ་ལེགས་སུ་གཏོང་བར་སྐུལ་འདེད་བཏང་སྟེ་དྲང་གཞག་འགྲན་རྩོད་ཀྱི་ཁྲོམ་རའི་ཁོར་ཡུག་ཅིག་བསྐྲུན་དགོས་ཟེར།

ཚང་འཛོམས་གྲོས་ཚོགས་ཐོག་བཏོན་དོན། ཕྱི་ཕྱོགས་སྒོ་འབྱེད་གཏིང་ཟབ་ཏུ་གཏོང་བ་དང་མཉམ་ལས་ཐུན་མོང་ཁེ་ཕན་གྱི་བར་སྟོང་གསར་པ་རྒྱ་སྐྱེད་གཏོང་དགོས། མཚོ་བོད་མཐོ་སྒང་དང་དར་གོས་ཚོང་ལམ་དཔལ་འབྱོར་ཁུལ་གྱི་འབྲེལ་མཐུད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ནང་ཁུལ་དང་ཕྱི་ཕྱོགས་གཉིས་ཀྱི་མཐུན་སྦྱོར་སྒོ་འབྱེད་སྔར་ལས་གཏིང་ཟབ་ཏུ་གཏོང་བ། སྣ་མང་ཅན་གྱི་མཉམ་ལས་བྱེད་སྟངས་རྒྱ་སྐྱེད་ཧུར་ཐག་བྱས་ཏེ་ཚོང་འགུག་མ་འདྲེན་གྱི་ལས་གཞི་ཇེ་མགྱོགས་སུ་གཏོང་བ། འཛུགས་སྐྲུན་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། དེ་བཞིན་ཀྲུང་དབྱང་ཁེ་ལས་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། རིམ་པ་མང་བའི་རིག་གནས་བརྗེ་རེས་བྱེད་སྒོ་སྒྲིག་འཛུགས་བྱེད་པ་དང་ཕྱི་ཕྱོགས་ཅན་གྱི་ཁེ་ལས་ཀྱིས་འགག་རྩའི་ཁྱབ་ཁོངས་སུ་སྒོ་འབྱེད་མཉམ་ལས་བྱེད་ཤུགས་གོ་རིམ་ལྡན་པའི་སྒོ་ནས་རྒྱ་ཆེར་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཏེ་སྒོ་འབྱེད་ཅན་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས་ཟེར།

ཚང་འཛོམས་གྲོས་ཚོགས་ཐོག་བཏོན་དོན། དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་མ་ལག་འཐུས་ཚང་དུ་བཏང་ནས་མཚོ་བྱང་གསར་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་འདེགས་སྐྱོར་ནུས་པ་ཆེ་རུ་གཏོང་དགོས། ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་གསར་པ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བར་གྲངས་འཛིན་ལག་རྩལ་མཉམ་འདྲེས་བཀོལ་སྤྱོད་གཏིང་ཟབ་ཏུ་གཏོང་བ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་དང་ཐོན་ལས་བཀོད་སྒྲིག་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། ཁུལ་ཁོངས་མཐོ་སྒང་ཆུ་དྲའི་མ་ལག་འཐུས་ཚང་དུ་གཏོང་བ། རྐང་འཛིན་གློག་དྲའི་དྲ་བའི་སྒྲིག་གཞི་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། གྲངས་འཛིན་སྲིད་གཞུང་འཛུགས་སྐྲུན་ལ་བརྟེན་ནས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་དགོས་ཟེར།

ཚང་འཛོམས་གྲོས་ཚོགས་ཐོག་བཏོན་དོན། སློབ་གསོའི་ཚན་རྩལ་འཇོན་མི་གཞི་གཅིག་ཅན་དུ་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་དགོས། རྨང་གཞིའི་སློབ་གསོའི་སྤུས་ཚད་མཐོར་འདེགས་དང་ལེགས་སྒྱུར་འགུལ་སྐྱོད་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ས་གནས་གཞན་དུ་སློབ་གཉེར་བྱེད་པའི་སྤུས་ཚད་མཐོ་རུ་གཏོང་བ་དང་ལས་རིགས་སློབ་གསོའི་ཐོན་སྐྱེད་དང་སློབ་གསོ་མཉམ་འདྲེས་ལ་སྐུལ་འདེད་བཏང་སྟེ། སྔར་ལས་དྲང་གཞག་དང་སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་འཕེལ་རྒྱས་གཏོང་དགོས། ཚན་རྩལ་གསར་གཏོད་སྐུལ་འདེད་དང་གཙོ་གནད་ཁྱབ་ཁོངས་ཀྱི་ལྟེ་བའི་ལག་རྩལ་ཚད་བརྒལ་ཡོང་བར་སྐུལ་འདེད་གཏོང་བ་དང་སྤུས་ཚད་མཐོ་བའི་གསར་གཏོད་འཇོན་མིའི་དཔུང་ཁག་འཛུགས་སྐྱོང་བྱས་ཏེ་སློབ་གསོའི་ཐོག་འཇོན་མི་གསོ་སྐྱོང་དང་འཇོན་མིས་ཚན་རྩལ་འདེགས་སྐྱོར་བྱེད་པ། ཚན་རྩལ་གྱིས་སློབ་གསོའི་སྣེ་ཁྲིད་བཅས་ཀྱི་འཁོར་སྐྱོད་བཟང་པོ་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས་ཟེར། 

ཚང་འཛོམས་གྲོས་ཚོགས་ཐོག་བཏོན་དོན། སྤྱི་པའི་ཞབས་ཞུའི་འགན་སྲུང་ལ་ཤུགས་བསྣན་ཏེ་སྤུས་ཚད་སྔར་ལས་མཐོ་བའི་འཚོ་བ་གསར་སྐྲུན་ཧུར་ཐག་བྱེད་དགོས། སྤུས་ཚད་མཐོ་བ་དང་ལས་ཞུགས་གང་ལེགས་ཡོང་བར་སྐུལ་འདེད་གཏོང་བ། སྡེ་བའི་ཐུན་མོང་དཔལ་འབྱོར་སྟོབས་ཆེར་གཏོང་བ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་བ། རོང་འབྲོག་པའི་ཡོང་འབབ་འཕར་ཐབས་རྒྱ་སྐྱེད་གཏོང་བ་བཅས་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལམ་དྲ་དང་ཆུ་བེད། གློག་ཤུགས། འཕྲིན་གཏོང་། དྲོད་འདོན། བཙོག་ཆུ་དང་གད་སྙིགས་གཙང་སེལ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གཅིག་གྱུར་གྱིས་དམ་འཛིན་བྱས་ཏེ། དམངས་ཡོངས་ལ་ཁྱབ་པའི་རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། ཕྱོགས་བསྡུས་རྣམ་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། ཆུ་ཚད་སྔར་ལས་མཐོ་བའི་དམངས་ཡོངས་ལུས་སྦྱོང་སྤྱི་པའི་ཞབས་ཞུའི་མ་ལག་འཛུགས་པ་དང་ཁུལ་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་སྐྱིད་སྣང་སྔར་ལས་རྒྱུན་མཐུད་ཐུབ་པར་འབད་བརྩོན་བྱེད་དགོས། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང་མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས། དར་གོས་ལམ་བུའི་སྙིང་སྟོབས། ཚན་རིག་མཁས་ཅན་གྱི་སྙིང་སྟོབས་སོགས་རྩ་ཆེའི་བསམ་པའི་རྒྱུ་ནོར་རྒྱུན་འཛིན་དང་དར་སྤེལ་ཤུགས་ཆེན་བྱས་ཏེ་ནུབ་ལམ་དམག་དཔུང་གི་གཏམ་རྒྱུད་ཡག་པོར་བཤད་ནས་མཚོ་བྱང་གི་ཁྱད་ཆོས་ལྡན་པའི་མཐོ་སྒང་རིག་གནས་ཕྱི་ཕྱོགས་ལ་ཁྱབ་སྤེལ་བྱེད་པའི་མཚོན་རྟགས་གཏོད་དགོས་ཟེར།

ཚང་འཛོམས་གྲོས་ཚོགས་ཐོག་བཏོན་དོན། སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་བཏང་ནས་ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་མཚོ་བྱང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། བློ་བརྟན་འགྱུར་མེད་ངང་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་བྱེད་པ་དང་། བདེ་འཇགས་མཚོ་བྱང་དང་ཁྲིམས་སྐྱོང་མཚོ་བྱང་འཛུགས་སྐྲུན་གཏིང་ཟབ་ཏུ་གཏོང་བ། སྤྱི་པའི་བདེ་འཇགས་ཀྱི་མཁོ་བསྟུན་ཐག་གཅོད་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ་སྤྱི་ཚོགས་བརྟན་བརླིང་གོ་རིམ་ལྡན་པ་དང་དཔལ་འབྱོར་བདེ་ཐང་བརྟན་བརླིང་ཡིན་པ། མི་དམངས་བདེ་སྡོད་ལས་བརྩོན་གྱི་རྣམ་པ་བཟང་པོ་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་བཏང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི“མཚོ་བྱང་དཔེ་མཚོན”ནུས་ལྡན་ངང་གཏོད་དགོས་ཟེར།

7.jpg

ཚང་འཛོམས་གྲོས་ཚོགས་ཐོག་ནན་གྱིས་བསྟན་དོན། སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་བྱས་ཏེ“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”འཆར་འགོད་མངོན་འགྱུར་བྱ་ཆེད་འབད་འཐབ་བྱ་དགོས། ཏང་གི་ཁྱོན་ཡོངས་མགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་སྣོན་པ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་པ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། འཆར་འགོད་གཏན་འབེབས་དང་ལག་བསྟར་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཁུལ་ཡོངས་དང་རྫོང་སོ་སོའི“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”འཆར་འགོད《རྩ་གནད》དང་ཆེད་དོན་འཆར་འགོད་སོ་སོ་སྒྲིག་བཟོ་ཡག་པོ་བྱས་ཏེ་ཆབ་སྲིད་གྲུབ་འབྲས་ཀྱི་ལྟ་བ་ཡང་དག་འཛུགས་པ་དང་ལག་ལེན་བྱེད་པ། “ཏན་ཏན་ཏིག་ཏིག་དང་དམ་འཛིན་དངོས་སྒྲུབ། དངོས་ཕན་དོན་གཉེར”བཅས་ཀྱི་མཚོ་བྱང་གི་དངོས་སྒྲུབ་བྱེད་སྟངས་ལག་ལེན་གཏིང་ཟབ་བྱས་ཏེ་ཁུལ་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་གསར་གཏོད་གསོན་ཤུགས་དང་ལས་བྱེད་པའི་དཔུང་ཁག་གི་ནང་གནས་སྒུལ་ཤུགས་དང་སྤྱི་ཡོངས་ཀྱི་གསོན་ཤུགས་སྔར་ལས་གཅིག་སྡུད་དང་སྐུལ་སྤེལ་གཏོང་དགོས་ཟེར།

ཚང་འཛོམས་གྲོས་ཚོགས་ཐོག་བླང་བྱ་བཏོན་དོན། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ནུས་ཤུགས་ཡོད་རྒུས་ལོ་འཁོར་མོའི་དམིགས་ཚད་ལས་འགན་ལ་དམིགས་ནས་གདོང་མཆོང་བྱེད་པ་དང་། གནད་དོན་སྣ་ཚོགས་བཅོས་སྒྲིག་རྒྱུན་མཐུད་དམ་འཛིན་ཡག་པོ་བྱས་ཏེ་བདེ་འཇགས་ཐོན་སྐྱེད་དང་བརྟན་བརླིང་སྲུང་སྐྱོང་བྱ་བ་ནུས་ཤུགས་ཡོད་རྒུས་ལེགས་པར་བསྒྲུབ་པ། དམངས་འཚོ་ཞབས་ཞུའི་འགན་ལེན་ཏན་ཏིག་དང་ཞིབ་ཕྲ་བྱེད་པ།“དགུན་དུས་མཚོ་བྱང་གནས་སྐོར”ཆས་རྟགས་ཀྱི་ཤུགས་རྐྱེན་མུ་མཐུད་རྒྱ་སྐྱེད་གཏོང་བ་དང་སང་ལོའི་གཙོ་གནད་ལས་གཞི་སྔོན་ལ་ལག་བསྟར་བྱེད་མགོ་བརྩམ་ནས་སང་ལོའི་བྱ་བའི“མགོ་ཡག་པོ་བརྩམ་པར”འགན་ལེན་བྱེད་དགོས་ཟེར།

ཚང་འཛོམས་གྲོས་ཚོགས་ཐོག དུས་རབས་ཀྱིས་ལས་འགན་ལྕི་མོ་སྤྲད། འབད་འཐབ་ཀྱིས་མ་འོངས་གྲུབ་འབྲས་གཏོད། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སྔར་ལས་ལྷག་པའི་སྒོ་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ཡིད་ཆེས་བརྟན་གཏོང་དང་ཡར་རྒྱས་བརྩོན་ལེན་གྱིས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་བྱང་གི་ལག་ལེན་ལ་ལེའུ་གསར་བ་རྩོམ་དགོས་པའི་འབོད་སྐུལ་གནང་།

ཁུལ་ཨུའི་ཨུ་ཡོན་དང་ཁུལ་ཨུའི་རྗེས་སྣོན་ཨུ་ཡོན་མིན་པའི་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་ཀྱི་ཚན་ཁག་གི་ཁོངས་མི། ཁུལ་ཡན་ལག་དམག་ཁུལ་གྱི་ཆབ་སྲིད་ཨུ་ཡོན། ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་དང་ཁུལ་ལྟ་ཞིབ་ཨུ་ལྷན་གྱི་ཨུ་ཡོན། རྫོང་སོ་སོའི་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོ། མཚོ་སྔོན་པོ་ཞིང་རའི་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོ། ཁུལ་ཨུའི་སྡེ་ཁག་སོ་སོ་དང་ཁུལ་ཐད་གཏོགས་ལས་ཁུངས་སོ་སོའི་ཏང་ཙུའུ(ཏང་ཨུ)དང་། ཁེ་ལས་དང་དོན་ལས་ལས་ཁུངས་སོ་སོ་དང་། མང་ཚོགས་ཚོགས་པ་སོ་སོའི་ཏང་ཙུའུ་ཡི་འགན་ཁུར་བློ་མཐུན་གཙོ་བོ། ཁུལ་དུ་བཅའ་སྡོད་བྱས་པའི་ཞིང་ཆེན་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ། ཡུལ་ཚོ་དང་གྲོང་རྡལ་སོ་སོའི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དང་ཁུལ་གྱི་ཏང་གི་འཐུས་མི་ཁག་ཅིག ཁུལ་དུ་བཅའ་སྡོད་བྱས་པའི་ཞིང་ཆེན་གྱི་གསར་འགོད་པའི་ས་ཚིགས་ཀྱི་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཟུར་ཞུགས་བྱས།


མཉམ་སྤྱོད།