དེ་རིང་ནི2024ལོའི་ཟླ09པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས། ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་།

2023-03-05 09:12:43   |   144

རྩོམ་སྒྲིག  དམ་ཆོས་བསམ་འགྲུབ།  ཡོང་ཁུངས། གངས་ལྗོངས་འཕྲིན་གསར། བཤེར་འབེབས། རིན་ཆེན་ཚེ་རིང་། 


       ཟླ3པའི་ཚེས3ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་ནས་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས38པ་འཚོགས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། མཚོ་བྱང་ཁུལ་གྱིས་ལག་བསྟར་དོན་འཁྱོལ་བྱེད་པའི་བསམ་འཆར་ལ་ཞིབ་འཇུག་བྱས། 1.jpg

       ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཞིབ་འཇུག་བགྲོ་གླེང་འཛིན་གྲྭའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ལ། ཁུལ་ཡོངས་ཀྱི་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཏན་ཏིག་ཡོང་བར་བྱེད་པ་དང་། ནན་ཏན་གྱིས་སྒྲིག་འཛུགས་དང་ཇུས་འགོད་བྱས་ཏེ་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་སྒོ་ཁྱོན་ཡོངས་ནས་གཏིང་ཟབ་སྒོས་སྤེལ་དགོས་ལ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་དང་དོན་དངོས་ཀྱི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་དགོས་ཤིང་། ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་སྤྱིའི་བཀོད་སྒྲིག་དང་ཁུལ་གྱི“ཚོགས་ཆེན་གཉིས”ཀྱི་བྱ་བའི་བཀོད་སྒྲིག་ལ་དམིགས་པ་དང་། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱེད་པར་དམིགས་ཏེ། རྒྱལ་ཁབ་ཀྱི་དཔལ་འབྱོར་སྲིད་ཇུས་སོ་སོར་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། འཐབ་ཇུས་ཀྱི་ཁ་ཕྱོགས་དང་འཕེལ་རྒྱས་ཀྱི་ཁ་ཕྱོགས། མ་དངུལ་འཇོག་ཕྱོགས་བཅས་ཁོང་དུ་ཡང་དག་ཆུད་པར་བྱས་ནས་བྱ་བའི་གཙོ་གནད་དེ་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་གཏོད་པ་དང་། མཐོན་པོ་སྒང་སྐྱེ་ཁམས་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་འཛུགས་སྐྲུན། “གཅིག་ཅན་དྲུག”གི་སྐྱེ་ཁམས་ཕྱུགས་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་གཙོ་གནད་ལས་འགན་དོན་འཁྱོལ་བྱ་རྒྱུར་དམིགས་ཏེ། ལས་གཞི་འཛུགས་སྐྲུན་དང་ཚོང་འགུགས་མ་འདྲེན། བཅོས་སྒྱུར་ཟབ་སྤེལ། དམངས་འཚོ་ལེགས་གཏོང་སོགས་ཁྱབ་ཁོངས་སུ་ཤུགས་བསྣན་ཏེ་ནུས་ཤུགས་ཡོད་རྒུས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་སྣེ་ཁྲིད་ཁུལ་དང་ནུས་རྒྱུ་གཙང་མའི་ཐོན་སྐྱེད་བེད་སྤྱོད་ཁུལ། སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་བཅས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།  

       ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནང་སོག་ཨ་ལག་ཤ་ཙའོ་ཆི་ལུའུ་ཐེན་རྡོ་སོལ་གཏེར་ཁུངས་བརྡིབས་པའི་དོན་རྐྱེན་ལ་གནང་བའི་མཛུབ་སྟོན་གལ་ཆེན་དང་ཙུང་ལི་ལིས་ཁི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་བའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ལ། ས་གནས་སོ་སོ་དང་འབྲེལ་ཡོད་སྡེ་ཁག་གིས་བདེ་འཇགས་ཐོན་སྐྱེད་ཀྱི་འགན་ཁུར་ནན་དུ་གཏོང་བ་དང་། མ་མཐའི་མཚམས་ཐིག་གི་བསམ་གཞིག་ལ་ཤུགས་སྣོན་པ། ཟུར་བསྟན་ལེབ་མཐོང་བྱེད་པ། གཙོ་གནད་ལས་རིགས་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ལ་དམིགས་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སྣ་ཚོགས་ཁྱོན་ཡོངས་ནས་གྲལ་བཤེར་བྱེད་པ་དང་གནས་པའི་གནད་དོན་བཅོས་སྒྲིག་བྱེད་པ། འབྲེལ་ཡོད་མཁོ་བསྟུན་སྔོན་ཇུས་དུས་ཐོག་ཏུ་བཟོ་བཅོས་དང་འཐུས་ཚང་དུ་གཏོང་བ། ཐོལ་བྱུང་གི་དོན་རྐྱེན་སྣ་ཚོགས་ལ་ཚན་རིག་དང་མཐུན་པའི་ངང་ཁ་གཏད་ནུས་ལྡན་གཅོག་དགོས་པ་བཅས་ཀྱི་བླང་བྱ་བཏོན། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལེ་ཧྥིན་ལ་སློབ་སྦྱོང་བྱེད་པའི་བྱེད་སྒོའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་ནས་ལེ་ཧྥིན་སྙིང་སྟོབས་ཀྱི་དུས་རབས་ཀྱི་ནང་དོན་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ་དང་ལེ་ཧྥིན་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། ལེ་ཧྥིན་ལ་སློབ་སྦྱོང་བྱེད་པའི་བྱེད་སྒོའི་ལས་སྟེགས་ཀྱི་གཞི་རྟེན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། སྣ་མང་ཕུན་སུམ་ཚོགས་པའི་ལེ་ཧྥིན་ལ་སློབ་སྦྱོང་བྱེད་པའི་བྱེད་སྒོ་གསར་གཏོད་བཅས་བྱས་ནས“མཚོ་བྱང་ལྔ”འཛུགས་སྐྲུན་བྱ་ཆེད་བསམ་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་པ་ནན་གྱིས་བསྟན།    

2.jpg

      ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་གཉིས་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ནས། འཐབ་ཇུས་དང་ཁྱོན་ཡོངས་ཀྱི་མཐོ་ཚད་ཐོག་ནས་མཚོ་བྱང་གི་བྱ་བར་ཇུས་འགོད་དང་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་རྣམ་པ་གསར་བ་དང་མཉམ་འདྲེས་ཧུར་ཐག་བྱས་ནས་ཐབས་ལམ་གསར་བ་གཏོད་དགོས་ལ།  ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་དང་ཁུལ་གྱི“ཚོགས་ཆེན་གཉིས”ཀྱིས་གཏན་འཁེལ་བྱས་པའི་འབྲེལ་ཡོད་དཔལ་འབྱོར་སླར་གསོ་ནུས་ཤུགས་ཡོད་རྒུས་ལེགས་སུ་གཏོང་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་དམིགས་འབེན་དང་བྱ་ཐབས་སོ་སོ་དོན་འཁྱོལ་བྱས་ནས། ཁུལ་ཡོངས་ཀྱི་ཁེ་ལས་ལ་རོགས་སྐྱོར་དང་དྲོ་སྐྱིད་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་གཏིང་ཟབ་ཏུ་གཏོང་བ་དང་ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་གཏོང་བ།  ཁེ་ལས་ཀྱི་དཀའ་གནད་ཧུར་ཐག་སྒོས་སེལ་བ་བཅས་བྱས་ཏེ་ཁྲོམ་རའི་གཙོ་གཟུགས་སྣ་ཚོགས་ཀྱི་མི་མངོན་པའི་ནུས་པ་དང་གསོན་ཤུགས་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་འཕེལ་བར་བྱས་ཏེ་དཔལ་འབྱོར་མགྱོགས་མྱུར་སྒོས་སླར་གསོ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།

      ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་ཁྱོན་ཡོངས་ནས་གོ་བ་གཏིང་ཟབ་བླངས་ཏེ། མིག་སྔའི་རིམས་ནད་འགོག་སྡོམ་གྱི་གནས་བབ་ཁྱོན་ཡོངས་ནས་ཁོང་དུ་ཆུད་པར་བྱེད་པ་དང་། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྔར་ལས་གཅིག་གྱུར་འཆར་འགོད་ལེགས་པར་བྱེད་པ། “འགོས་ནད་ཁ་པའི་རིགས་ལ་དོ་དམ་ཁ་པའི”བླང་བྱ་དོན་འཁྱོལ་བྱེད་པ། “ཕྱོགས་བཞིའི་འགན་འཁྲི”དངོས་སྒྲུབ་བྱེད་པ།  འགག་རྩའི་ལྷུ་ཚིགས་ལ་དམིགས་པ། བྱ་བ་སོ་སོ་དམ་འཛིན་ཏན་ཏིག་བཅས་བྱས་ཏེ་ཐོབ་དཀའ་བའི་གྲུབ་འབྲས་གལ་ཆེན་མཐའ་གཅིག་ཏུ་སྲ་བརྟན་དུ་གཏོང་དགོས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲིད་ཁྲིམས་བྱ་བར་གནང་བའི་མཛུབ་སྟོན་གལ་ཆེན་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་བྱ་བའི་ཚོགས་འདུའི་དགོངས་དོན་ལ་ཁྱོན་ཡོངས་ནས་གོ་བ་གཏིང་ཟབ་བླངས་ཏེ།  ཏང་གིས་སྲིད་ཁྲིམས་བྱ་བར་མགོ་ཁྲིད་གཙང་བཙན་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་དང་།  ཏང་གི་མགོ་ཁྲིད་དེ་སྲིད་ཁྲིམས་བྱ་བའི་ཕྱོགས་གང་ཅིའི་ཐད་དང་བརྒྱུད་རིམ་ཧྲིལ་བོར་ལག་བསྟར་མཐར་ཕྱིན་བྱེད་པ། རྒྱལ་ཡོངས་ཀྱི་ཆབ་སྲིད་ཀྱིས་གྲོང་ཁྱེར་མངའ་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་ཁྲིད་སྟོན་བྱེད་པའི་ཚོད་ལྟའི་བྱ་བར་སྐུལ་འདེད་མགྱོགས་སུ་གཏོང་བ། བདེ་འཇགས་མཚོ་བྱང་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ནག་སེལ་ངན་འཇོམས་རྒྱུན་རྣམ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ།  སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་དག་ཐེར་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་བ། ཉེན་ཁ་སྔོན་འགོག་དང་བདེ་འཇགས་འགན་ལེན། བརྟན་བརླིང་སྲུང་སྐྱོབ། འཕེལ་རྒྱས་ལ་སྐུལ་འདེད་བཅས་ཀྱི་བྱ་བ་སོ་སོ་དམ་འཛིན་བྱས་ནས་སྤྱི་ཚོགས་ཁྱོན་ཡོངས་བརྟན་བརླིང་ཡོང་བར་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས་པ་ནན་གྱིས་བསྟན།

      ཚོགས་འདུའི་ཐོག རྒྱལ་ཡོངས་དྲ་རྒྱའི་ཆ་འཕྲིན་གཞུང་ལས་ཁང་གི་ཀྲུའུ་རིན་ཚོགས་འདུ་དང་། ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་པུའུ་ཀྲང་དང་དྲ་རྒྱའི་ཆ་འཕྲིན་གཞུང་ལས་ཁང་གི་ཀྲུའུ་རིན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱས་ཏེ་རང་འགུལ་གྱིས་དྲིལ་སྒྲོག་གི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ་དང་།  “243”འཕེལ་རྒྱས་ཀྱི་བཀོད་པ་འཛུགས་རྒྱུ་དང“མཚོ་བྱང་ལྔ”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུར་དམིགས་པ།  ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ལྟེ་བའི་བྱ་བར་དམ་པོར་དམིགས་པ། མཚོ་བྱང་ཁུལ་སྲིད་དབང་བཙུགས་ནས་ལོ70འཁོར་བ་དང་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་གཏོད་པ། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱེད་པ། གྲོང་གསེབ་དར་སྤེལ་གཏོང་བ། “1+10”གཞི་རིམ་ལ་འབྲེལ་གཏུག་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལམ་སྲོལ་དོན་འཁྱོལ་བྱེད་པ་སོགས་གཙོ་གནད་བྱ་བར་དམིགས་ནས། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་སྨྱན་སྦྱོར་དང་དེ་བཞིན“སློབ་སྦྱོང་སྟོབས་ལྡན་རྒྱལ་ཁབ”སོགས་སྨྱན་སྦྱོར་གསར་བའི་ཐོག་རྩོམ་ཡིག་སྤེལ་ཤུགས་ཆེ་རུ་བཏང་ནས་ཕུལ་བྱུང་གསར་འགྱུར་རྩོམ་ཡིག་ཁག་ཅིག་བཀོད་དེ་ཕྱོགས་མང་བོ་དང་ཟུར་ཚད་མང་བོའི་ཐོག་ནས་མཚོ་བྱང་གི་གཏམ་རྒྱུད་ཡག་པོར་བཤད་པ་དང་མཚོ་བྱང་གི་སྐད་སྒྲ་བརྒྱུད་སྒྲོག་ཡག་པོ་བྱེད་དགོས་ཤིང་། སྟོབས་ཤུགས་གཅིག་སྒྲིལ་གྱིས་གྲངས་འཛིན་མཚོ་བྱང་འཛུགས་སྐྲུན་བྱས་ནས“མཚོ་བྱང་སྨྱན་གསར”དང་མཚོ་བྱང་རྒྱང་སྒྲོག་བརྙན་འཕྲིན་ཁང་། “གངས་ལྗོངས་འཕྲིན་གསར”སོགས་གཙོ་རྒྱུག་སྨྱན་སྦྱོར་འཕེལ་རྒྱས་སྟོབས་ཆེར་འགྲོ་རྒྱུར་མུ་མཐུད་སྐུལ་འདེད་བཏང་ནས་དོ་ཁུར་བྱེད་ཚད་དང་ཁྱབ་རྒྱ་ཆེ་རུ་གཏོང་དགོས་པར་བསྟན།   

     ཚོགས་འདུའི་ཐོག་ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་པུའུ་ཀྲང་གི་ཚོགས་འདུའི་དགོངས་དོན་ཁོང་དུ་ཡང་དག་ཆུད་པར་བྱས་ནས་འདས་ཟིན་པའི་ལོ་འགའི་ནང་མཚོ་བྱང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་བའི་ཐད་ཀྱི་ཉམས་མྱོང་དང་ཕན་འབྲས་ལ་ཕྱོགས་སྡོམ་གང་ལེགས་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བརྗོད་དོན་སློབ་གསོའི་ལག་ལེན་བྱེད་སྒོ་སྤུས་ཚད་མཐོན་པོའི་སྒོ་ནས་སྤེལ་ཏེ“མི་རིགས་མཐུན་སྒྲིལ+”མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས་ལ།  གནའ་གྲོང་རྗེས་ཤུལ་དང་རིག་གནས་ཤུལ་བཞག་བེད་སྤྱོད་གང་ལེགས་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་སློབ་གསོའི་ལག་ལེན་བྱེད་སྒོ་སྤེལ་ཡུལ་དང“སེ་འབྲུའི”ཁྱིམ་གཞིས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་གཏོང་དགོས་ཤིང་།  ཁྲིམས་ལྟར་མི་རིགས་ཆོས་ལུགས་བྱ་བའི་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཆོས་ལུགས་དགོན་སྡེའི་དོ་དམ་ཆུ་ཚད་མུ་མཐུད་མཐོ་རུ་གཏོང་བ།    གྲྭ་བཙུན་གྱི་ཉེར་སྤྱོད་ལག་རྩལ་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གསོ་སྦྱོང་ལ་ཤུགས་སྣོན་པ་བཅས་བྱས་ཏེ། ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱེད་དགོས་པ་དང་། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ཏེ། རྨ་ཆུའི་འབབ་རྒྱུད་དང་རྒྱང་སྐྱོད་རིག་གནས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་སོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ནང་རང་འགུལ་ངང་མཉམ་འདྲེས་བྱས་ནས་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་མཐོ་རུ་གཏོང་དགོས་པར་བསྟན།  

      ཚོགས་འདུའི་ཐོག་ད་དུང་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་གཏན་འཁེལ་བྱས་པའི་དོན་ཚན་སྒྲུབ་པའི་གནས་ཚུལ་ལ་ཉན་པ་དང་། ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི2023ལོའི་བྱ་བའི་གཙོ་གནད་དང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས།    


མཉམ་སྤྱོད།