དེ་རིང་ནི2024ལོའི་ཟླ09པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས།

2023-03-05 10:01:28   |   149

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། གངས་ལྗོངས་འཕྲིན་གསར། བཤེར་འབེབས། རིན་ཆེན་ཚེ་རིང་།

      ཟླ3པའི་ཚེས3ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས། ཚོགས་འདུའི་ཐོག་ཁྲིན་ཀང་མཚོ་སྔོན་འཐུས་ཚབ་ཚོགས་པའི་ཚོགས་གཙོ་དང་། ཝུའུ་ཞའོ་ཅུན་དང་ཝང་ལིས་མེན་གཉིས་ཚོགས་གཙོ་གཞོན་པར་བདམས།༡.jpg

      ཚོགས་འདུའི་ཐོག་རང་ཞིང་གི་འཐུས་ཚབ་ཚོགས་པས《རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཡིག་ཆེན་མོའི་མིང་ཐོ(འཆར་ཟིན)》དང《རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོའི་གྲོས་རིམ(འཆར་ཟིན)》ལ་གྲོས་ཞིབ་བྱས་པར་མ་ཟད། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོའི་གྲ་སྒྲིག་ཚོགས་འདུར་སྤྲད་དེ་འདེམས་བསྐོ་དང་བརྡས་ཐག་གཅོད་པར་འཐད་པ་བྱུང་།

      ཁྲིན་ཀང་གིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་མགོ་བརྩམས་པའི་སྐབས་སུ་འཚོག་པའི་ཚོགས་འདུ་གལ་ཆེན་ཞིག་དང་། སྐབས་བརྗེ་དང་སྔར་སྲོལ་རྒྱུན་འཛིན་དང་མ་འོངས་གསར་གཏོད། རྒྱུན་མཐུད་འབད་འཐབ་བྱེད་པའི་ཚོགས་ཆེན་ཞིག་ཡིན་པས། རྒྱལ་ཡོངས་དང་འཛམ་གླིང་ཡོངས་སུ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད།  མཚོ་སྔོན་འཐུས་ཚབ་ཚོགས་པའི་འཐུས་མི་ཡོངས་ཀྱིས་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་སྲུང་འཛིན་བྱེད་པ་དང་། སྤོབས་པས་ཁེངས་པའི་ཆབ་སྲིད་ཀྱི་སྤྲོ་སེམས་དང་ལངས་ཕྱོགས་བརྟན་པོས་ཆབ་སྲིད་སྐྱོང་བའི་དོན་དངོས་བྱ་སྤྱོད་ལ་བརྟེན་ནས་བློ་རྩ་བརྟན་པོས“གཏན་འཁེལ་གཉིས”ལ་བརྩི་སྲུང་བྱེད་པ་དང་བློ་ཐག་རྦད་ཆོད་ཀྱིས“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བྱས་ཏེ་ཆབ་སྲིད་ཀྱི་གཟི་བརྗིད་མཚན་སྙན་ལ་གཅེས་སྤྲས་དང་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ནས། གྲོས་ཞིབ་དང་ཞིབ་བཤེར། འདེམས་བསྐོ་སོགས་ཀྱི་ལས་འགན་སྣ་ཚོགས་ཡོངས་འགྲུབ་བཟང་བོ་བྱེད་དགོས་པར་མ་ཟད། གྲོས་གཞི་བཟང་བོ་འདོན་པ་དང་ཇུས་གཞི་བཟང་བོ་འགོད་པ། བྱེད་ཐབས་ལེགས་པོ་གཏན་འཁེལ་བྱེད་པ་དང་། ཚོགས་ཆེན་གྱི་སྒྲིག་ལམ་དང་རིམས་འགོག་བླང་བྱར་བརྩི་སྲུང་ནན་མོ་བྱས་ནས། ཐུན་མོང་ཐོག་འབད་བརྩོན་སྒོས་ཐེངས་འདིའི་ཚོགས་ཆེན་དེ་དར་ཆ་མཐོན་པོར་སྒྲེང་ཞིང་སེམས་ཤུགས་གཅིག་སྒྲིལ་བྱེད་པ་དང་། མཐུན་སྒྲིལ་འབད་འཐབ་ཀྱི་ཚོགས་ཆེན་ཞིག་ཏུ་འཚོག་དགོས་པར་བཤད།

      རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། རྒྱལ་ཡོངས་དམངས་ཆེན་ལྟ་ཞིབ་དང་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཧན་ཞའོ་ཝུའུ། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲང་ཙིག་ཅུན། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་མགོ་འཛིན་ཁྲ་ཆིན་ཅིའུ་སོགས་ཚོགས་འདུར་ཟུར་ཞུགས་བྱས།


མཉམ་སྤྱོད།