དེ་རིང་ནི2024ལོའི་ཟླ09པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྒྱལ་ཡོངས་ཚོགས་ཆེན་གཉིས་སྤྲོ་བས་བསུ།

2023-03-05 09:56:07   |   126


རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། གངས་ལྗོངས་འཕྲིན་གསར།  བཤེར་འབེབས། རིན་ཆེན་ཚེ་རིང་།


       རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོས་ཚེས4ཉིན་གྱི་ཆུ་ཚོད12སྟེང་མི་དམངས་ཚོགས་ཁང་ཆེན་མོའི་གསར་འགྱུར་ཡོངས་བསྒྲགས་ཚོམས་ཆེན་དུ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། ཚོགས་ཆེན་གྱི་མགྲིན་ཚབ་པས་ཚོགས་ཆེན་གྱི་གྲོས་རིམ་དང་དམངས་ཆེན་བྱ་བའི་འབྲེལ་ཡོད་གནད་དོན་ཐད་ཀྲུང་ཕྱིའི་གསར་འགོད་པའི་དྲི་བར་ལན་བཏབ།

         རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོ་འཚོག་ཡུན་ཉིན8དང་ཕྱེད་ཀ་ཡིན། 

         རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོའི་མགྲིན་ཚབ་པ་ཝང་ཁྲའོ་ཡིས་ཐེངས་འདིའི་ཚོགས་ཆེན་ཟླ3པའི་ཚེས5ཉིན་གྱི་སྔ་དྲོར་མགོ་བརྩམ་རྒྱུ་ཡིན་ཞིང་ཚེས13ཉིན་གྱི་སྔ་དྲོར་གྲོལ་རྒྱུ་ཡིན་པས་འཚོག་ཡུན་ཉིན8དང་ཕྱེད་ཀ་ཡིན་ལ། ཚོགས་ཆེན་གྱི་གྲོས་རིམ་ལ་ཁྱོན་ནང་དོན་ཁག9ཡོད་ཅིང་། དེའི་ནང་སྲིད་གཞུང་གི་བྱ་བའི་སྙན་ཞུ་སོགས་སྙན་ཞུ6ལ་གྲོས་ཞིབ་བྱེད་པ་དང་།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་བཟོའི་བཅའ་ཁྲིམས(བཟོ་བཅོས་འཆར་ཟིན)》ཀྱི་གྲོས་གཞིར་གྲོས་ཞིབ་བྱེད་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་བཅོས་སྒྱུར་ཇུས་གཞིར་གྲོས་ཞིབ་བྱེད་པ། རྒྱལ་ཁབ་ཀྱི་སྒྲིག་གཞིའི་ཁོངས་མི་འདེམས་བསྐོ་དང་བསྐོ་གཞག་གཏན་འབེབས་བྱེད་པ་བཅས་ཚུད་ཡོད་ལ། ཚོགས་ཆེན་གྱི་གྲ་སྒྲིག་བྱ་བ་སོ་སོ་ཡོངས་སུ་ལེགས་གྲུབ་བྱུང་ཡོད་པར་བཤད།


མཉམ་སྤྱོད།