དེ་རིང་ནི2024ལོའི་ཟླ09པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-03-05 10:45:31   |   213

 རྩོམ་སྒྲིག དམ་ཆོས་བསམ་འགྲུབ། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་།                               


   གསར་འགྱུར་གལ་ཆེན།1.jpg

  •    རྒྱལ་ཡོངས་སྲིད་གྲོས་ཀྱི་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོའི་མགོ་རྩོམ་ཚོགས་འདུ་ཟླ4པའི་ཚེས15ཉིན་མི་དམངས་ཚོགས་ཁང་ཆེན་མོ་རུ་འཚོགས་ཤིང་། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་གྲོས་ཚོགས་སུ་ཞུགས།

  •    ཚེས4ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པའོ་ལཱ·ཐི་ནུའུ་པུའུ་ལ་གློག་འཕྲིན་བཏང་ནས། ཁོ་ནི་ཀྲེ་རི་ཡ་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དུ་གདམས་པར་རྟེན་འབྲེལ་ཞུས།

  •    རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོ་དེ་རིང་སྔ་དྲོར་མགོ་རྩོམ་པ་དང་། ཚེས13ཉིན་གྱི་སྔ་དྲོར་མཇུག་བསྡུ་བ་ཡིན་ལ། འཚོག་ཡུན་ཉིན8དང་ཕྱེད་ཀ་ཡིན།

  •    རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོའི་ཉིན་རེའི་གྲོས་རིམ་ཚེས4ཉིན་ཁྱབ་བསྒྲགས་བྱས།

  •    སྐབས་བཅུ་གསུམ་པའི་སྲིད་གྲོས་ལ་ལོ་ལྔ་ཡི་ནང་སྡོམ་པས་གྲོས་གཞི29323འབྱོར་བ་དང་། ཞིབ་བཤེར་བརྒྱུད་ཐོ་འགོད་བྱས་པའི་གྲོས་གཞི23818ཡོད། 2023ལོའི་ཟླ2པའི་ཟླ་མཇུག་བར་དུ། 99.8%ཀྱི་གྲོས་གཞིར་བསྒྲུབས་ལན་བྱིན།

  •    ཞིང་ལས་ཞིང་སྡེ་པུའི་གནས་ཚུལ་ལྟར་ན། རྒྱལ་ཡོངས་ཀྱི་རྨོ་འདེབས་ལུད་འཇོག་གི་བྱ་བ་གོ་རིམ་ལྡན་པའི་ངང་སྐུལ་སྤེལ་བྱས་ཤིང་། ལུད་རྫས་ཀྱི་རིགས་སྣ་གཙོ་བོའི་འདོན་སྤྲོད་བརྟན་འཇགས་ཡིན།

  •    མི་དམངས་དངུལ་ཁང་གིས་ཚེས3ཉིན་བསྟན་དོན། 2022ལོའི་རང་རྒྱལ་གྱི་རྒྱུན་ལྡན་ཕན་བདེའི་དངུལ་བུན་ཆུང་འབྲིང་གི་ལྷག་འབོར་སྒོར་དུང་ཕྱུར24ལ་ཉེ་བ་དང་། ཐོ་འགོད་བྱས་པའི་མི་གྲངས་བྱེ་བ5དང་ས་ཡ6ལས་བརྒལ།

  • འགྲིམ་འགྲུལ་པུའི་གནས་ཚུལ་ལྟར་ན། ཟླ2པར་རང་རྒྱལ་གྱི་གྲོང་ཁྱེར་བགྲོད་ལམ་གྱི་འགྲུལ་སྐྱེལ་བྱས་ཚད་ཀྱི་གདུབ་སྡུར་འཕར་ཚད་བརྒྱ་ཆའི་ལྔ་བཅུ་ཡིན།2.jpg

  •    རྒྱལ་སྤྱིའི་སླེ་གྲུག་མཉམ་ཚོགས་ཀྱིས་ཉེ་ལམ་གྱི་བུད་མེད་སླེ་གྲུག་གི་འཛམ་གླིང་ཨང་རིམ་གསར་བ་ཁྱབ་བསྒྲགས་བྱས་ཤིང་། ཀྲུང་གོའི་བུད་མེད་སླེ་གྲུག་གིས་འཛམ་གླིང་གི་ཨང་གཉིས་པ་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ཡོད།

            སྤྱི་ཚོགས།

  •    དེ་རིང་ནས་བཟུང་ཚེས8ཉིན་བར། ཧྭ་བྱང་དབུས་ལྷོ་ཁུལ་དང་དེའི་ལྷོ་ཕྱོགས་ཀྱི་ས་ཁུལ་གྱི་ཆེས་མཐོ་བའི་དྲོད་ཚད་ཡོངས་ཁྱབ་དུ་འཕར་ནས་དྲོད་ཚད20℃ལ་སླེབས་རྒྱུ་རེད།

  •    ཚེས3ཉིན། རྒྱལ་ཁབ་ཀྱི་རྒན་པའི་སློབ་ཆེན་དངོས་སུ་སྒོ་བྱང་བཀལ་ནས་བཙུགས།

  •   ཉེ་ལམ། ཆུ་བེད་པུ་སོགས་སྡེ་ཁག་བཞི་ཡིས་མཉམ་འབྲེལ་སྒོས་གཙང་གསུམ་བདེ་ཐང་སོགས་མངའ་ཁོངས་གལ་ཆེན10ཡི་ས་འོག་ཆུའི་སྔོག་འདོན་ཚད་བརྒལ་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ་ལས་དོན་བཀོད་སྒྲིག་བྱས་ནས་སྤེལ།

    3.jpg

  •  ཚེས4ཉིན། 2023ལོའི་ལུས་རྩལ་གྱི་འཛམ་གླིང་རྟགས་མའི་ཏུའོ་ཧ་ཁུལ་གྱི་སྐྱེས་པའི་དཔྱངས་རྩལ་གྱི་རྟིང་རྩོད་འགྲན་བསྡུར་ཁྲོད། ཀྲུང་གོའི་ལུས་རྩལ་པ་ལིའུ་དབྱང་གིས་སྡོམ་སྐར15.366གི་གྲུབ་འབྲས་ཀྱིས་གསེར་གྱི་རྟགས་མ་བླངས།

  •   བོད་ལྗོངས་སུ་སྐྱོད་པའི་ཆེད་འཁོར་ཉེ་ལམ་བསྐྱར་གཏོང་བྱས་ཤིང་། མེ་འཁོར་རེབ་ཐེངས་ཐོག་མ་ཟི་ལིང་ནས་སྐྱོད་དེ་ལྷ་སར་འབྱོར།

  •   ཉེ་ལམ།  གནའ་དཔྱད་རིག་པས་ཧྲན་ཏུང་ཅ་ཝུ་གྲུ་ཐིམ་རྗེས་ཤུལ་དུ་རིག་དངོས་སྐོར་ཞིག་སྔོག་རྙེད་བྱུང་བ་དང་།   དེ་པེ་དབྱང་མཚོ་དམག་གི“ཅིན་ཡོན”མཚོ་གྲུའི་རོ་མ་ཡིན་པ་ཕལ་ཆེར་ཐག་བཅད་ཆོག

    4.gif

  •    ཉེ་ལམ། ཀྲེ་ཅང་ཉིན་པའོ་རུ་བུ་མོ་ཆུང་ཆུང་ཞིག་སྟབས་མ་ལེགས་པར་ཆུ་ནང་དུ་ལྷུང་བ་དང་། ལམ་འགྲོ་བ་ཧྥུན་ཅུན་ཆི་དང་ཡུས་ཞུའེ་མིང་གཉིས་ཆུ་ནང་དུ་ལྡིང་ནས་མོ་ཆུ་ལས་བསྐྱབས།

       སྲིད་ཇུས།

  •    ཅང་སུའུ། རྒྱུན་ལྡན་གྱི་མཐོ་རིམ་སློབ་གྲྭའི་སློབ་མ་བསྡུ་བའི་ཆ་རྐྱེན་འཛོམས་པ་དང་ལུས་རྩལ་གྱི་ནུས་རྩལ་ངེས་ཅན་ཡོད་ན། ལུས་རྩལ་རིགས་ཀྱི་ཆེད་ལས་ལ་རྒྱུགས་སྤྲད་ཆོག་པ་གཏན་ཁེལ་བྱས།

  •    ཧོ་པེ། དཀའ་ངལ་ཡོད་པའི་བྱིས་པའི་རོགས་སྐྱོར་བྱེད་སྒོ་སྤེལ་རྒྱུ་ཡིན་པ་དང་། ཁྱིམ་ཚང་དཀའ་ཁག་ཅན་གྱི་ལྷན་སྐྱེས་སྙིང་ནད་ཡོད་པའི་བྱིས་པ100ཡི་གཤག་བཅོས་གྲོན་དངུལ་འཕྲི་གཅོག་བྱེད་རྒྱུ།

  •    ཧྲན་ཞི། རྒྱུན་ལྡན་ལ་མྱུར་སྐྱོབ་བྱ་བ་འགན་འཁུར་བྱེད་པའི་སྨན་བཅོས་ལས་ཁུངས་ལ། ལོ་སྔོན་མའི་ཐེབས་རྩའི་འགྲོ་གྲོན་གྱི60%ལས་མི་ཉུང་བའི་བསྡུར་ཚད་ལྟར་སྔོན་ལ་གྲོན་དངུལ་གཏོང་རྒྱུ་ཐག་བཅད།

                                                                                              འཚོ་བའི་དྲན་སྐུལ།

  •   དེ་རིང་གི་གནམ་གཤིས། བོད་ལྗོངས་ཀྱི་བྱང་རྒྱུད་དང་ཤར་རྒྱུད། མཚོ་སྔོན་གྱི་ལྷོ་རྒྱུད། ཁྲོན་ཞི་མཐོ་སྒང་གི་ལྷོ་རྒྱུད་སོགས་ཀྱི་ས་ཆ་ལ་ལར་ཁངས་ཆུང་ཆུང་འབབ་པ་དང་། བོད་ལྗོངས་ཀྱི་ཤར་ལྷོ་རྒྱུད་དང་སི་ཁྲོན་གྱི་ལྷོ་རྒྱུད། ཀོས་ཀྲིག་གི་ནུབ་རྒྱུད། ཡུན་ནན་གྱི་ཤར་རྒྱུད་དང་ལྷོ་རྒྱུད། ཀོང་ཞིའི་ནུབ་བྱང་རྒྱུད་སོགས་ཀྱི་ས་ཆ་ལ་ལར་ཆར་ཆུང་ཆུང་འབབ་རྒྱུ་རེད།5.jpg


  •   ཧྲང་ཧེ། ཚེས8ཉིན་ནས། མངའ་ཁོངས་ཕྱི་ནང་དུ་འགྲོ་བའི་འཛིན་ཡིག་གི་འགྲོ་ལུགས་སྒྲུབ་པར་“ཁ་ཆད”དང་“ཁ་ཆད་མིན་པའི”འཛིན་ཡིག་གི་འགྲོ་ལུགས་སྒྲུབ་པ་གཉིས་ཀྱི་ཞབས་ཞུ་དུས་མཉམ་དུ་མཁོ་འདོན་བྱ་རྒྱུ།

  •   ཧྲའན་ཞི། 2022ལོར་གསར་སྣོན་བྱས་ཤིང་ཆ་རྐྱེན་འཛོམས་པའི་གུན་སྐྱོབ་ནང་ཞུགས་པའི་ལས་ཤོར་མི་སྣའི་ལས་ཤོར་ཁ་གསབ་མ་དངུལ་ལེན་པའི་དུས་ཡུན་ཟླ3པའི་ཚེས31བར་ཇེ་རིང་དུ་བཏང་།


མཉམ་སྤྱོད།