དེ་རིང་ནི2024ལོའི་ཟླ09པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སྲིད་གྲོས་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོ་འཚོགས་མགོ་བརྩམས།

2023-03-05 14:07:35   |   121

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། ཉིན་རེའི་གངས་ལྗོངས། བཤེར་འབེབས། རིན་ཆེན་ཚེ་རིང་།


         འབད་འབུངས་ཡར་སྐྱེད་སྒོས་བསྐྱར་དར་གྱི་བྱ་གཞག་རླབས་ཆེན་མཉམ་སྤྱོད་བྱེད།། དཔའ་སྐྱེད་མདུན་སྐྱོད་སྒོས་དུས་རབས་ཀྱི་ལས་དོན་གསར་བ་ཡང་བསྐྱར་བསྐྲུན།། འོད་སྟོང་འབར་བའི་ལོ་ཟླའི་འཁོར་མོས་ཁྲོད་ནས་མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་ཆེན་པོ་གཉིས་རྒྱུན་འཁྱོངས་བྱེད་པའི་མི་དམངས་སྲིད་གྲོས་ཀྱིས་ཡང་བསྐྱར་ལོ་རྒྱུས་ཀྱི་དུས་སྐབས་གལ་ཆེན་ཞིག་བསུས་ཡོང་བ་སྟེ། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་བཞི་བའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་ཚེས4ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འཚོགས་མགོ་བརྩམས།

1.jpg

          ཕྱི་དྲོའི་ཆུ་ཚོད་གསུམ་གྱི་སྟེང་། ཚོགས་ཆེན་གཟབ་རྒྱས་ངང་ཚོགས་མགོ་བརྩམས་ཤིང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཉིས་སྟོང་ཆིག་བརྒྱ་སོ་གཉིས་ཚོགས་ཆེན་ལ་ཞུགས།

         རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཝང་ཧུའུ་ཉིང་དང་། ཧྲི་ཐའེ་ཧྥིན། ཧུའུ་ཁྲུན་ཧྭ། ཧྲིན་ཡུའེ་ཡུའེ། ཝང་ཡུང་། ཀྲིག་ཆང་། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཧི་ཧུ་ཧྭ། ལེང་ཀྲིན་དབྱིན། པ་ཐིར། སུའུ་ཧོས། ཧྲའོ་ཧུང་། ཀའོ་ཡུན་ལུང་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད།

         ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ལིས་ཆང་། ཀྲའོ་ལི་ཅི། ཧན་ཀྲིན། ཚའེ་ཆི། ཏེན་ཞུའེ་ཞང་། ལིས་ཞི། ཝང་ཆི་ཧྲན་སོགས་ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད་ནས་ཚོགས་ཆེན་འཚོགས་པར་རྟེན་འབྲེལ་ཞུས།

        ཝང་ཧུའུ་ཉིང་གིས་ཚོགས་ཆེན་འཚོགས་མགོ་བརྩམས་པ་ཁྱབ་བསྒྲགས་བྱས་པ་ན། ཚང་མ་ཡར་ལངས་ཏེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས།

        སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་ཚོགས་ཆེན་ལ་བྱ་བའི་སྙན་ཞུ་ཕུལ།

        ཝང་དབྱང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་རླབས་ཆེན་འཆར་གཞི་བཀོད་དེ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གོང་སྤེལ་ཐད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་བོར་བསྟན་ཡོད། མི་དམངས་སྲིད་གྲོས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཀྲུང་དབྱང་སྲིད་གྲོས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་མུ་མཐུད་དུ་ལག་བསྟར་ཟབ་མོ་བྱས་ཏེ། འགན་ནུས་སྣ་ཚོགས་ལག་བསྟར་ནན་མོ་བྱེད་པ་དང་། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་ལག་བསྟར་བྱེད་པ། ཀྲུང་ཧྭའི་བུ་བུ་མོའི་མཐུན་སྒྲིལ་ཆེན་པོར་ཡར་སྐུལ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པས་གཏན་ལ་ཕབ་པའི་དམིགས་འབེན་དང་ལས་འགན་མངོན་འགྱུར་བྱེད་པར་བྱས་རྗེས་གསར་བ་བཞག་ཡོད་པ་ནན་གྱིས་བསྟན།

        འདས་པའི་ལོ་ལྔའི་བྱ་བ་སྤྱི་སྡོམ་བྱེད་སྐབས། ཝང་དབྱང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཚུན་གྱི་ལོ་ལྔ་ནི་ཧ་ཅང་སྤྱིར་བཏང་མིན་པའི་ལོ་ལྔ་རེད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་ཀྱི་ཁྱོན་ཡོངས་དང་འཛམ་གླིང་སྟེང་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ལ་གཅིག་འདོམས་བྱས་པ་དང་། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་དང་ཉེན་ཁ་འགྲན་སློང་སྣ་ཚོགས་ལ་ནུས་ལྡན་གྱིས་ཁ་གཏད་འཇལ་ནས། དུས་ལྟར་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་ཏེ། བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་རྒྱལ་ཁའི་ངང་མངོན་འགྱུར་བྱས། ལོ་ལྔའི་རིང་ལ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་མི་དམངས་སྲིད་གྲོས་བྱ་བའི་མགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་པ་དང་། ཀྲུང་དབྱང་སྲིད་གྲོས་བྱ་བའི་གྲོས་ཚོགས་ཐེངས་དང་པོར་བསྡུས་ནས། ཀྲུང་གུང་ཀྲུང་དབྱང་གི་དུས་རབས་གསར་བར་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་བསམ་འཆར་གཏན་འབེབས་བྱས་ཏེ། མི་དམངས་སྲིད་གྲོས་ལས་དོན་གོང་དུ་སྤེལ་བར་གཞི་རྩའི་ཆབ་སྲིད་ཀྱི་ཁག་ཐེག་འདོན་སྤྲོད་བྱས། སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ། ཆབ་སྲིད་ཀྱི་ངོ་བོ་དང་ངེས་གནས་ཡང་དག་པར་སྟངས་འཛིན་བྱས་པ་དང་། དཀྱིལ་སྙིང་ལ་དམ་དུ་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་པ། དངོས་གཉེར་ནུས་ལྡན་སྒོས་ཆེད་དོན་གྲོས་མོལ་ལས་ཁུངས་འཛུགས་སྐྲུན་བྱས་ནས། སེམས་ཤུགས་གཅིག་སྡུད་ཀྱིས་མི་རིགས་བསྐྱར་དར་གྱི་ལོ་རྒྱུས་ཀྱི་བྱ་གཞག་རླབས་ཆེན་མཉམ་སྤྱོད་བྱས་པ་དང་། བབ་བསྟུན་མདུན་སྐྱོད་སྒོས་མི་དམངས་སྲིད་གྲོས་ཀྱི་ལག་ལེན་གསར་གཏོད་དང་གཞུང་ལུགས་གསར་གཏོད། ལམ་ལུགས་གསར་གཏོད་བཅས་ལ་སྐུལ་འདེད་བཏང་བས། མི་དམངས་སྲིད་གྲོས་ལས་དོན་ལ་སྣང་བརྙན་གསར་བ་དང་རྣམ་པ་གསར་བ་བྱུང་ནས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གོང་འཕེལ་ཐད་བྱས་རྗེས་གསར་པ་བཞག་ཡོད་པར་བསྟན།

       ཝང་དབྱང་གིས་སྙན་ཞུའི་ནང་དུ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་འགན་གཙོ་བོར་དམ་དུ་དམིགས་པ། འགན་ནུས་ལག་བསྟར་བྱས་པ། ཆབ་སྲིད་གྲོས་མོལ་སྤུས་ཚད་མཐོར་འདེགས་སུ་བཏང་བ། ཐུན་མོང་གི་ལྟ་བ་གཅིག་སྡུད་ཀྱི་བྱ་བ་རྒྱ་ཆེར་སྤེལ་བ། ཆེས་རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་རྩ་འཛུགས་ཀྱི་ནུས་པ་ལེགས་པར་བཏོན་པ། བྱ་བ་གསར་གཏོད་བྱས་པ། རང་ངོས་འཛུགས་སྐྲུན་ལ་ཤུགས་བསྣན་པ་བཅས་ཕྱོགས་བདུན་གྱི་ཐད་ནས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་བྱ་བར་ཕྱི་མིག་བལྟས་ཤིང་། ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། ངེས་པར་དུ་མི་དམངས་སྲིད་གྲོས་ཀྱི་ངོ་བོ་ངེས་གནས་ཡང་དག་པར་སྟངས་འཛིན་བྱེད་དགོས་པ། ངེས་པར་དུ་དཀྱིལ་སྙིང་བྱ་བར་དམ་དུ་དམིགས་ནས་སྲིད་གྲོས་ཀྱི་ཕན་འབྲས་མུ་མཐུད་དུ་མཐོར་འདེགས་སུ་གཏོང་དགོས་པ། ངེས་པར་དུ་མཐུན་སྒྲིལ་དང་དམངས་གཙོའི་བརྗོད་གཞི་ཆེན་པོ་གཉིས་རྒྱུན་འཁྱོངས་བྱེད་དགོས་པ། ངེས་པར་དུ་སྲིད་གྲོས་ཨུ་ཡོན་གྱི་འགན་འཁྲི་ཁག་ཁུར་རྒྱུན་མ་ཆད་པར་ཇེ་དྲག་ཏུ་གཏོང་དགོས་པ་བཅས་ཀྱི་མྱོང་ཚོར་གླེང་བར་མ་ཟད་རྗེས་ཕྱོགས་ཀྱི་བྱ་བར་གྲོས་གཞི་བཏོན།

      ཝང་དབྱང་གིས་མཇུག་མཐར་རླབས་ཆེན་གྲུབ་འབྲས་ཀྱིས་རྒྱལ་ངེས་ཀྱི་ཡིད་ཆེས་བརྟན་པར་བྱེད་ལ། རླབས་ཆེན་དམིགས་འབེན་གྱིས་ཡར་བརྩོན་གྱི་སྟོབས་ཤུགས་བསྐྱེད་པར་བྱེད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས། སྙིང་སྟོབས་ཆེན་པོས་ཡར་བརྩོན་དང་མགོ་བོ་སྒུར་ནས་དཀའ་སྤྱད། ཞུམ་པ་མེད་པར་མདུན་སྐྱོད་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་པར་བསྟན།

      སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར། ཧྲའོ་ཧུང་གིས་ཚོགས་ཆེན་ལ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་གྲོས་གཞི་བྱ་བའི་གནས་ཚུལ་སྙན་ཞུར་ཕུལ། ཁོང་གིས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་སྐབས་སུ། སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ཀྱི་ཁོངས་ཞུགས་ལས་ཁུངས་སོ་སོ། ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོ་བཅས་ཀྱིས་རྒྱལ་དོན་གྱི་ཆེ་ཕྱོགས་དང་མི་དམངས་ཀྱི་སེམས་ཁུར་ལ་དམ་དུ་སྦྲེལ་ཏེ་གྲོས་གཞི་བཏོན་པ་དང་དྲང་གཏམ་བཤད་ཅིང་། ཇུས་བཟང་ཕུལ་ལ་ལྟ་བ་གཅིག་སྡུད་བྱས། ལོ་ལྔའི་རིང་ལ་བསྡོམས་པས་གྲོས་གཞི་ཉིས་ཁྲི་དགུ་སྟོང་སུམ་བརྒྱ་དང་ཉེར་གསུམ་འབྱོར་བ་དང་། ཞིབ་བཤེར་བྱས་པ་བརྒྱུད་གྱོད་གཞི་ཉིས་ཁྲི་སུམ་སྟོང་བརྒྱད་བརྒྱ་བཅོ་བརྒྱད་ཐོ་འགོད་བྱས། ཉིས་སྟོང་ཉེར་གསུམ་ལོའི་ཟླ་གཉིས་པའི་ཟླ་མཇུག་བར་དུ། གྲོས་གཞིའི་བརྒྱ་ཆའི་གོ་དགུ་དང་གྲངས་ཆུང་བརྒྱད་ལ་སྒྲུབ་ལན་བྱིན་ཞིང་། རྒྱལ་ཡོངས་སྲིད་གྲོས་ཀྱིས་འབྲེལ་ཡོད་ཕྱོགས་དང་མཉམ་འབྲེལ་གྱིས་གྲོས་མོལ་སྤེལ་ནས། གྲོས་གཞིའི་ཁྲོད་ཀྱི་བསམ་འཆར་དང་གྲོས་གཞི་མང་པོ་འབྲེལ་ཡོད་འཆར་འགོད་སྲིད་ཇུས་དང་བྱེད་ཐབས་ཁྲོད་དུ་མཚོན་པར་བྱས་ཡོད་པར་བསྟན།

     ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་བཅས་ཀྱི་འགན་ཁུར་བློ་མཐུན་གདན་ཞུས་ལྟར་ཚོགས་འདུ་འཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས། ཀྲུང་གོར་སྡོད་པའི་ཕྱི་རྒྱལ་གྱི་གཞུང་ཚབ་པ་དང་ཕྱིར་སྡོད་རང་མི་སོགས་གདན་ཞུས་ལྟར་ཚོགས་འདུ་འཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས།


མཉམ་སྤྱོད།