དེ་རིང་ནི2024ལོའི་ཟླ09པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སྲིད་གཞུང་ལས་དོན་སྙན་ཞུ་མདོར་བསྡུས་མ།

2023-03-06 08:43:36   |   162

རྩོམ་སྒྲིག  དམ་ཆོས་བསམ་འགྲུབ།   ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།  བཤེར་འབེབས། རིན་ཆེན་ཚེ་རིང་།


      སྤྱི་ཚེས་5ཉིན་གྱི་སྔ་དྲོ་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོ་མི་དམངས་ཚོགས་ཁང་ཆེན་མོར་འཚོགས་འགོ་ཚུགས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཚོགས་ཆེན་ཐོག་སྲིད་གཞུང་ལས་དོན་སྐོར་གྱི་སྙན་ཞུ་གནང་བ་རེད།

      འདས་ཟིན་པའི་ལོ་གཅིག་རིང་གི་ལས་ཀའི་གྲུབ་འབྲས་གཙོ་བོར་ཕྱིར་དྲན་བྱས་པ།

      སྤྱི་ལོ་2022ལོ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་གལ་འགངས་ཤིན་ཏུ་ཆེ་བའི་ལོ་ཞིག་ཡིན་པ་དང་། རང་རྒྱལ་གྱི་གོང་འཕེལ་ལ་ལས་སླ་པོར་ཐོབ་མི་ཐུབ་པའི་གྲུབ་འབྲས་གསར་པ་ཐོབ་ཡོད།

     ■ ལོ་ཧྲིལ་པོར་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་3% འཕར་བ།

     ■ གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་ཐུབ་ཚད་མི་ཁྲི་1206གསར་འཕར་བྱུང་བ།

      གྲོང་མིའི་འཛད་སྤྱོད་རིན་གོང་2%འཕར་བ།  

1.jpg

     འབྲུ་རིགས་ཐོན་ཚད་རྒྱ་མ་དུང་ཕྱུར་ཁྲི་1.37ཟིན་ནས་རྒྱ་མ་དུང་ཕྱུར་74འཕར་བ།

     ■ གསར་འཕར་བྱུང་བའི་ཁྲལ་འཕྲི་གྲོན་གཅོག་གི་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་1ལས་བརྒལ་བ་དང་། ཁྲལ་འགྱངས་གྲོན་འགྱངས་བྱས་པ་སྒོར་དུང་ཕྱུར་7500ལྷག་ཟིན་པ།

     ■ དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་སློབ་ཆེན་སློབ་ཐོན་སློབ་མའི་སྤྱི་ལོ་2022ལོའི་རྒྱལ་ཁབ་ཀྱི་སློབ་སྐྱོར་དངུལ་བུན་གྱི་སྐྱེད་ཀ་མེད་པ་བཟོས་པ་མ་ཟད་དུས་ཚོད་འགྱངས་ནས་དངུལ་བུལ་འཇལ་ཆོག་པ་བཟོས་པ།

     ■ ལས་ཞུགས་དུས་བབ་སྤྱིའི་ཆ་ནས་བརྟན་པོ་རྒྱུན་འཁྱོངས་ཐུབ་པ་དང་། དཔལ་འབྱོར་བརྟན་པོའི་ངང་འཕར་སྣོན་འགྲོ་བཞིན་ཡོད།

        འདས་ཟིན་པའི་ལོ་ལྔའི་རིང་གི་ལས་ཀའི་གྲུབ་འབྲས་གཙོ་བོར་ཕྱིར་དྲན་བྱས་པ།

     ■ རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་ཁྲི་121བར་འཕར་སྣོན་བྱུང་ཞིང་། ལོ་ལྔའི་ནང་ལོ་རེར་ཆ་སྙོམས་འཕར་ཚད་5.2%ཟིན་པ།

     ■ གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་ཐུབ་ཚད་ཆ་སྙོམས་ལོ་རེར་མི་ཁྲི་1270ལྷག་ཙམ་འཕར་བ།

     ■ སྤྱི་ཚོགས་ཧྲིལ་པོའི་ཞིབ་འཇུག་གསར་སྤེལ་ཐད་མ་དངུལ་གཏོང་ཤུགས་དེ་2.1%ནས་2.5%ཡན་བར་མཐོ་རུ་བཏང་བ།

     ■ མྱུར་བགྲོད་ལྕགས་ལམ་གྱི་སྐྱེལ་འདྲེན་ལམ་ཐག་དེ་སྤྱི་ལེ་ཁྲི་2.5ནས་སྤྱི་ལེ་ཁྲི་4.2བར་རིང་དུ་ཕྱིན་པ། གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་ཁྲི་125གསར་སྐྲུན་དང་སྒྱུར་བཀོད་བྱས་པ།

     ■ དངོས་ཟོག་ཕྱིར་གཏོང་ནང་འདྲེན་གྱི་སྤྱི་འབོར་གྱི་ལོ་རེའི་ཆ་སྙོམས་འཕར་ཚད་8.6%ཟིན་པ་དང་། སྒོར་དུང་ཕྱུར་ཁྲི་40ལས་བརྒལ་ཏེ་ལོ་མང་བསྟུད་མར་འཛམ་གླིང་གི་ཨང་དང་པོར་སླེབས་པ།

     ■ གཞི་རྩའི་རྒན་གསོའི་འགན་བཅོལ་ནང་ཞུགས་པའི་མི་གྲངས་དུང་ཕྱུར་1.4འཕར་བ་དང་མི་དུང་ཕྱུར་10.5ལ་ཁྱབ་པ།

     ■ ཁུ་བསྡུ་བདེ་འཇགས་དང་ངོ་མཚར་ཆེ་བའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ལེགས་པར་གཉེར་བ།  

2.jpg

     ■ ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་གལ་ཆེན་ཐོབ་པ།

     ■ གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་མི་རེར་ཆ་སྙོམས་ནོར་སྲིད་ནས་ཁ་གསབ་སྤྲོད་པའི་ཚད་གཞི་དེ་སྒོར་450ནས་སྒོར་610བར་མཐོ་རུ་བཏང་བ།

     ■ སྨན་རྫས་དང་སྨན་སྤྱོད་མཁོ་ཆས་གཅིག་སྡུད་ཐོག་ཉོ་སྒྲུབ་བྱ་རྒྱུ་ཁྱབ་གདལ་བཏང་བས། འགྲོ་གྲོན་གྱི་ཁུར་པོ་ཡང་དུ་སོང་ཚད་སྒོར་དུང་ཕྱུར་4000ལས་བརྒལ་བ།

     ■ ཕྲུ་གུ་གསུམ་པ་བཙའ་བའི་སྲིད་ཇུས་དང་ཆ་སྦྱོར་རྒྱབ་སྐྱོར་བྱེད་ཐབས་ལག་བསྟར་བྱས་པ་བཅས་རེད།

        སྤྱི་ལོ་2023ལོའི་གོང་འཕེལ་གྱི་སྔོན་དཔག་དམིགས་འབེན་གཙོ་བོ་དང་གཙོ་གནད་ལས་དོན་གྱི་གྲོས་འགོ

     ■ རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་5%གཡས་གཡོན་འཕར་བ་བྱ་རྒྱུ།

     ■ གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི་1200ཙམ་གསར་དུ་ལས་ཀར་ཞུགས་ཐུབ་པ་བྱ་རྒྱུ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་ཐུབ་པའི་ལས་ཀ་ཤོར་ཚད་5.5%ཙམ་ལ་ཚོད་འཛིན་བྱ་རྒྱུ།

     ■ གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་བརྒྱ་ཆ་3%གཡས་གཡོན་ལ་གནས་པ་བྱ་རྒྱུ།

     ■ གྲོང་མིའི་ཡོང་འབབ་འཕར་སྣོན་དང་དཔལ་འབྱོར་འཕར་སྣོན་གཞི་རྩའི་ཆ་ནས་གོམ་སྟབས་གཅིག་མཚུངས་ཡོང་བ་བྱ་རྒྱུ།

      ཕྱིར་གཏོང་ནང་འདྲེན་བརྟན་པོ་ཡོང་བ་དང་སྤུས་ཚད་མཐོ་རུ་འགྲོ་བ་བྱ་རྒྱུ་དང་། རྒྱལ་སྤྱིའི་གཏོང་ཡོང་གཞི་རྩའི་ཆ་ནས་དོ་སྙོམས་ཡོང་བ་བྱ་རྒྱུ།

     ■ འབྲུ་རིགས་ཐོན་འབབ་རྒྱ་མ་དུང་ཕྱུར་ཁྲི་1.3ཡན་རྒྱུན་འཁྱོངས་ཐུབ་པ་བྱ་རྒྱུ།

     ■ རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་སྡེ་ཚན་རེ་རེའི་ནུས་རྒྱུའི་ཟད་གྲོན་དང་སྦགས་བཙོག་དངོས་པོ་གཙོ་བོ་འབུད་བཤངས་བྱེད་ཚད་མུ་མཐུད་ཆག་པ་བྱ་རྒྱུ།

      འཛད་སྤྱོད་སླར་གསོ་དང་རྒྱ་སྐྱེད་གཏོང་རྒྱུ་དེ་སྔོན་འགྲོའི་གནས་བབ་ཐོག་འཇོག་རྒྱུ།

     ■ ཐབས་ལམ་མང་པོར་བརྟེན་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་མང་དུ་གཏོང་རྒྱུ།

     ■ ཕྱི་རྒྱལ་གྱི་མ་དངུལ་གཏོང་བའི་མཚོན་རྟགས་རང་བཞིན་གྱི་རྣམ་གྲངས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུ།

     ■ སྤུས་ལེགས་སྣེ་འདྲེན་གྱི་ས་ཁང་ཁེ་ལས་ཀྱི་ཉེན་ཁ་ནུས་ལྡན་སྒོ་ནས་སྔོན་འགོག་དང་སེལ་རྒྱུ་དང་། རྒྱུ་ནོར་གྱི་བུན་ཟུག་གནས་ཚུལ་ལེགས་བཅོས་བྱ་རྒྱུ། གོ་རིམ་མེད་པའི་ཐོག་ནས་རྒྱ་སྐྱེད་གཏོང་རྒྱུ་སྔོན་འགོག་བྱས་ཏེ་ས་ཁང་ཐོན་ལས་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བ་བྱ་རྒྱུ།    

3.jpg

     ■ མཁོ་ངེས་རང་བཞིན་དང་ལེགས་བཅོས་རང་བཞིན་གྱི་སྡོད་ཁང་དགོས་མཁོར་རྒྱབ་སྐྱོར་བྱ་རྒྱུ་དང་། གྲོང་མི་གསར་པ་དང་གཞོན་ནུ་སོགས་ཀྱི་སྡོད་ཁང་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ།

     ལས་རིགས་སློབ་གསོ་འཕེལ་རྒྱས་ཤུགས་ཆེར་གཏོང་རྒྱུ་དང་མཐོ་རིམ་སློབ་གསོའི་གསར་གཏོད་ལ་སྐུལ་འདེད་གཏོང་རྒྱུ།

     ■ སྤུས་ལེགས་སྨན་བཅོས་ཐོན་ཁུངས་རྒྱ་སྐྱེད་གཤམ་སྤྲོད་དང་ས་ཁོངས་དོ་སྙོམས་བཀོད་སྒྲིག་ལ་སྐུལ་འདེད་གཏོང་རྒྱུ་བཅས་རེད།


མཉམ་སྤྱོད།