དེ་རིང་ནི2024ལོའི་ཟླ09པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་ནས་ཁུལ་ཨུའི་ཧྲུའུ་ཅིའི་ཆེད་དོན་ཚོགས་འདུ་འཚོགས་ཏེ་སྤྱོད་ཚུལ་འཛུགས་སྐྱོང་བྱ་བར་ཞིབ་འཇུག་བྱས།

2023-03-05 19:47:37   |   130

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། གངས་ལྗོངས་འཕྲིན་གསར།  བཤེར་འབེབས། རིན་ཆེན་ཚེ་རིང་།


       ཟླ3པའི་ཚེས3ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་ནས་ཧྲུའུ་ཅིའི་ཆེད་དོན་ཚོགས་འདུ་འཚོགས་ཤིང་། ཞིང་ཆེན་སྒྲིག་ཨུའི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཏེ་སྤྱོད་ཚུལ་འཛུགས་སྐྱོང་ལ་ཞིབ་འཇུག་གཏིང་ཟབ་བྱས་ནས“སྤྱོད་ཚུལ་བཞིའི”བྱ་བ་རྒྱུན་མཐུད་ངང་ཡོ་བསྲང་བྱས། ཁུལ་གྱི་མགོ་ཁྲིད་ཀྲང་ཧྲིང་ཡོན་དང་། དབྱང་ཧེ་ལུང་། རུང་ཧུང་ཀྲི། ཝང་ཡུང་ཁྲང་། ཝང་ཀྲུང་དབྱི། མ་ཁྲེང་ཧྥང་བཅས་ཚོགས་འདུར་ཞུགས།

      ཤ་བོ་སྐྱབས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པས་སྙིང་རུས་ལྷོད་མེད་ཀྱི་སྒོ་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པ་དང“སྤྱོད་ཚུལ་བཞིའི”ཡོ་བསྲང་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་བཀོད་སྒྲིག་གསར་བ་བྱས་ཡོད་པས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་མཐར་ཕྱིན་བྱ་རྒྱུ་ནི་ང་ཚོའི་ཏང་མང་ཚོགས་དང་ཁ་བྲལ་མིན་དང་ཡུན་རིང་སྲིད་སྐྱོང་ཐུབ་མིན། སྲིད་འཛིན་གྱི་འགན་འཁྲི་ཡག་པོར་སྒྲུབ་ཐུབ་མིན་བཅས་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཞིག་རེད། རིམ་པ་སོ་སོའི་ཏང་ཨུས(ཏང་ཙུའུ)སྒྲིག་ཁྲིམས་སྲུང་བ་དང་སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བའི་ཐད་ཡང་བསྐྱར་ཤུགས་བསྣན་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ། ཞིང་ཆེན་དང་ཁུལ་གྱི་ཞིབ་ཕྲའི་བྱེད་ཐབས་ཀྱི་དགོངས་དོན་བཅས་རྒྱུན་སྲིང་ལྷོད་མེད་ངང་དོན་འཁྱོལ་བྱས་ཏེ“སྤྱོད་ཚུལ་བཞི”ཡོ་བསྲང་ལྷོད་མེད་བྱེད་པ་དང་ལྷག་པར་དུ་སྒྲིག་འགལ་ངང་བཟའ་འཐུང་བྱེད་པའི་གནད་དོན་ཞིབ་བཤེར་ནན་མོ་བྱས་ནས་གནད་དོན་བསྐྱར་འབྱུང་དང་མངོན་མེད་གཞན་འགྱུར་གྱི་སྐོར་མཐའ་གཅིག་ཏུ་སྔོན་འགོག་བྱེད་དགོས་པ་ནན་གྱིས་བསྟན།     

       ཤ་བོ་སྐྱབས་ཀྱིས་གཅིག་ནས་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤྱོད་ཚུལ་ལེགས་སྐྱོང་ལ་ཤུགས་སྣོན་རྒྱུའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན། ཀྲུང་དབྱང་སྒྲིག་ཨུའི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་དེ་བཞིན་ཞིང་ཆེན་སྒྲིག་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་བཅས་ལ་སློབ་སྦྱོང་ནན་ཏན་བྱེད་དགོས་པ་དང་། “སྤྱོད་ཚུལ་རུལ་སུངས་གཞི་གཅིག”གི་འགྱུར་ལྡོག་ཆོས་ཉིད་ལ་ངོས་འཛིན་གཏིང་ཟབ་བྱེད་པ། སྒྲིག་འགལ་བཟའ་འཐུང་གིས་ཆབ་སྲིད་སྐྱེ་ཁམས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གནོད་འཚེ་གཏོང་བར་ངོས་འཛིན་གཏིང་ཟབ་བྱེད་པ། སྤྱོད་ཚུལ་གྱི“གནད་ཆུང་སྨྲ་བ་དང་དཔལ་འབྱོར་ལ་ཤུགས་རྐྱེན་གཏོང་བའི་སྨྲ་བ”སོགས་ནོར་འཁྲུལ་གྱི་བསམ་བློ་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས། ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་གཏོང་བ། བསམ་བློའི་ངོས་འཛིན་གཅིག་གྱུར་བྱེད་དགོས། གཉིས་ནས་རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་རང་དཔེ་གཞན་སྟོན་དང་། གོང་གིས་འོག་ལ་སྣེ་ཁྲིད་བྱེད་པ། སྤྱོད་ཚུལ་ལེགས་སྒྱུར་རྒྱུན་འཁྱོངས་ལྷོད་མེད་བྱེད་པ། ཁྱད་དབང་བསམ་བློ་དང་ཁྱད་དབང་སྣང་ཚུལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། སྒྲིག་འགལ་བཟའ་འཐུང་བྱེད་པར་བཀག་འགོག་བྱེད་པ། ཐེ་གཏོགས་དང་བཅོལ་ནས་བྱ་བ་སྒྲུབ་རོགས་བྱེད་པར་ངོ་རྒོལ་བྱེད་པ། རང་ཟོན་རང་སད་དང་། དབང་ཆར་གཟབ་ནན། གཅིག་པུར་རང་ཞིབ་བཅས་བྱས་ཏེ་ཏང་དང་མི་དམངས་མཉམ་དུ་བསམ་བློ་གཏོང་བ་དང་མཉམ་དུ་སྒྲུབ་པའི་བླང་བྱ་དོན་འཁྱོལ་ཏན་ཏིག་བྱས་ཏེ་ཁུལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པར་མིག་དཔེ་སྟོན་དགོས། གསུམ་ནས་རིམ་པ་སོ་སོའི་ཏང་ཨུས(ཏང་ཙུའུ)ཐོག་མཐའ་བར་གསུམ་དུ“དོ་དམ་ནན་མོ་བྱེད་པ་ནི་ཤ་ཚ་བ་ཡིན་པ”རྒྱུན་འཁྱོངས་ཀྱིས་བྱེད་པོའི་འགན་འཁྲི་ཏན་ཏིག་འཁུར་བ་དང་རང་འགན་ནན་མོ་སྒྲུབ་པ། ཁོངས་གཏོགས་ལ་དོ་དམ་ནན་མོ་བྱེད་པ། ལས་བྱེད་པར་སློབ་གསོ་ཁྲིད་སྟོན་བྱས་ཏེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་དགོས་ལ། དུས་ཚིགས་གལ་ཆེན་དང་ཆུ་ཚོད་བརྒྱད་ཕུད་སྤྱི་ཚོགས་ཀྱི་འབྲེལ་གཏུག་ཁུལ་དང་འཚོ་བའི་ཁུལ། སྤྲོ་གསེང་ཁུལ་བཅས་རང་རྟོགས་ངང་ཇེ་གཙང་དུ་གཏོང་བ་བཅས་བྱས་ནས་སྒྲིག་འགལ་ངང་བཟའ་འཐུང་དང་སྒྲིག་འགལ་ངང་ཆང་འཐུང་བ་དང་ཆང་འཐུང་ནས་རླངས་འཁོར་སྐོར་བ་བཅས་གཏན་ནས་བྱེད་མི་ཆོག་པ་བཟོ་དགོས། བཞི་ནས་རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས“སྤྱོད་ཚུལ་བཞི”ཡོ་བསྲང་བྱེད་པའི་གནད་དོན་མུ་མཐུད་ཟབ་སྤེལ་གྱིས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཙོ་གནད་དུ་བཟུང་ནས་ཡོ་བསྲང་བྱེད་དགོས། སྲོལ་ངན་གཏན་འགོག་བྱེད་པའི་ཆེད་དམིགས་དག་ཐེར་བཅོས་སྐྱོང་བྱེད་སྒོ་ཏན་ཏིག་ངང་སྤེལ་ཏེ། ལྟ་སྐུལ་ཞིབ་བཤེར་གྱི་རྒྱུན་གཏན་གྱི་ཕུགས་ཕན་ལམ་སྲོལ་འཐུས་ཚང་དུ་བཏང་ནས་གཏན་འབེབས་ལས་འགལ་བའི་དཔེ་མཚོན་གནད་དོན་ཞིབ་བཤེར་ཐག་གཅོད་ནན་མོ་བྱེད་དགོས་པ་དང་། གྱོད་གཞི་ཁྱབ་བརྡ་གཏོང་ཤུགས་ཆེ་རུ་གཏོང་བ། སྒྲིག་འགལ་ངང་བཟའ་འཐུང་གྱོད་དོན་ལ་བརྟེན་ནས་བཅོས་སྒྱུར་ལ་སྐུལ་མ་གཏོང་དགོས་ལ། གྱོད་གཞིར་བརྟེན་ནས་བཅོས་སྐྱོང་ལ་སྐུལ་མ་གཏོང་བ། གྱོད་གཞིར་བརྟེན་ནས་འཛུགས་སྐྲུན་ལ་སྐུལ་མ་གཏོང་བ་བཅས་ཀྱི་བྱ་བར་ཤུགས་བསྣན་ཏེ་ཁུལ་ཡོངས་ཀྱི་སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་མཐུད་ངང་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་ཏང་སྲོལ་སྲིད་སྲོལ་བཟང་པོར་བརྟེན་ནས་སྤྱི་ཚོགས་དམངས་སྲོལ་ལ་སྐུལ་འདེད་གཏོང་དགོས།


མཉམ་སྤྱོད།