དེ་རིང་ནི2024ལོའི་ཟླ09པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-03-06 10:49:53   |   185

རྩོམ་སྒྲིག  དམ་ཆོས་བསམ་འགྲུབ།   ལོ་ཙཱ། ཁོན་ཐར་ཚེ་རིང་།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

1.jpg

  • རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོའི་མགོ་རྩོམ་ཚོགས་འདུ་ཚེས5ཉིན་གྱི་དུས་ཚོད9སྟེང་པེ་ཅིང་གི་མི་དམངས་ཚོགས་ཁང་ཆེན་མོ་རུ་འཚོགས་ཤིང་། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་རྣམས་གྲོས་ཚོགས་སུ་ཞུགས།

2.jpg

  • ཚེས5ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོའི་ཅང་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ཏུ་ཞུགས།

  • རྒྱལ་ཁབ་ཀྱི་ཙུང་ལི་ལི་ཁེ་ཆང་གིས་ཚེས5ཉིན་གྱི་སྲིད་གཞུང་གི་ལས་དོན་སྙན་ཞུའི་ནང་བསྟན་དོན། ད་ལོའི་འཕེལ་རྒྱས་ཀྱི་སྔོན་དཔག་གི་དམིག་འབེན་གཙོ་བོ་ལས། གཅིག་ནི་རྒྱལ་ནང་གི་ཐོན་སྐྱེད་སྤྱི་ཐང་5%ཡས་མས་འཕར་རྒྱུ་དེ་ཡིན།

  • ཉེ་ལམ། ཀྲུང་དབྱང་དྲིལ་སྒྲོག་པུས་རྒྱལ་ཡོངས་ཀྱི་རེབ་བརྒྱད་པའི་ལེ་ཧྥུན་ལས་གནས་མིག་དཔེ་དང་ལེ་ཧྥུན་བྱེད་སྒོ་དཔེ་སྟོན་ཁུལ་སོ་སོ་50ལ་མིང་བསྩལ།

  • བཟོ་འཕྲིན་པུས་ངོ་སྤྲོད་ལྟར་ན། ད་ལོར་རྒྱལ་ཡོངས་སུ་5Gགཞི་གནས་འབུམ6གསར་བསྐྲུན་བྱ་རྒྱུ་ཡིན་པ་དང་། 5Gགཞི་གནས་ཀྱི་སྤྱི་གྲངས་ས་ཡ2དང་འབུམ9ལས་བརྒལ་ཐུབ་པར་རེ་བ་ཡོད།

  • ཚན་རྩལ་པུའི་གནས་ཚུལ་ལྟར་ན། རང་རྒྱལ་གྱི་རྨང་གཞི་ཞིབ་འཇུག་གིས་སྤྱི་ཚོགས་ཞིབ་འདོན་གཏོང་སྒོའི་བསྡུར་ཚད་ལས་ཟིན་ཚད་བསྟུད་མུར་ལོ་བཞི་ལ་6%བརྒལ།

  • ཆུ་བེད་པུའི་གནས་ཚུལ་ལྟར་ན། ད་ལྟའི་བར་དུ། རྒྱལ་ཡོངས་ཀྱི་ཞིང་ཆེན12ཀྱི་ས་ཆ625ཡི་ཆུ་དྲང་ཡུལ་ཆེ་འབྲིང་ལ་ཆུ་གཏོང་བའི་མགོ་བརྩམས། ཞིང་ཆུ་འདྲེན་པའི་རྒྱ་ཁྱོན་མུའུ་ཁྲི2141ཡིན།

3.jpg

  • ད་ལྟའི་བར་དུ། རྒྱལ་ཡོངས་ཀྱི་སྔ་འབྲས་ལྗང་གསོའི་འགྲུབ་ཚད13%ཡིན་པ་དང་། གྲོ་ཡི་སྐྱེ་ཚད་ལོ་སྔོན་མ་དག་ལས་བཟང་།

  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུས་གནས་ཚུལ་ལྟར་ན། ད་ལྟའི་བར་དུ། སྡོམ་པས་རྒྱལ་ཁབ76གི་མངའ་ཁོངས་ཀྱི་སྨན་བཅོས་ལྟེ་གནས་ཀྱི་རྣམ་གྲངས་ལག་བསྟར་བྱས།

སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་ཁང་གིས་ཚོད་དཔག་ལྟར་ན། ཚེས10་ཉིན་བར་དུ། རང་རྒྱལ་གྱི་ས་ཁུལ་མང་ཆེ་བར། མངོན་གསལ་གྱིས་ཇེ་མཐོར་འགྲོ་བ་དང་། ཧྭ་པེ་དང་བྱང་ཤར། ཧོང་ཧའེ། ཅང་ཧན་སོགས་ཀྱི་ཆ་སྙོམ་དྲོད་ཚད་6~9℃འཕར་རྒྱུ་རེད།

  • ཀྲུང་གོ་ཟོང་སྐྱེལ་དང་ཟོག་ཉོ་མཉམ་འབྲེལ་ཚོགས་པའི་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། ཟླ2པར་ཀྲུང་གོའི་རིགས་ཆེ་བའི་ཚོང་རྫས་ཀྱི་གྲངས་ཀ་ཉེ་བའི་ཟླ་ལྔའི་རིང་གི་ཆེས་མཐོ་བ་ཡིན་པ་དང་། ལས་རིགས་ཀྱི་ཚོང་གཉེར་གནས་ཚུལ་ཇེ་ལེགས་སུ་སོང་ཡོད།

  • ཀྲུང་གོ་སྦྲག་སྲིད་ཀྱིས་ཚེས5ཉིན། 《མའོ་ཙེ་ཏུང་གིས“བློ་མཐུན་ལེ་ཧྥུན་ལ་སློབ་སྦྱོང་བྱེད་པའི”ཚིག་སྣེ་བཏོན་ནས་ལོ་འཁོར་དྲུག་ཅུའི》དྲན་རྟེན་སྦྲག་བྱང་ཆ་གཅིག་དཔར་འགྲེམས་བྱས།

  • ཚེས4ཉིན། ཀྲུང་གོའི་སྐྱེས་པའི་རུ་ཁག་གིས8:7གྱི་སྐར་འབྲས་ཀྱིས་འཇར་མན་ལས་རྒྱལ་བ་དང་། ཀྲུང་གོའི་ལོ་རྒྱུས་ཐོག་གི་ཐོག་དང་པོའི་འཛམ་གླིང་ན་གཞོན་འཁྱགས་ལྟིར་འགྲན་བསྡུར་གྱི་ཨང་དང་པོ་བླངས།

4.jpg

  • ཚེས5ཉིན། ཀྲུང་གོའི་འགྲན་ཞུགས་པ་ལེང་ཅིང་ཁུན་དང་ཧང་དབྱི་ཏེ་ཡིས་སོ་སོར་རྒྱ་གར་གྱི་ཨ་གོWTTའཛམ་གླིང་ཕིང་ཕང་སྤོ་ལོའི་འགྲན་བསྡུར་གྱི་སྐྱེས་པ་དང་སྐྱེས་མའི་རྐྱང་འགྲན་གྱི་ཨང་དང་པོ་བླངས།

5.png

  • ཉེ་ལམ། གནའ་དཔྱད་རིག་པས་ཧྲའན་ཞི་པའོ་ཅི་ནས་ཡུན་ཧྲོ་དུས་སྐབས་ཀྱི་ས་ངོས་ལུགས་ཀྱི་ཁང་བའི་རྗེས་ཤུལ་རྙེད་པ་དང་། འདི་ནི་རང་རྒྱལ་གྱི་བྱང་རྒྱུད་ས་ཆའི་ཆེས་སྔ་བའི་སྟར་ཁང་འཛུགས་སྐྲུན་ཡིན།

སྲིད་ཇུས།

  • ཧྲང་ཧེ་ཡིས་འགུལ་སྐྱོད་འཆར་གཞི་ཁྱབ་བསྒྲགས་བྱས་ཏེ། 2024ལོའི་བར་དུ་གྲོང་ཁྱེར་དང་ཡུལ་ཚོ་གྲོང་རྡལ་གྱི་དབང་སྐྱོན་ཅན་གྱིས་ལས་ཞུགས་ཁྲི1གསར་འཕར་བྱུང་རྒྱུ་གསལ་བོར་བཏོན།

  • ཀྲེ་ཅང་གིས་ཞིབ་སྲོལ་དཔར་འགྲེམས་བྱས་ཏེ། ཚོང་རའི་ལྟ་སྐུལ་དོ་དམ་ཁྱབ་ཁོངས་ཀྱི་ཁྲིམས་འགལ་བྱ་སྤྱོད་གལ་ཆེན་ལ་ཞུ་གཏུག་བྱས་པར། ཆད་པ་བཅད་པའི་1%~5%ལྟར་བྱ་དགའ་སྟེར་རྒྱུ།

  • ཧྲའན་ཞི་ཡིས་བྱེད་ཐབས་བཏོན་ནས། ཟླ་རེར་ཕྱིར་འཚོང་གྲངས་འབོར་སྒོར་འབུམ1མན་གྱི་འཕར་ཐང་དཔྱ་ཁྲལ་གྱི་གཞི་ཁྱོན་ཆུང་བའི་ཁྲལ་འཇལ་མཁན་ལ་ལོ་ཧྲིལ་བོའི་འཕར་ཐང་དཔྱ་ཁྲལ་བསྡུ་རྒྱུ་མིན།

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས། ཞིན་ཅང་གི་ནུབ་བྱང་རྒྱུད་དང་བོད་ལྗོངས་ཀྱི་བྱང་རྒྱུད་དང་ཤར་རྒྱུད། མཚོ་སྔོན་གྱི་ལྷོ་རྒྱུད་སོགས་ཀྱི་ས་ཆ་ལ་ལར་ཁངས་ཆུང་ཆུང་ནས་འབྲིང་ཙམ་འབབ་པ་དང་། ཞིན་ཅང་གི་ནུབ་བྱང་རྒྱུད་དང་བོད་ལྗོངས་ཀྱི་ཤར་ལྷོ་རྒྱུད། སི་ཁྲོན་གྱི་ལྷོ་རྒྱུད། ཁྲུང་ཆིང་། ཀོས་ཀྲིག ཧུའུ་ནན་གྱི་ནུབ་རྒྱུད་སོགས་ཀྱི་ས་ཆ་ལ་ལར་ཆར་ཆུང་ཆུང་འབབ་རྒྱུ་རེད།

6.jpg

  • རྒྱུགས་ལེན། 2023ལོའི་ལོ་སྟོད་ཀྱི་རྒྱལ་ཡོངས་དབྱིན་སྐད་ཀྱི་རིམ་རྒྱུགས་ལེན་པའི་དུས་ཚོད་ཚེས18ནས19བར་ཡིན།

  • ཀོང་ཏུང་ཀོང་ཀྲིག མཐོ་རིམ་སློབ་གྲྭ་དང་སློབ་གྲྭ་ཆུང་འབྲིང་ནས་སློབ་གཉེར་བྱེད་པའི་ཉིན་ཧྲིལ་བོ་ལུགས་ཀྱི་སློབ་མས་སྨན་བཅོས་འགན་སྲུང་ནང་ཞུགས་པ་དང་གྲོན་དངུལ་འཇལ་བའི་དུས་ཚོད་ཚེས31བར་རྒྱུན་སྲིང་བྱ་རྒྱུ།


མཉམ་སྤྱོད།