དེ་རིང་ནི2024ལོའི་ཟླ09པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྐང་ཚའི་མཁོ་ཚོང་ཁང་གིས་ཞིང་གསུམ་ལས་འགན་ཞབས་ཞུ་སྔོག་འདོན་གྱིས་རྨོ་འདེབས་ལས་དོན་ལ་གྲ་སྒྲིག་ལེགས་པོ་བྱས།

2023-03-06 16:04:47   |   220

རྩོམ་སྒྲིག  དམ་ཆོས་བསམ་འགྲུབ།  གསར་འགོད་པ།  ཚེ་བྱམས་རྒྱལ།  བཤེར་འབེབས།  རིན་ཆེན་ཚེ་རིང་།


      དཔྱིད་ཀའི་རྨོ་འདེབས་ཐོན་སྐྱེད་ནི་ཞིང་ལས་ཐོན་སྐྱེད་ཀྱི་རྨང་གཞི་དང་འགག་རྩ་ཡིན་པར་མ་ཟད། ལོ་ཧྲིལ་བོའི་ཞིང་ལས་ལས་དོན་གྱི“དབུ་ཁྱུད་ལྟ་བུ”ཡིན་ཞིང་། དཔྱིད་དུས་ཞིང་ལས་ཐོན་སྐྱེད་དང་འབྲེལ་བའི་ཁྱིམ་ཚང་ཁྲི་སྟོང་མང་པོས“འབྲུ་ཡི་ཁུག་མ”དང“འབྲུ་ཡི་བང་མཛོད”ལ་བརྟེན་ནས་དཔྱིད་ཀའི་རྨོ་འདེབས་ཐོན་སྐྱེད་ལ་གྲ་སྒྲིག་ལེགས་པོ་བྱེད་པ་ནི་ལོ་གཅིག་གི་འབྲུ་རིགས་དང་ཞིང་ལས་ཐོན་རྫས་མཁོ་འདོན་ལས་དོན་གྱི་གནད་གཙོ་བོ་ཡིན། རྐང་ཚ་རྫོང་མཁོ་ཚོང་ཁང་གིས་ཞིང་ལས་རྒྱུ་ཆ་འཁོར་རྒྱུག་ཐབས་ལམ་འདོན་སྤེལ་གང་ལེགས་བྱས་ཏེ། ཁྱོན་ཡོངས་ནས2023ལོའི་དཔྱིད་ཀའི་རྨོ་འདེབས་ཞིང་ལས་ཐོན་སྐྱེད་ལ་སྤྱོད་པའི་ལུད་རྫས་དང་སྨན་རྫས་མཁོ་འདོན་ཐུབ་རྒྱུར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ནས་དབྱར་ཀའི་ལོ་ལེགས་ཡག་པོ་འབྱུང་བར་རྨང་གཞི་བརྟན་པོ་བཏིངས།  

1.jpg

       མཁོ་ཚོང་ཁང་གིས་ཐོག་མཐའ་བར་གསུམ་དུ“ཞིང་གསུམ”ལ་ཞབས་འདེགས་ཞུ་རྒྱུ་མཛུབ་སྟོན་དུ་བཟུང་སྟེ། བྱེད་ཐབས་སྣ་མང་སྤྱད་ནས་དངོས་ཟོག་ཐོན་ཁུངས་སྒྲིག་འཛུགས་བྱེད་ཤུགས་ཆེ་རུ་བཏང་ཞིང་། དངོས་ཟོག་ཐོན་ཁུངས་ཀྱི་གྲུབ་ཆ་ཇེ་ལེགས་སུ་བཏང་ལ་མཛོད་ཉར་ལེགས་སྒྲིག་བྱས་པ། ཞིང་ལས་ཐོན་སྐྱེད་ཀྱི་འཕྲལ་སྡོམ་སྒྲིག་གཞི་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། དཔྱིད་ཀའི་རྨོ་འདེབས་ལས་དོན་ལ་སྔ་མོ་ནས་བཀོད་འདོམས་ཀྱིས་ཚོང་རའི་མཁོ་སྤྲོད་ལ་གྲ་སྒྲིག་ལེགས་པོ་བྱས་ཡོད། མིག་སྔའི་བར་དུ། ཏུན100ཡི་འབྲུ་རིགས་གྲབས་གསོག་བྱས་པ་དང་འབྲེལ་ཡོད་ཞིང་ལས་རྒྱུ་ཆ་གཞན་དག་ཀྱང་གྲབས་གསོག་བྱས་ཡོད་པ་རེད།  2.jpg    རྐང་ཚ་རྫོང་མཁོ་ཚོང་ཁང་གིས་མུ་མཐུད་དུ་བྱེད་ཐབས་སྣ་མང་མཉམ་སྤྱོད་བྱས་ནས་ཞིང་ལས་རྒྱུ་ཆའི་ཞབས་ཞུའི་ལེགས་ཆ་འདོན་སྤེལ་དང་། ཞིང་ལས་རྒྱུ་ཆའི་མཁོ་སྤྲོད་གྲུབ་ཆ་ལེགས་སུ་གཏོང་བ། ཞིང་ལས་རྒྱུ་ཆའི་ཞབས་ཞུའི་ཁྱབ་ཁོངས་རྒྱ་ཆེར་གཏོང་བ། ཞིང་ལས་རྒྱུ་ཆའི་འཁོར་རྒྱུག་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་རྐང་ཚ་རྫོང་གི་དཔྱིད་ཀའི་རྨོ་འདེབས་ཐོན་སྐྱེད་ཀྱི་ཁྱོན་ཡོངས་ལ་ཞབས་ཞུ་ཡག་པོ་བསྒྲུབ་རྒྱུ་རེད།


མཉམ་སྤྱོད།