དེ་རིང་ནི2024ལོའི་ཟླ09པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱི་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་དང་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རིན(ཅུས་ཀྲང)ཚོགས་འདུ་འཚོགས།

2023-03-06 16:36:36   |   128

   རྩོམ་སྒྲིག དམ་ཆོས་བསམ་འགྲུབ།  ཡོང་ཁུངས། གངས་ལྗོངས་འཕྲིན་གསར།  བཤེར་འབེབས།  རིན་ཆེན་ཚེ་རིང་།


      ཟླ3པའི་ཚེས3ཉིན། མཚོ་བྱང་ཁུལ་གྱི་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་དང་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རིན(ཅུས་ཀྲང)ཚོགས་འདུ་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། ཚོགས་འདུའི་ཐོག་རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་དང་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རིན་ཚོགས་འདུ། ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་དང་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རིན(ཅུས་ཀྲང)ཚོགས་འདུ་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། 2022ལོའི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་བྱ་བར་ཕྱིར་དྲན་དང་ཕྱོགས་བསྡོམས་བྱས་ཏེ2023ལོའི་བྱ་བར་བཀོད་སྒྲིག་བྱས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་མཆན་བཀོད་མཛུབ་སྟོན་གནང་། ཁུལ་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། ཁུལ་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་མགོན་པོ་ཚེ་བརྟན་ཚོགས་འདུར་སླེབས་ནས་གསུང་བཤད་གནང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་གིས་ཚོགས་འདུ་གཙོ་སྐྱོང་གནང་།    

1.jpg

       ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་མཆན་བཀོད་མཛུབ་སྟོན་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བ་ཡག་པོར་བསྒྲུབ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་དགོས་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དོན་འཁྱོལ་ནན་ཏན་དང་། ཏང་གིས་འཐབ་ཕྱོགས་གཅིག་གྱུར་བྱ་བར་ཕྱོགས་ཡོངས་ནས་མགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས། ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་བཀོད་སྒྲིག་བླང་བྱ་ལྟར། དུས་རབས་གསར་བའི་མཚོ་བྱང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་འདུ་ཤེས་ཟབ་ཏུ་ཤུགས་ཆེན་བཏང་ནས་འཐབ་ཕྱོགས་གཅིག་གྱུར་གྱི་བསམ་བློ་འཛུགས་པ་དང་ཤུགས་བསྣན་ཏེ་འཐབ་ཕྱོགས་གཅིག་གྱུར་བྱ་བའི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཐོག་མཐའ་བར་གསུམ་དུ་མངོན་ཡོད་ནུས་ལྡན་གྱི་ལག་ལེན་བླང་བྱ་རྒྱུན་འཁྱོངས་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་གཏིང་ཟབ་ཏུ་གཏོང་བ་སོགས་ཀྱི་ཐད་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་ཧུར་ཐག་གིས་སྐྱོད་དགོས། སྤྱི་ཚོགས་བརྟན་ལྷིང་དང་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་བྱེད་པའི་རྩ་བའི་མ་མཐའི་མཚམས་ཐིག་བརྟན་པོར་སྲུང་ནས། ཞི་མཐུན་བརྟན་ལྷིང་གི་རྣམ་པ་བཟང་བོ་རྒྱུན་མཐུད་སྲ་བརྟན་དུ་གཏོང་དགོས། ཁྲིམས་ལྟར་ཆོས་ལུགས་བྱ་བར་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས། ཤེས་ལྡན་མི་སྣ་མང་འདུས་དང་འབྲེལ་བ་རྒྱ་ཆེ་བའི་འཐབ་ཕྱོགས་གཅིག་གྱུར་གྱི་ཕན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་ཁྱབ་ཁོངས་སོ་སོའི་འཐབ་ཕྱོགས་གཅིག་གྱུར་གྱི་ཤེས་ལྡན་མི་སྣ་ཁུལ་ཨུའི“243”འཕེལ་རྒྱས་ཀྱི་རྣམ་པ་གསར་བར་ཞུགས་རྒྱུར་སྣེ་ཁྲིད་དེ“མཚོ་བྱང་ལྔ”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་སྒྲིལ་བྱེད་དགོས་པར་བསྟན།

2.jpg

        ཚོགས་འདུའི་ཐོག་ད་ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་མགོ་ཚུགས་པའི་ལོ་ཞིག་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་མགོ་ཚུགས་པའི་གལ་ཆེའི་ལོ་ཞིག་ཡིན་ལ། མཚོ་བྱང་འཐབ་ཕྱོགས་གཅིག་གྱུར་གྱི་འབད་འཐབ་ཀྱི་རྒྱང་སྐྱོད་ལམ་བུ་གསར་བ་དང་བྱས་རྗེས་གསར་བ་མངོན་པའི་འགག་རྩའི་ལོ་ཞིག་ཀྱང་ཡིན། ད་ལོའི་འཐབ་ཕྱོགས་གཅིག་གྱུར་གྱི་མི་རིགས་དང་ཆོས་ལུགས་བྱ་བ་ལེགས་པོར་སྒྲུབ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་བྱ་བའི་ཚོགས་འདུ་དང་རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཚོགས་འདུ། རྒྱལ་ཡོངས་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རིན་ཚོགས་འདུ། ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཚོགས་འདུ། ཞིང་ཆེན་ཡོངས་ཀྱི་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རིན་ཚོགས་འདུ་དང་ཁུལ་ཨུའི་བཀོད་སྒྲིག་ལྟར། “སེམས་དྲུག”གིས་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང“འགུལ་སྐྱོད་དྲུག”ལག་བསྟར་ལེགས་པོ་བྱ་རྒྱུ་རྒྱུན་འཁྱོངས། སེམས་ཤུགས་གཅིག་སྒྲིལ་དང་བློ་གྲོས་གཅིག་སྡུད། ཤེས་ལྡན་པ་གཅིག་སྡུད། སྟོབས་ཤུགས་གཅིག་སྒྲིལ་བཅས་ཀྱི་འཐབ་ཕྱོགས་གཅིག་གྱུར་ཆེན་པོའི་བྱ་བའི་རྣམ་པ་སྲ་བརྟན་དུ་གཏོང་བ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བ་དང་། ཁུལ་ཨུའི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་ཐབས་ཇུས་དང་བཀོད་སྒྲིག་སོ་སོ་མཚོ་བྱང་གི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་ཁྱབ་ཁོངས་ནས་དོན་འཁྱོལ་དང་གྲུབ་འབྲས་ཐོབ་ཐུབ་པར་བྱེད་དགོས་པ་ནན་གྱིས་བསྟན།

3.jpg

        ཚོགས་འདུའི་ཐོག་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཆབ་སྲིད་ཀྱི་ལངས་ཕྱོགས་ཇེ་མཐོར་བཏང་ནས། ཐེངས་འདིའི་ཚོགས་འདུའི་དགོངས་དོན་དང་ལྷག་པར་དུ་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ནས། འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་བྱ་བའི་དམིགས་ཚད་གསར་བ་དང་ལས་འགན་གསར་བ། བླང་བྱ་གསར་བ་བཅས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་བསམ་ཕྱོགས་གསར་གཏོད་དང་བྱ་བའི་བྱེད་ཐབས་ཞིབ་ཕྲ། སྔོན་ལ་བྱ་བ་ཡག་པོར་སྒྲུབ་པ་དང་རང་འགུལ་དམག་འཐབ་ཡག་པོ་རྒྱག་པ། མགོ་ཡག་པོ་རྩོམ་པ་བཅས་བྱས་ནས་ཁུལ་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་བྱ་བ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས་པའི་བླང་བྱ་བཏོན།

       ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཁོངས་གཏོགས་ལས་ཁུངས་སོ་སོའི་འགན་འཁུར་བློ་མཐུན་དང་། རྫོང་བཞིའི་རྫོང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་དང་རྫོང་སྲིད་གཞུང་གི་མི་རིགས་ཆོས་ལུགས་བྱ་བའི་ལས་བགོས་འགན་ཁུར་རྫོང་དཔོན་གཞོན་པ། རྫོང་མི་རིགས་ཆོས་ལུགས་ཅུས་ཀྱི་ཅུས་ཀྲང་། ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་ཁོའོ་རིམ་པ་གཞོན་པ་དང་དེ་ཡན་གྱི་ལས་བྱེད་པ་བཅས་ཚོགས་འདུར་ཞུགས།


མཉམ་སྤྱོད།