དེ་རིང་ནི2024ལོའི་ཟླ09པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

​ཤ་བོ་སྐྱབས་ཀྱིས་མདའ་བཞི་རྫོང་མཚོ་སྔོན་པོ་ཞང་དང་དཔལ་སྦྱིན་ཞང་དུ་བརྟག་ཞིབ་གནང་།

2023-03-07 08:59:04   |   132

རྩོམ་སྒྲིག དམ་ཆོས་བསམ་འགྲུབ།  ཡོང་ཁུངས། གངས་ལྗོངས་འཕྲིན་གསར།  བཤེར་འབེབས། རིན་ཆེན་ཚེ་རིང་།


       ཤ་བོ་སྐྱབས་ཀྱིས་མདའ་བཞི་རྫོང་མཚོ་སྔོན་པོ་ཞང་དང་དཔལ་སྦྱིན་ཞང་དུ་བརྟག་ཞིབ་གནང་སྐབས་གཞི་རིམ་ལ་དམ་འཛིན་ཤུགས་ཆེན་བྱེད་པའི་སྟོན་ཕྱོགས་མངོན་གསལ་དོད་པོས་བརྟན་པོར་བཙུགས་ནས་གཞི་རིམ་རྩ་འཛུགས་ཀྱི་ལས་དོན་སྒྲུབ་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པ་ནན་གྱིས་བསྟན།

1.jpg

       ཟླ3པའི་ཚེས6ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས“མི་བྱེད་པ་བཞི་དང་ཐད་སྐྱོད་གཉིས”དང་འཐབ་ས་དང་པོའི་བྱ་བ་སྒྲུབ་སྟངས་བེད་སྤྱད་ནས་མདའ་བཞི་རྫོང་མཚོ་སྔོན་པོ་ཞང་དང་དཔལ་སྦྱིན་ཞང་དུ་བསྐྱོད་དེ་གཞི་རིམ་ཏང་འཛུགས་སྐྱོང་དང་གྲོང་གསེབ་དར་སྤེལ། སྡེ་བའི་མཉམ་སྡེབ་དཔལ་འབྱོར། “བཅུ་ལྡན་བཟོ་སྐྲུན”འཛུགས་སྐྲུན། ཞང་དང་གྲོང་རྡལ་གྱི་དམངས་ཆེན་དང་སྲིད་གྲོས་སོགས་ཀྱི་བྱ་བར་བརྟག་ཞིབ་གནང་།    

2.jpg

       ཞང་ཏང་ཨུ་གཉིས་ཀྱི་གནས་ཡུལ་དུ་ཤ་བོ་སྐྱབས་ཀྱིས་ལས་བྱེད་ལས་བཟོ་བའི་སློབ་སྦྱོང་དང་གཞུང་སྒྲུབ། བཟའ་བཏུང་། ཞག་སྡོད་སོགས་མཉེན་ཆས་སྒྲིག་བཀོད་ཀྱི་ལེ་ལག་ཚང་བའི་གནས་ཚུལ་དང་། སྡེ་བའི་མཉམ་སྡེབ་དཔལ་འབྱོར་ཐོན་ལས་འཕེལ་རྒྱས་དང་དེ་བཞིན་ཞང་དང་སྡེ་བ“རིམ་པ་གཉིས”ཀྱི་འགྲེམས་ཁང་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་ཞིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་བཏོན་པའི་ཆེད་དོན་ཞིབ་འཇུག་ཐེངས་གཅིག་བྱེད་པ་དང་བྱ་བའི་ཚོགས་འདུ་ཐེངས་གཅིག་འཚོག་པ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་ཐེངས་གཅིག་སྒྲིག་འཛུགས་བྱེད་པ། གནད་དོན་གལ་ཆེན་ཁག་ཅིག་ཐག་གཅོད་བྱེད་པ། བྱ་བའི་མ་དཔེ་ཁག་ཅིག་འཛུགས་པ། ལོ་འཁོར་རྗེས་མའི་ལས་འགན་སྒྲུབ་ཚུལ་གྱི་སྙན་ཞུ་ལེགས་པོར་འབྲི་བ་བཅས“གཅིག་ཅན་དྲུག”གི་བྱ་བའི་བླང་བྱ་གཞིར་བཟུང་སྟེ། གཞི་རིམ་ལ་དམ་འཛིན་ཤུགས་ཆེན་བྱེད་པའི་སྟོན་ཕྱོགས་མངོན་གསལ་དོད་པོས་བརྟན་པོར་འཛུགས་པ་དང་། བརྟག་དཔྱད་ཞིབ་འཇུག་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ། བརྗེ་རེས་དང་སློབ་སྦྱོང་ལ་སྐུལ་འདེད་གཏོང་བ།  མང་ཚོགས་ལ་ཞབས་འདེགས་ཞུ་བའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས་པ་ནན་གྱིས་བསྟན།

3.jpg

     ཤ་བོ་སྐྱབས་ཀྱིས་རྫོང་དང་ཞང་རིམ་པ་གཉིས་ཀྱིས་ཁྱད་ལྡན་ཏང་འཛུགས་སྐྱོང་གི་ཆས་རྟགས་ཧུར་ཐག་སྒོས་བཏོད་དེ་ཏང་འཛུགས་སྐྱོང་ལ་སྣེ་ཁྲིད་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་བྱ་གཞག་སོ་སོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཤིང་། གྲོང་གསེབ་དར་སྤེལ་གཏོང་བའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་སྔར་ལས་གསལ་བོ་བཟོས་ནས་བྱ་བའི་ངེས་གནས་ཡང་དག་འཚོལ་བ་དང་། ལེགས་ཆ་སྣ་ཚོགས་གཅིག་སྡུད་བྱས་ཏེ་ས་གནས་ཀྱི་འཕེལ་རྒྱས་ཀྱི་དོན་དངོས་དང་མཐུན་པའི་ཁྱད་ལྡན་ཐོན་ལས་ཧུར་ཐག་གིས་སྐྱེད་སྲིང་བྱེད་དགོས། དཔལ་སྦྱིན་ཞང་ཡོང་ཧྥུན་སྡེ་བས་མུ་མཐུད་དུ་གཟན་རྩྭའི་ཐོན་ལས་ཇེ་རྒྱས་ཇེ་ལེགས་སུ་བཏང་ནས་ས་གནས་ཀྱི་ཁྲོམ་རའི་མཁོ་སྤྲོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། ཞིང་ཆེན་ཕྱི་ནང་གི་ཁྲོམ་ར་མུ་མཐུད་རྒྱ་ཆེར་གཏོང་བ། སྐྱེ་ཁམས་ཕྱུགས་ལས་གཅིག་སྡུད་དང་གཞི་ཁྱོན་ཅན་གྱི་གསོ་ཚགས་རྟེན་གཞི་མཉམ་དུ་གཏོད་པ་བཅས་བྱས་ཏེ་སྐྱེ་ཁམས་ཕྱུགས་ལས་ཀྱི་ཐོན་ལས་སྦྲེལ་ཐག་རིང་དུ་བཏང་ནས་ཁྲོམ་རའི་ཉེན་ཁར་འགོག་རྒོལ་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་དགོས། ཞང་ལོ་རྒྱུས་ཁང་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་འགྲེམས་སྟོན་མང་དུ་གཏོང་བ་དང་། རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་པར་གཏོང་བའི་ཐད་མུ་མཐུད་ཤུགས་སྣོན་པ། སྔོན་ཐོན་གྱི་ཉམས་མྱོང་དང་བཀྲག་མདངས་འཚེར་སའི་བྱེད་སྟངས་ཕྱོགས་སྡོམ་ནན་ཏན་བྱེད་པ། པར་རིས་དང་བརྙན་རིས། དངོས་པོ་སོགས་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་སྲོལ་རྒྱུན་རིག་གནས་དང་དམངས་སྲོལ་བྱེད་སྒོ་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་ཏེ་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་ཐོན་རྫས་དང་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། དཔལ་སྦྱིན་ཞང་གིས་སོག་རིགས་ཞང་གི་ཁྱད་ཆོས་གང་ལེགས་སྒོས་མངོན་པར་བྱེད་པ་དང་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་ཡག་པོ་བྱས་ཏེ་ན་ཏ་མུའུ་དང་མཚོ་གཏེར་སོགས་སྲོལ་རྒྱུན་གྱི་དམངས་སྲོལ་རིག་གནས་བྱེད་སྒོ་ཧུར་ཐག་སྒོས་སྤེལ་ནས་མི་རིགས་རིག་གནས་ཀྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས་ཤིང་། མཐོན་པོ་སྒང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་གསར་སྤེལ་འཛུགས་སྐྲུན་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ་གསར་བརྗེའི་ཐོན་ཁུངས་སྲུང་སྐྱོབ་ཡག་པོ་དང་བེད་སྤྱོད་ཡག་པོ་བྱས་ནས་དེ་སྔའི221རྟེན་གཞིའི་ས་གནམ་འཕུར་མདེལ་དམག་སྒར་བཅུ་གཉིས་པའི་གཏམ་རྒྱུད་སྔོག་འདོན་གཏིང་ཟབ་བྱས་ཏེ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ཞིབ་འཇུག་བྱ་ཡུལ་དུ་བརྩིས་ནས། གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་གི་བྱེད་སྒོ་ཤུགས་ཆེན་སྤེལ་བ་དང་འབྲེལ་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་དམངས་སྲོལ་རིག་གནས་ལས་མཚོ་གཏེར་གྱི་ལེའུ་རྒྱུན་འཛིན་ཡག་པོ་བྱས་ནས་མཐའ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱེད་དགོས། ཞང་དང་གྲོང་རྡལ་གྱི་དམངས་ཆེན་དང་སྲིད་གྲོས་བྱ་བའི་ཁང་གི“སྒོ་རྒྱུན་པར་ཕྱེ་བ་དང་ཁང་མིག་གཉིས་རྒྱུན་དུ་སྤྱོད་པ། མང་ཚོགས་རྒྱུན་དུ་ཡོང་བ། འཐུས་མི་རྒྱུན་དུ་ཡོད་པ། བྱ་འགུལ་རྒྱུན་དུ་སྤེལ་བ། བྱ་བ་དངོས་རྒྱུན་དུ་སྒྲུབ་པ”བཅས་དང་དེ་བཞིན་འཐུས་མི་དང་ཨུ་ཡོན་གྱིས་འགན་འཁྲི་སྒྲུབ་པ་དང་སློབ་སྦྱོང་བརྗེ་རེས་བྱེད་པ། མང་ཚོགས་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བ་བཅས་ཀྱི“ཁྱིམ”དུ་འགྱུར་བར་བྱས་ནས་གཞི་རིམ་དམངས་ཆེན་དང་སྲིད་གྲོས་ཀྱི་སྟོབས་ཤུགས་རྒྱུན་ཆད་མེད་པར་འཕེལ་བ་བྱེད་དགོས། རྫོང་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ལམ་ལུགས་ཅན་དང་གྲངས་འཛིན་ཅན་གྱི་སྒོ་ནས“བཅུ་ལྡན་བཟོ་སྐྲུན”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཞང་གྲོང་ཚང་མར་ཏང་གི་སློབ་གྲྭ་དང་སྲིད་འཛིན་ཞབས་ཞུའི་ལྟེ་གནས། ཞང་གི་ལོ་རྒྱུས་ཁང་། རིག་གནས་དང་ལུས་རྩལ་བྱེད་སྒོ་སྤེལ་ས། ཉལ་ཁང་། ཟ་ཁང་། སྔོ་ཚལ་དྲོད་ཁང་། ཆུ་འདེད་རྣམ་པའི་གསང་སྤྱོད། ལས་བཟོ་བའི་ཁྲུས་ཁང་། འགྲིམ་འགྲུལ་ཡོ་བྱད་བཅས་ཡོད་པར་བྱས་ནས་སྐྱིད་སྣང་དོད་པའི་གཞུང་ལས་ཁོར་ཡུག་ལ་བརྟེན་ནས་མི་འདུག་པ་དང་མི་འགུག་པ། མི་གསོ་སྐྱོང་བཅས་བྱས་ཏེ་རྒྱ་ཆེའི་ཕུལ་བྱུང་ལས་བྱེད་པ་གཞི་རིམ་དུ་གཞི་ཚུགས་པ་དང་གཞི་རིམ་དུ་འཚར་ལོངས་བྱུང་ནས་གཞི་རིམ་འཕེལ་རྒྱས་ཆེད་བྱས་རྗེས་འཇོག་པར་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན།

4.jpg

      ཝང་ཡུང་ཁྲང་དང་། སངས་འབུམ། དབྱིན་མོ་ཝུན་བཅས་ཀྱིས་བརྟག་ཞིབ་ལ་ཕེབས་རོགས་གནང་།


མཉམ་སྤྱོད།