དེ་རིང་ནི2026ལོའི་ཟླ02པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁུལ་ཨུའི་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་རྒྱས་འཛོམས་ཚོགས་འདུ་འཚོགས།

2026-01-12 14:52:30   |   498

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར། མཚོ་བྱང་ཁུལ་གྱིས་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི(རྒྱས་འཛོམས)ཚོགས་འདུ་འཚོགས་ཤིང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དཔལ་འབྱོར་བྱ་བའི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། མིག་སྔའི་ཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་ཀྱི་དུས་བབ་ལ་ཁྱོན་ཡོངས་ནས་དབྱེ་ཞིབ་དང་གོམ་སྟབས་རྗེས་མའི་གཙོ་གནད་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཁུལ་ཨུའི་ཧྲུའུ་ཅི་དང་ཁུལ་ཨུའི་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཤ་བོ་སྐྱབས་ཚོགས་འདུར་ཞུགས་པ་དང་གསུང་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན། ཁུལ་ཨུའི་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲང་ཧྲིང་ཡོན་གྱིས་གཙོ་སྐྱོང་གནང་།

1.jpg

ཚོགས་འདུའི་ཐོག་བསྟན་དོན། འདས་ཟིན་པའི་ལོ་གཅིག་རིང་དཀའ་ཚེགས་ཆེ་བའི་བསྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་གྱི་མདུན་དུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག ཁུལ་ཡོངས་ཀྱི་གོང་འོག་ཚང་མས་འགག་སྒྲོལ་དཀའ་སེལ་དང་གནོན་ཤུགས་ཆེན་པོས་མདུན་སྐྱོད་བྱས་པསGDPཡི་འཕར་ཚད་དང་། རོང་འབྲོག་པའི་མི་རེའི་ཆ་སྙོམས་ཡོང་འབབ་སོགས་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་དཔལ་འབྱོར་འཕེལ་རྒྱས་ཐད་བརྟན་ཐོག་ཡར་འཕེལ་དང་ཡར་རྒྱས་ཁྲོད་ལེགས་ཕྱོགས་སུ་འཕེལ་བའི་རྣམ་པ་བཟང་པོ་ཐོན་ཡོད། དུས་མཚུངས་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་འཕར་བའི་གཏིང་ཤུགས་མི་འདང་བ་དང་ལས་གཞི་གལ་ཆེན་གྱི་གསོག་འཇོག་མི་འདང་བ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཡང་གནས་ཡོད་པས། ངེས་པར་དུ་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་ཀྱིས་འབེན་ཕྱོགས་སུ་ཇུས་བསྟར་དང་གནད་སྨིན་ཤུགས་འདོན་བྱས་ཏེ་ཁུལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ནོར་སྲིད་ཀྱི་འགན་ལེན་བརྟན་པོ་བྱེད་དགོས་ཟེར།

2.jpg

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ། ཞིང་ཆེན་ཏང་ཨུའི་དཔལ་འབྱོར་བྱ་བའི་གྲོས་ཚོགས་བཅས་ཀྱིས་ད་ལོའི་ནོར་སྲིད་དཔལ་འབྱོར་གྱི་བྱ་བ་སོ་སོ་ཡག་པོ་སྒྲུབ་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་པས། ང་ཚོས་ངེས་པར་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་བཏང་ནས་བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཁུལ་ཨུ་བཅས་ཀྱི་འབྲེལ་ཡོད་ནོར་སྲིད་བྱ་བ་དམ་འཛིན་བྱ་རྒྱུའི་སྐོར་གྱི་བཀོད་སྒྲིག་སོ་སོའི་ཐོག་ཏུ་ཏན་ཏིག་གཅིག་གྱུར་ཡོང་བར་བྱས་ཏེ། ཁུལ་ཡོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་ངང་བསྐྱར་འཕར་དང་ལེགས་ཕྱོགས་སུ་འཕེལ་བའི་རྣམ་པ་བཟང་པོ་སྔར་བས་སྲ་བརྟན་དུ་གཏོང་དགོས་ཟེར།

3.jpg

ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། བརྒྱུད་རིམ་ལྡན་པའི་ཇུས་འགོད་ལ་ཤུགས་སྣོན་པ་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ལ་ཞིབ་འཇུག་གཏིང་ཟབ་བྱས་ཏེ་མཚོ་བྱང་གི་ཐོན་ཁུངས་ལེགས་ཆ་དང་སྐྱེ་ཁམས་ལེགས་ཆ། ཞིང་ཆེན་ཡོངས་ཀྱིས་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་གཏོད་པ་དང་ཐོན་ལས་འཛུགས་སྐྲུན་གྱི"གནས་བཞི"སོགས་འཐབ་ཇུས་གལ་ཆེན་གནད་སྨིན་སྦྲེལ་མཐུད་བྱས་ཏེ། སྲིད་ཇུས་ལག་ལེན་བསྟར་བའི་ཟུང་འབྲེལ་བྱེད་གནས་དང་ཤུགས་འདོན་བྱེད་གནས་སྔར་བས་ཡང་དག་བཙལ་ནས་བྱ་བའི་བསམ་ཕྱོགས་གཏིང་ཟབ་དང་དོན་འཁྱོལ་བྱེད་པ་དང་དམིགས་འབེན་ལས་འགན། བྱེད་ཐབས་གཙོ་བོ། རྒྱུ་རྐྱེན་གཙོ་བོའི་འགན་སྲུང་བཅས་དོན་གཉེར་གཏིང་ཟབ་དང་ཏན་ཏིག་བྱས་ཏེ། "ལོ་ལྔའི་འཆར་གཞི་བཅོ་ལྔའི"མགོ་ཡག་པོ་ཞིག་འཛུགས་ཐུབ་པར་འགན་ལེན་ཏན་ཏིག་བྱེད་དགོས། ལས་གཞི་ཞིབ་འཇུག་ལ་ཤུགས་བསྣན་ནས"སྤྱི་གླིང་གཉིས་དང་བཙན་ས་གཅིག"གཏོད་པ་དང་ཐོན་ལས་ཀྱི"གནས་བཞི"བསྐྲུན་རྒྱུར་དམ་པོར་དམིགས་ནས། སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་ལྗང་མདོག་ཐོན་ལས་འཕེལ་རྒྱས་གཏོང་བ། རིག་གནས་དང་གནས་སྐོར་མཉམ་འདྲེས་ནུས་པ་འདོན་སྤྲོད། དམངས་འཚོའི་བདེ་རྩ་མཐོ་རུ་གཏོང་བ་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས"ལོ་ལྔའི་འཆར་གཞི་བཅོ་ལྔའི"ཆེད་དོན་འཆར་འགོད་སོ་སོ་ཇུས་འགོད་བྱ་རྒྱུ་ཟུང་འབྲེལ་བྱས་ཏེ་ལས་གཞི་གྲབས་གསོག་བྱེད་ཤུགས་ཆེ་རུ་བཏང་ནས་ལས་གཞི་དེ་བས་མང་བ་ཞིང་ཆེན་ཡོངས་དང་རྒྱལ་ཡོངས་ཀྱི"སྡེར་ཆེན"ནང་འཇུག་རྒྱུར་སྐུལ་འདེད་བཏང་སྟེ་དཔལ་འབྱོར་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་རྒྱུན་མཐུད་ངང་འཕེལ་བར་བྱེད་དགོས། གོང་རིམ་དང་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རང་འགུལ་ངང་ཞིང་ཆེན་རིམ་པའི་ཁ་གཏད་ཐིན་དང་ཅུ་དང་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ། ཞིང་ཆེན་རིམ་པའི་སྲིད་ཇུས་ཀྱི་འཕེལ་ཕྱོགས་དང་བྱ་བའི་གཙོ་གནད། མ་དངུལ་འཇོག་ཕྱོགས་བཅས་དུས་ཐོག་ཏུ་རྒྱུས་ལོན་བྱེད་པ། འཕེལ་རྒྱས་ཀྱི་དགོས་མཁོ་དང་བྱ་བའི་བྱེད་ཐབས་སྙན་སེང་ཧུར་ཐག་ཞུ་བ། ལྷག་པར་དུ་ཞིང་ཆེན་ཡོངས་ཀྱི"ཚོགས་ཆེན་གཉིས"སོགས་ཀྱི་ལས་སྟེགས་བརྒྱུད་དེ་ཞིང་ཆེན་རིམ་པའི་མཐོ་གནས་སྐུལ་འདེད་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་བརྩོན་ལེན་ཤུགས་ཆེན་བྱས་ནས་མཚོ་བྱང་འཕེལ་རྒྱས་ལ་རང་འགུལ་དང་བར་སྟོང་དེ་བས་མང་བ་ཐོབ་པར་བྱེད་དགོས། ཉམས་སད་ཐེག་ཐུབ་པའི་ནུས་པ་རྒྱུན་ཆད་མེད་པར་སྦྱོང་བརྡར་བྱས་ཏེ་གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལྟ་རྟོག བརྟག་དཔྱད་ཞིབ་འཇུག་དང་འགྱུར་ལྡོག་ངོས་འཛིན་བཅས་ཀྱི་ནུས་པ་མཐོ་རུ་གཏོང་བ། དཔལ་འབྱོར་བྱ་བ་དམ་འཛིན་བྱེད་པའི"ནུས་པ་ཆེན་པོ་དྲུག"མཐོར་འདེགས་བཏང་སྟེ། ལས་སྒོའི་བྱ་བའི་ཐད་ཀྱི"སྲིད་ཇུས་ཤར་གཏོང"དང"ཚིག་མཛོད་གསོན་པོ""བྱང་ཆུབ"ཞིག་ཏུ་འགྱུར་བ་བྱས་ཏེ། "གསོ་རླུང་མི་འདང་ཡང་སྙིང་སྟོབས་མི་ཉམས་པ་དང་གསོ་རླུང་མི་འདང་ཡང་ངོ་མཚར་མི་ཉམས་པའི"སྤྱོད་ཚུལ་བཟང་པོ་དར་སྤེལ་ཤུགས་ཆེན་བཏང་ནས་བྱ་བ་སོ་སོར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཟེར།

ཁུལ་དུ་བསྡད་ཡོད་པའི་ཁུལ་རིམ་པའི་མགོ་ཁྲིད་སོ་སོ་དང་། རྫོང་བཞིའི་ཏང་ཨུ་དང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོ། ཁུལ་ཐད་གཏོགས་ལས་ཁུངས་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཞུགས།


མཉམ་སྤྱོད།