དེ་རིང་ནི2026ལོའི་ཟླ01པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས(རྒྱས་འཛོམས)ཚོགས་འདུ་འཚོགས།

2026-01-13 14:50:57   |   405

རྩོམ་སྒྲིག    སངས་དོན།     ཡོང་ཁུངས།   མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།     བཤེར་འབེབས།    རིན་ཆེན་ཚེ་རིང་།


ཟླ1པོའི་ཚེས12ཉིན། ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས(རྒྱས་འཛོམས)ཚོགས་འདུ་འཚོགས་ནས། རྫོང(ཞིང་ར)སོ་སོའི་ཏང་ཨུའི་ཧྲུའུ་ཅི་དང་ཁུལ་ཨུས་མངག་པའི་ཏང་གི་བྱ་བའི་ཨུ་ལྷན་གྱི་ཧྲུའུ་ཅི། ཁུལ་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅིའི2025ལོའི་ལོ་འཁོར་མོའི་གཞི་རིམ་ཏང་འཛུགས་སྐྱོང་བྱ་བར་དམ་འཛིན་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་། འདུ་ཤེས་འཛིན་སྟངས་ཀྱི་བྱ་བའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་པའི་ལས་སྒྲུབ་སྙན་ཞུར་ཉན་པར་མ་ཟད་དཔྱད་མོལ་བྱས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཚོགས་འདུར་གཙོ་སྐྱོང་བྱས་ནས་དཔྱད་བརྗོད་གཏམ་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་དང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་ཆན་གོ་ཆིན། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཀྲུང་ཀྲི་ཅུན་ཚོགས་འདུར་ཞུགས། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུས་མི་སྣ་མངགས་ནས་ཚོགས་འདུར་ཕེབས་ཏེ་མཛུབ་སྟོན་གནང་བར་མ་ཟད། གཞི་རིམ་ཏང་འཛུགས་སྐྱོང་བྱ་བའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ཚུལ་ལ་དཔྱད་བརྗོད་གནང་། 

01.jpg

ཚོགས་འདུའི་ཐོག ཤ་བོ་སྐྱབས་ཀྱིས་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚབ་བྱས་ནས་རྫོང(ཞིང་ར)སོ་སོའི་ཏང་ཨུའི་ཧྲུའུ་ཅི་དང་ཁུལ་ཨུས་མངག་པའི་ཏང་གི་བྱ་བའི་ཨུ་ལྷན་གྱི་ཧྲུའུ་ཅི་དང་ཁུལ་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅིས་གཞི་རིམ་ཏང་འཛུགས་སྐྱོང་བྱ་བར་དམ་འཛིན་བྱས་པར་རེ་རེ་བཞིན་དཔྱད་བརྗོད་བྱས་ཏེ་གནད་དོན་དང་བླང་བྱ་བཏོན་ནས་ནན་གྱིས་བསྟན་དོན། ཆབ་སྲིད་ལ་ལྷག་བསམ་རྣམ་དག་བྱེད་པའི་རྨང་གཞི་བརྟན་དུ་གཏོང་བ་དང་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་ཤུགས་ཆེ་རུ་གཏོང་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་ཏང་འཛུགས་སྐྱོང་སྐོར་གྱི་དགོངས་པ་གལ་ཆེན་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་དཀའ་གནད་སེལ་བ་དང་བྱ་བའི་བསམ་ཕྱོགས་ཇུས་འགོད་བྱེད་དགོས། དམག་འཐབ་བཙན་རྫོང་གི་མ་ལག་སྟོབས་ཆེར་བཏང་ནས་ཏང་ཀྲི་པུའུ་ཚད་ལྡན་ཅན་དང་ཚད་གཞི་ཅན་གཏོད་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང"ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག"དང་རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ་སོགས་ཀྱི་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ཏེ། རྣམ་པ་གསར་གཏོད་དང་གཞི་རྟེན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་ཉམས་མྱོང་ཕན་ཚུན་སྦྱོང་རེས་བྱ་རྒྱུར་ཤུགས་བསྣན་ནས་ཏང་དར་གཞི་རིམ་གྱི་འཐབ་ས་དང་པོར་ལྷབ་ལྷུབ་ཏུ་གཡོ་བར་བྱེད་དགོས། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ཕན་འབྲས་མངོན་པར་བྱས་ཏེ"ཏང་འཛུགས་སྐྱོང+"བྱ་བའི་རྣམ་པ་ཇེ་ཟབ་ཏུ་གཏོང་བ་དང"ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ལྟེ་གནས"དང"ལས་བཟོ་བའི་དཔེ་ཁང"སོགས་ཀྱི་གཡུལ་ས་སྟོབས་ཆེར་གཏོང་བ་དང་བེད་སྤྱོད་ཡག་པོ་བྱས་ཏེ། མང་ཚོགས་ཀྱི་བསམ་བློའི་ཁྱེར་སོ་ཁོང་དུ་ཆུད་པ་དང་བྲེལ་དཀའ་ཁྲལ་སྒུག་ལ་གནད་སྨིན་འབྲེལ་མཐུད་བྱས་ནས་མང་ཚོགས་ལ་ཏང་རྩ་འཛུགས་ཀྱི་དྲོ་སྐྱིད་དངོས་ཚོར་ཐུབ་པར་བྱེད་དགོས་ཟེར།

02.jpg

ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་འདུ་ཤེས་འཛིན་སྟངས་བྱ་བའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་པའི་ལས་སྒྲུབ་སྙན་ཞུར་ཉན་རྗེས། ཤ་བོ་སྐྱབས་ཀྱིས་ཕྱོགས་བསྡུས་དཔྱད་བརྗོད་བྱས། ཁོང་གིས་ནན་གྱིས་བསྟན་དོན། ཏང་གི་ཆབ་སྲིད་འཛུགས་སྐྱོང་ཕྱོགས་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ། ཏང་ཨུའི་བྱེད་པོའི་འགན་འཁྲི་དང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་ཆེད་དོན་འགན་འཁྲི་དམ་ཟབ་བྱས་ནས། ཀུན་སྤྱོད་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཡུན་རིང་ཕན་ནུས་ཐོན་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། མང་ཚོགས་ཉེ་འཁོར་གྱི་དྲང་བདེན་མིན་པའི་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྐྱོང་མུ་མཐུད་གཏིང་ཟབ་ཏུ་གཏོང་བ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་འཁྱོངས་ངང་སྐུལ་འདེད་གཏོང་དགོས། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་ཤུགས་ཆེན་བཏང་ནས་དུས་རབས་གསར་པའི་སྤྱོད་གཙང་རིག་གནས་འཛུགས་སྐྱོང་ལ་མུ་མཐུད་དུ་ཤུགས་བསྣན་ཏེ་སྤྱོད་གཙང་རིག་གནས་ཀྱི“གདོང་ལེན་གཡུལ་ས”9ཡི་སློབ་གསོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཏང་ཡོན་ལས་བྱེད་པས་སྤྱོད་གཙང་རང་སྲུང་དང་སྤྱོད་གཙང་སྲིད་སྐྱོང་། སྤྱོད་གཙང་བྱ་སྒྲུབ་བཅས་ལ་ཁྲིད་སྟོན་བྱེད་དགོས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སྤྱད་དེ་བློ་སྒྲིལ་སེམས་བསྐྱེད་རྒྱུན་འཁྱོངས་དང་འདུ་ཤེས་འཛིན་སྟངས་ཀྱི་གཡུལ་ས་སྟོབས་ལྡན་ངང་བརྟན་སྲུང་བྱེད་པ། འདུ་ཤེས་འཛིན་སྟངས་བྱ་བའི་འགན་འཁྲིའི་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་བྱ་བའི་དྲིལ་སྒྲོག་ཆེན་མོའི་འདུ་ཤེས་བརྟན་པོར་འཛུགས་པ། ཀྲུང་དབྱང་དང་ཞིང་ཆེན་གྱི་སྨྱན་སྦྱོར་དང་འབྲེལ་གཏུག་མཉམ་ལས་ལ་མུ་མཐུད་ཤུགས་བསྣན་ཏེ“དག་སྣང་མཚོ་བྱང་། མདོག་ལྔའི་གཡང་སའི”ཡིད་དབང་འཕྲོག་ཤུགས་གང་ལེགས་ཀྱིས་མངོན་པ་དང་མཚོ་བྱང་གི་སྨྲ་བརྗོད་སྙན་སྔར་ལས་མང་བ་དང་སྔར་ལས་ལེགས་པའི་སྒོ་ནས་རྒྱལ་ཡོངས་སུ་འདྲེས་ཐུབ་པར་བྱེད་དགོས། ནུས་ཤུགས་ཡོད་རྒུས་སྙིང་སྟོབས་ཀྱི་བཙན་ས་བསྐྲུན་ནས་གསར་བརྗེའི་རིག་གནས་སྔོག་འདོན་དང་གསར་བརྗེའི་ཐོན་ཁུངས་གསར་སྤེལ། གསར་བརྗེའི་སློབ་གསོ་གསོ་སྦྱོང་། གསར་བརྗེའི་རིག་དངོས་སྲུང་སྐྱོབ་བཅས་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ཏེ། ཁུལ་དང་རྫོང་གི་ཏང་གི་སློབ་གྲྭས་གཡུལ་ས་གཙོ་བོ་འཛིན་རྒྱུར་རྒྱུན་འཁྱོངས་དང་། གསོ་སྦྱོང་ལྟེ་གནས་སྣ་ཚོགས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ་གཞོན་ནུ་ལོ་ཆུང་གི་གསར་བརྗེའི་ཉམས་ཞིབ་དང་ལས་བྱེད་སློབ་གསོ་གསོ་སྦྱོང་རྒྱ་ཁྱབ་ཏུ་སྤེལ་ནས་རྒྱལ་ཡོངས་གསར་བརྗེའི་ཉམས་ཞིབ་འཕེལ་རྒྱས་ཚོགས་པ་རྩེ་གྲ་བསྐྲུན་དགོས་ཟེར། 

04.jpg

ཚོགས་འདུའི་ཐོག་ལས་སྒྲུབ་སྙན་ཞུ་བྱས་པའི་ཏང་ཨུའི(ཏང་ཙུའུ)ཧྲུའུ་ཅིའི་ལས་འགན་སྒྲུབ་ཚུལ་ལ་དམངས་གཙོའི་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་བྱས།

03.jpg

ཁུལ་ཨུའི་རྒྱུན་ཨུ་སོ་སོ་དང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་བཅས་ཀྱི་ཏང་ཙུའུ་ཡི་ཁོངས་མི་དང་། ཁུལ་ཁྲིམས་ཁང་དང་ཁུལ་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་བཅས་ཚོགས་འདུར་ཞུགས། ཁུལ་ཨུའི་ཏང་འཛུགས་སྐྱོང་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཁོངས་མི། རྫོང(ཞིང་ར)སོ་སོའི་ཏང་ཨུའི་ཧྲུའུ་ཅི་དང་ཁུལ་ཨུས་མངག་པའི་ཏང་གི་བྱ་བའི་ཨུ་ལྷན་གྱི་ཧྲུའུ་ཅི། ཁུལ་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་དང་རྫོང་སོ་སོའི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན། "འཐུས་མི་གཉིས་དང་ཨུ་ཡོན་གཅིག"དང་གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མི་བཅས་སོ་སོར་ཚོགས་འདུར་ཞུགས།


མཉམ་སྤྱོད།