དེ་རིང་ནི2024ལོའི་ཟླ09པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ལུས་རྩལ་པ་ཚེ་བརྟན་གཡུ་སྒྲོན་ལ་གསེར་གྱི་རྟགས་མ་ཐོབ་འདུག

2023-03-07 09:54:14   |   122

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


          ས་གནས་དེ་གའི་དུས་ཚོད་ཟླ3པའི་ཚེས4ཉིན། 2023ལོའི་རྒྱལ་སྤྱིའི་གངས་ཤུད་རི་འཛེག་མཉམ་འབྲེལ་ལྷན་ཚོགས་ཀྱི་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་སི་ཕེན་གྱི་པོ་དབྱི་ཐར་རུ་མུ་མཐུད་དུ་གཉེར་བ་རེད། གསར་འགོད་པས་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ནས་རྒྱུས་ལོན་བྱུང་བ་ལྟར་ན།  ཀྲུང་གོའི་བདམས་ཐོན་ལུས་རྩལ་པ་ཚེ་བརྟན་གཡུ་སྒྲོན་ལ་མི་སྒེར་གྱི་བྱེས་བགྲོད་རྣམ་གྲངསU18བུད་མེད་ཚོགས་ཆུང་གི་ཨང་དང་པོ་དང་མི་སྒེར་གྱི་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་གྱི་གསེར་གྱི་རྟགས་མ་གཉིས་པ་ཐོབ་ལ། དེ་ནི་ཀྲུང་གོའི་རུ་ཁག་ལ་སྐབས་འདིའི་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་ཐོག་ཐོབ་པའི་གསེར་གྱི་རྟགས་མ་གསུམ་པ་དེ་རེད།

༡.jpg

        རྒྱུས་ལོན་བྱུང་བ་ལྟར་ན། མི་སྒེར་གྱི་བྱེས་བགྲོད་རྣམ་གྲངས་འགྲན་བསྡུར་གྱི་ལམ་ཐག་རིང་བ་དང་དུས་ཚོད་མང་བོ་འགོར་བར་མ་ཟད་ས་བབ་རྙོག་འཛིང་ཆེན་པོ་ཡོད་པས་འགྲན་བསྡུར་ནང་ཞུགས་མཁན་གྱི་གཟུགས་པོ་དང་ལག་རྩལ་ཐད་རེ་བ་མཐོན་པོ་ཡོད། འགྲན་བསྡུར་དྲག་པོ་བྱས་པ་བརྒྱུད། U18བུད་མེད་ཚོགས་ཆུང་གི་འགྲན་བསྡུར་ཁྲོད་ཚེ་བརྟན་གཡུ་སྒྲོན་གྱིས་ཆུ་ཚོད1དང་སྐར་མ05དང་སྐར་ཆ48ཀྱི་གྲུབ་འབྲས་ཐོག་ནས་ཨང་དང་པོ་བླངས་ཏེ་མི་སྒེར་གྱི་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་གྱི་གསེར་གྱི་རྟགས་མ་གཉིས་པ་ཐོབ། གཞན་ཡངU20བུད་མེད་ཚོགས་ཆུང་གི་འགྲན་བསྡུར་ནང་ཀྲུང་གོའི་བདམས་ཐོན་ལུས་རྩལ་པ་བསོད་ནམས་ཆོས་སྒྲོན་ཨང་བཞི་བ་ཡིན་ཞིང་། ཡུས་ཅིང་ཞོན་ཨང་ལྔ་བ་རེད། 

༢.jpg

   སྐབས་འདིའི་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་ཁྱོན་ཉིན་ལྔ་ལ་སྤེལ་བ་དང་། ས་གནས་དེ་གའི་དུས་ཚོད་ཚེས5ཉིན་སྐབས་འདིའི་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་ལ་མུ་མཐུད་དུ་མཐའ་མའི་རྣམ་གྲངས་མཉམ་བསྲེས་ཀྱི་མཐུད་རྒྱུག་འགྲན་བསྡུར་བྱ་རྒྱུ་རེད།


མཉམ་སྤྱོད།