དེ་རིང་ནི2026ལོའི་ཟླ01པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞི་ཅིན་ཕིང་གིས“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དམ་འཛིན་ཡག་པོ་བྱ་རྒྱུའི་སྐོར་གླེང་བ།

2026-01-19 09:47:38   |   43

སྒྲིག་སྒྱུར། ཀླུ་མོ་མཚོ།   ཡོང་ཁུངས། སློབ་བརྩོན་རྒྱལ་སྟོབས།   བཤེར་འབེབས། རིན་ཆེན་ཚེ་རིང་།


金句.jpg

习近平论抓好“十五五”时期经济社会发展

全党要认识到,抓好“十五五”时期经济社会发展,对于实现党的二十大描绘的宏伟蓝图、分阶段有步骤推进中国式现代化,有效应对复杂严峻的外部环境新变化、在激烈国际竞争中赢得战略主动,适应我国发展阶段性要求、深入推动高质量发展,为基本实现社会主义现代化奠定更加坚实的基础,具有重大而深远的意义。

——习近平2025年10月23日在党的二十届四中全会第二次全体会议上的讲话

ཞི་ཅིན་ཕིང་གིས“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དམ་འཛིན་ཡག་པོ་བྱ་རྒྱུའི་སྐོར་གླེང་བ།

“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དམ་འཛིན་ཡག་པོ་བྱ་རྒྱུ་དེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་བཀོད་པའི་བརྗིད་ཆེའི་འཆར་གཞི་མངོན་འགྱུར་དང་དུས་རིམ་དབྱེ་ནས་གོ་རིམ་ལྡན་པའི་སྒོ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། རྙོག་འཛིང་ཆེ་ཞིང་ཛ་དྲག་ཆེ་བའི་ཕྱི་རོལ་ཁོར་ཡུག་གི་འགྱུར་ལྡོག་གསར་པར་ཁ་གཏད་ནུས་ལྡན་འཇལ་བ། རྒྱལ་སྤྱིའི་འགྲན་རྩོད་དྲག་པོའི་ཁྲོད་འཐབ་ཇུས་ཀྱི་རང་འགུལ་ཐོབ་པ། རང་རྒྱལ་འཕེལ་རྒྱས་ཀྱི་དུས་རིམ་རང་བཞིན་གྱི་བླང་བྱ་དང་འཚམ་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པར་སྔར་ལས་རྨང་གཞི་བརྟན་པོ་གཏོང་བར་དོན་སྙིང་གལ་ཆེ་ཞིང་གཏིང་ཟབ་ལྡན་ཡོད།

—2025ལོའི་ཟླ10ཚེས23ཉིན་ཞི་ཅིན་ཕིང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གནང་བའི་གསུང་བཤད།


མཉམ་སྤྱོད།