དེ་རིང་ནི2026ལོའི་ཟླ01པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲང་ཧྲིང་ཡོན་ཞིང་ཆེན་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་དུ་བསྐྱོད་དེ་བྱ་བར་འབྲེལ་མཐུད་གནང་བ།

2026-01-20 11:12:24   |   68

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ1པོའི་ཚེས19ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་སྣེ་ཁྲིད་དེ་ཞིང་ཆེན་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་དུ་བྱ་བར་འབྲེལ་མཐུད་དུ་བསྐྱོད། ཞིང་ཆེན་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཀྲུའུ་རིན་ཞོ་ཧྥེ་ཧུའུ་དང་། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཀྲའོ་ཧའེ་ཕིང་། ཞིང་ཆེན་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་རིམ་པ་གཉིས་པའི་སྐོར་གཟིགས་པ་སུན་ཧྲོའུ་ལི། ཞིང་ཆེན་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཁྲུའུ་དང་ཁེ་ལས་བཅོས་སྒྱུར་ཁྲུའུ། ཁུལ་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་བཅས་ཞུགས་ཡོད། 

464fbbc77f7e9fa026c99a5d4fd6cc09.jpg

ཀྲང་ཧྲིང་ཡོན་གྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་ཞིང་ཆེན་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་དུས་ཡུན་རིང་པོའི་ནང་མཚོ་བྱང་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་ལྷིང་། དམངས་འཚོ་ལེགས་བཅོས། དེ་བཞིན་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ། གཞུང་ཁོངས་ཁེ་ལས་བཅོས་སྒྱུར་སོགས་ཀྱི་ཐད་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པར་མ་ཟད། ཞིང་ཆེན་དང་ཁུལ་གཉིས་མཉམ་འགུལ་གྱིས་སྒྲིལ་ཤུགས་ཆགས་པར་བྱས་ཏེ་ཟླ1པོའི་ཚེས10ཉིན་གྱི་ཆིན་ཡོན་སྡེ་ཚོགས་བཅོས་སྒྱུར་བྱ་བའི་ཆེད་དོན་ཚོགས་འདུའི་དགོངས་དོན་དོན་འཁྱོལ་ནན་ཏན་བྱེད་པ་དང་། དུས་ཚོད་ཀྱི་མཚམས་ཚིགས་ལ་དམ་པོར་དམིགས་ནས་ནུབ་མཚོ་རྡོ་སོལ་སྤྱི་གཉེར་ཁང་གི་ལས་ཐོན་བསྐྱར་འཛུགས་ཁྲོད་ཀྱི་འགག་གནད་དང་དཀའ་གནད་སེལ་རྒྱུར་ཤུགས་བརྒྱབ་སྟེ་དུས་བགོས་ཁག་བགོས་ཀྱིས་ཁེ་ལས་སྔ་ཙམ་ནས་ལས་ཐོན་བསྐྱར་འཛུགས་མངོན་འགྱུར་ཡོང་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། དེ་དང་ཆབས་ཅིག ཕྱོགས་གཉིས་པོས་བྱ་བའི་འབྲེལ་གཏུག་རྐྱེན་སྲོལ་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་ཞིང་ཆེན་དུ་གཏོགས་པའི་གཙོ་གནད་གཞུང་ཁོངས་ཁེ་ལས་མང་པོ་མཚོ་བྱང་དུ་མ་འཇོག་བཀོད་སྒྲིག་དང་ལས་དར་འཕེལ་རྒྱས་གཏོང་རྒྱུར་མཐུན་སྦྱོར་དང་ཁྲིད་སྟོན་ཧུར་ཐག་བྱེད་དགོས་པར་མ་ཟད། གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་བཅོས་སྒྱུར་དང་། ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་སོགས་ཀྱི་ཐད་མུ་མཐུད་མཛུབ་ཁྲིད་དང་རོགས་རམ་དེ་བས་མང་བ་བྱས་ཏེ་མཚོ་བྱང་གི་གཞུང་ཁོངས་ཁེ་ལས་ཀྱི་འཕེལ་རྒྱས་ཀྱི་སྤུས་ཚད་མཐོར་འདེགས་སུ་གཏོང་བར་རམ་འདེགས་བྱེད་པའི་རེ་བ་ཡོད་པར་བསྟན་པ་དང་། མཚོ་བྱང་ཁུལ་གྱིས་འཐབ་ཇུས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ་སྲིད་ཇུས་ཀྱི་ཁེ་སྤོགས་འདང་ངེས་སྤྱོད་པ་དང་། ས་གནས་དང་ཁེ་ལས་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་བཅོས་སྒྱུར་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུའི་ཡིན་ཟེར།

ཞོ་ཧྥེ་ཧུའུ་ཡིས་འབྲེལ་ཡོད་རེ་ཞུའི་དོན་ཚན་ལ་རེ་རེ་བཞིན་ལན་བརྒྱབ་རྗེས་བསྟན་དོན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་ཨང་དང་པོ་དེར་དམ་པོར་དམིགས་ནས་གཙོ་འགན་གཙོ་ལས་ལ་གཞི་ཚུགས་ཏེ་གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། འཇོན་མི་གསོ་སྐྱོང་དང་ལས་སྒོའི་མཛུབ་ཁྲིད་ལ་ཤུགས་བརྒྱབ་ནས་གཞུང་ཁོངས་ཁེ་ལས་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ནང་ཞུགས་པ་དང་རྒྱབ་སྐྱོར་བྱ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཏེ་མཚོ་བྱང་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་སྔར་ལས་ཞུ་རྒྱུ་ཡིན་པ་དང་། དེ་དང་ཆབས་ཅིག ཆབ་སྲིད་ཀྱི་ཚིགས་གནས་སྔར་བས་མཐོ་རུ་བཏང་ནས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལ་ནན་མོར་གཞིགས་ཏེ་བཅའ་ཁྲིམས་དང་སྒྲིག་སྲོལ་གཞིར་འཛིན་པ་དང་བདེ་འཇགས་ཁོར་ཡུག་སྲུང་སྐྱོང་གི་རྩ་དོན་ལྟར། རང་འགུལ་ངང་འགན་འཁྲི་འཁུར་ནས་བྱས་རྗེས་འཇོག་པ་དང་མཐུན་སྦྱོར་འབྲེལ་མཐུད་ཧུར་ཐག་བྱས་ཏེ་ནུབ་མཚོའི་རྡོ་སོལ་སྤྱི་གཉེར་ཁང་དུས་བཀག་ལྟར་ལས་ཐོན་བསྐྱར་འཛུགས་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར། 


མཉམ་སྤྱོད།