དེ་རིང་ནི2026ལོའི་ཟླ01པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཡན་ལག་དམག་ཁུལ་ཏང་ཨུ་སྐབས་བཅུ་གཅིག་པའི་ཚང་འཛོམས(རྒྱས་འཛོམས)ཚོགས་འདུ་ཐེངས་བཞི་པ་འཚོགས་ཤིང་། ཤ་བོ་སྐྱབས་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ།

2026-01-20 15:30:58   |   54

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མཚོ་བྱང་སྲིད་དོན།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ1ཚེས19ཉིན། མཚོ་བྱང་ཡན་ལག་དམག་ཁུལ་ཏང་ཨུ་སྐབས་བཅུ་གཅིག་པའི་ཚང་འཛོམས(རྒྱས་འཛོམས)ཚོགས་འདུ་ཐེངས་བཞི་པ་ནུབ་མཚོ་གྲོང་རྡལ་དུ་འཚོགས། ཁུལ་ཨུའི་ཧྲུའུ་ཅི་དང་མཚོ་བྱང་ཡན་ལག་དམག་ཁུལ་ཏང་ཨུའི་ཧྲུའུ་ཅི་དང་པོ་ཤ་བོ་སྐྱབས་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་།

6bda41010444ff2bcf7e86291eefa05f.jpg

ཤ་བོ་སྐྱབས་ཀྱིས་བསྟན་དོན། འདས་ཟིན་པའི་ལོ་གཅིག་ནང་མཚོ་བྱང་ཡན་ལག་དམག་ཁུལ་ཏང་ཨུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་ལག་བསྟར་མཐའ་གཅིག་ཏུ་བྱས་ཤིང་། གོང་རིམ་གྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་དང་། ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ་རྒྱུན་འཁྱོངས། དམག་སྦྱོང་དམག་གྲབས་ལ་དམིགས་པ། གཞི་རིམ་སྟོབས་ཆེར་དང་སྲ་བརྟན་དུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། སྤྱོད་བཟང་སྒྲིག་ནན་རྒྱུན་མཐུད་བཅས་བྱས་ནས་ཁུལ་ཡོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་འཆམ་མཐུན་བརྟན་ལྷིང་སྲུང་སྐྱོབ་དང་ས་གནས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།

529294f95eabe652e308931780cacd95.jpg

ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། 2026ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་མགོ་རྩོམ་པའི་ལོ་ཡིན་ལ། དམག་དཔུང་བཙུགས་ནས་ལོ་བརྒྱ་འཁོར་བའི་འབད་འཐབ་དམིགས་ཚད་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པའི་འགག་རྩའི་ལོ་ཞིག་ཀྱང་ཡིན། མཚོ་བྱང་ཡན་ལག་དམག་ཁུལ་གྱི་རིམ་པ་ཁག་གིས“ཡོངས་སུ་བློ་དཀར་བའི”ཆེས་མཐོའི་ཆབ་སྲིད་ཀྱི་བླང་བྱར་དམིགས་ཏེ། གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་ཏང་གིས་དམག་དཔུང་ལ་མགོ་ཁྲིད་གཙང་བཙན་བྱ་རྒྱུ་རྒྱུན་འཁྱོངས་དང་། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་བྱ་རྒྱུ་མངོན་གསལ་དོད་པ། རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲས་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། དམག་དཔུང་གི་བླ་སྲོག་བརྟན་དུ་གཏོང་བ་དང་མིག་ལྟོས་ཀྱི་རྗེས་སུ་འབྲངས་པའི་ཐད་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པ་བྱེད་དགོས། “རྒྱལ་ཁ་ལེན་ཐུབ་པའི”ལྟེ་བའི་འགན་འཁྲིའི་བླང་བྱར་དམིགས་ཏེ། དངོས་འཐབ་ཕྱོགས་སྟོན་ལ་དམིགས་ནས་ལས་ཀའི་གཙོ་གནད་གཏན་འཁེལ་བྱེད་པ་དང་། རྒྱལ་སྲུང་སྐུལ་སློང་ལ་ཤུགས་སྣོན་རྒྱག་པ། གཞི་རིམ་འཛུགས་སྐྱོང་ལ་དམ་འཛིན་ནན་པོ་བྱེད་པ་བཅས་བྱས་ཏེ། དམག་སྦྱོང་དམག་གྲབས་དང་དམག་འཐབ་ལ་སྐུལ་སློང་བྱེད་པའི་ཐད་ཐོལ་བརྒལ་གསར་པ་ཡོང་བ་བྱེད་དགོས། “དམག་དམངས་མཐུན་སྒྲིལ”གྱི་ཐབས་མཆོག་བླང་བྱ་གལ་ཆེན་ལ་དམིགས་ཏེ། ཁུལ་ཁོངས་ནང་གི་གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ནུས་ལྡན་བྱེད་པ་དང་། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང“མཐོ་སྒང་རྙིང་པའི་སྙིང་སྟོབས”རྒྱུན་འཛིན་དང་དར་སྤེལ་ཤུགས་ཆེན་གཏོང་བ། ནུས་ཤུགས་ཡོད་རྒུས་རྒྱལ་སྲུང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བར་སྐུལ་འདེད་གཏོང་བ། དམག་དམངས་མཉམ་འདྲེས་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ། རྒྱལ་སྲུང་སྐུལ་སློང་དང་རྗེས་གྲབས་སྟོབས་ཤུགས་འཛུགས་སྐྲུན་དེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་འཇོག་པ་བཅས་བྱས་ཏེ། གཅིག་གྱུར་གྱིས་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས། མཉམ་འདྲེས་གཏིང་ཟབ་དང་གཉིས་བཀུར་མཉམ་སྐྲུན་ཐད་རྣམ་པ་གསར་བ་སྐྲུན་དགོས། “སྲ་བརྟན་གྱི་རྩ་འཛུགས”རྩ་བའི་འདེགས་སྐྱོར་བླང་བྱར་དམིགས་ཏེ། ཏང་ཨུ་ཚན་ཁག་རང་ངོས་འཛུགས་སྐྱོང་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། ཏང་གི་རྩ་འཛུགས་མ་ལག་བརྟན་དུ་གཏོང་བ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས། ཏང་གི་ཆབ་སྲིད་ལེགས་ཆ་དང་རྩ་འཛུགས་ཀྱི་ལེགས་ཆ་དེ་རྒྱལ་ཁ་ལེན་པའི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་བ་བྱས་ནས། རང་ངོས་ལ་ཤུགས་སྣོན་རྒྱག་པ་དང་སྤྱོད་ཚུལ་ནན་དུ་གཏོང་བའི་ཐད་རྣམ་པ་གསར་པ་མངོན་པར་བྱེད་དགོས།

7aeafac7cce3a2d999a3d9fc33a2206d.jpg

ཤ་བོ་སྐྱབས་ཀྱིས་བླང་བྱ་བཏོན་དོན། ཁུལ་ཡོངས་ཀྱི་རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་། ཏང་གིས་དྲག་ཆས་ལ་དོ་དམ་བྱེད་པའི་ལམ་ལུགས་ཁག་རྒྱུན་རྣམ་ཅན་དུ་དོན་འཁྱོལ་ཡག་པོ་བྱེད་པ། དམག་གྲོས་ཚོགས་འདུའི་ཐོག་གཏན་འཁེལ་བྱས་པའི་དོན་ཚན་དོན་འཁྱོལ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། དམག་བཀུར་ཁྱིམ་སྐྱོང་གི་ལས་དོན་ཁག་ལ་དམ་འཛིན་ཡག་པོ་བྱེད་པ། དཔོན་དམག་གི་སེམས་ཁྲལ་དང་རེ་སྒུག་ཐག་གཅོད་ཡག་པོ་བྱེད་པ། རྒྱལ་སྲུང་ལ་དོ་ཁུར་དང་དམག་དཔུང་ལ་དགའ་ཞེན། དམག་མིར་བརྩི་བཀུར་བཅས་བྱེད་པའི་སྤྱི་ཚོགས་ཀྱི་མཁའ་དབུགས་བཟང་པོ་ཧུར་ཐག་གིས་སྐྲུན་དགོས་ལ། རྒྱུན་མཐུད་གྱིས་དམག་སྲིད་དམག་དམངས་མཐུན་སྒྲིལ་འཆམ་མཐུན་གྱི་རྣམ་པ་བཟང་པོ་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། གཉིས་བཀུར་མཉམ་སྐྲུན་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་གྲུབ་འབྲས་གསར་པ་ཐོབ་དགོས།    

མཚོ་བྱང་ཡན་ལག་དམག་ཁུལ་ཏང་ཨུའི་ཧྲུའུ་ཅི་དང་ཆབ་སྲིད་ཨུ་ཡོན་ཝུའུ་གོ་ཧྥུའུ་ཡིས་མཚོ་བྱང་ཡན་ལག་དམག་ཁུལ་ཁང་ཏང་ཨུ་རྒྱུན་ལས་ཨུ་ལྷན་གྱི་ཚབ་བྱས་ནས་ལས་དོན་སྙན་ཞུ་ཕུལ་བ་དང་། མཚོ་བྱང་ཡན་ལག་དམག་ཁུལ་ཁང་ཏང་ཨུའི་རྒྱུན་ཨུ་དང་ཨུ་ཡོན་ཚོགས་འདུར་ཞུགས། ཚོགས་འདུའི་ཐོག2025ལོར་མཚོ་བྱང་ཡན་ལག་དམག་ཁུལ་ཁང་ལ་རིམ་ཁག་ནས་བརྡ་ཁྱབ་དང་གཟེངས་བསྟོད་ཐོབ་པའི་མི་སྣར་བྱ་དགའ་སྤྲོད་རྒྱུའི་བརྡ་ཁྱབ་བཏང་།

དེའི་རིང་ཤ་བོ་སྐྱབས་ཀྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་མཚོ་བྱང་ཡན་ལག་དམག་ཁུལ་གྱི་དཔོན་དམག་ཡོངས་དང་། ཞི་བའི་ལས་འགན་འཁུར་མཁན། ལས་བཟོ་པ་བཅས་ལ་འཚམས་འདྲི་གནང་བ་དང་། ཁུལ་གྱི་མགོ་ཁྲིད་ཀྲང་ཨའེ་ཧུང་དང་སི་ཅི་ཧྲེང་། ཚའོ་ཅི་ཆང་བཅས་ཀྱིས་ཕེབས་རོགས་བྱས།


མཉམ་སྤྱོད།