དེ་རིང་ནི2026ལོའི་ཟླ01པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་དགོན་སྡེ་དང་ཆོས་ལུགས་ལས་རིགས་སུ་ཕྱིན་ནས་དཔྱིད་གསར་དུས་ཆེན་དང་བོད་ལོའི་ལོ་སར་གྱི་འཚམས་འདྲིའི་བྱེད་སྒོ་གཏིང་ཟབ་སྤེལ་བ།

2026-01-21 08:38:27   |   197

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


དཔྱིད་གསར་དུས་ཆེན་དང་བོད་ལོའི་ལོ་སར་སླེབས་ལ་ཉེ་བའི་སྐབས་ཏེ། ཟླ1པོའི་ཚེས19ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་རྐང་ཚ་རྫོང་གི་རྐང་ཚ་དགོན་ཆེན་དགའ་ལྡན་ཆོས་འཕེལ་གླིང་དང་མདའ་བཞི་རྫོང་མ་ཕྱག་དགོན་དགའ་ལྡན་དར་རྒྱས་གླིང་དུ་ཕེབས་ནས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དགོན་སྡེར་བཅའ་སྡོད་བྱས་བའི་ལས་བྱེད་པ། དགོན་པའི་དགེ་འདུན་པ་བཅས་ལ་འཚམས་འདྲི་གནང་སྟེ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་ཟབ་མོ་དང་དུས་ཆེན་གྱི་སྨོན་འདུན་བརྒྱུད་སྤྲོད་བྱས།

8ad6d3ad31b06b5cf836ed5e0a2fbe65.jpg

ཤ་བོ་སྐྱབས་ཚོགས་ཆེན་འདུ་ཁང་དང་གྲྭ་ཤག་ཏུ་ཕྱིན་ནས་དགོན་བཞུགས་བླ་མ་དང་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཁོངས་མི། དེ་བཞིན་དགོན་སྡོད་ལས་བྱེད་པར་བརྗེ་རེས་གཏིང་ཟབ་བྱས་ཏེ་གྲྭ་བའི་བསླབ་པ་ཉམས་ལེན། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། དེ་བཞིན་བདེ་འཇགས་སྔོན་འགོག་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་སྟེ་དགོན་པ་དང་ཆོས་ལུགས་མི་སྣས་མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་འཚམ་མཐུན།  སྤྱི་ཚོགས་འཆམ་མཐུན་སོགས་ཀྱི་ཐད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་བར་ཁས་ལེན་གང་ལེགས་གནང་ནས་བསྟན་དོན། ཁུལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་སྤྱི་ཚོགས་ཀྱི་ཁྱོན་ཡོངས་རྒྱུན་མཐུད་ངང་ཞི་མཐུན་བརྟན་ལྷིང་ཡོང་བ་དེ་མི་རིགས་སོ་སོ་དང་ལས་རིགས་སོ་སོས་སྒྲིག་ཁྲིམས་བརྩི་སྲུང་བྱས་པ་དང་ཁ་འབྲལ་ཐབས་མེད་པར་མ་ཟད། རྒྱ་ཆེའི་དགེ་འདུན་པ་རྣམས་ཀྱིས་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་པའི་བཀའ་དྲིན་ཡང་ཡིན། ཆོས་ལུགས་ལས་རིགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་དྲིན་ཚོར་བ་དང་ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པ་དང་། སེམས་ཤུགས་གཅིག་སྒྲིལ་དང་ལག་གདང་མཉམ་སྦྲེལ་གྱིས་མདུན་སྐྱོད་བྱས་ཏེ་འཆམ་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་ཐུན་མོང་ཐོག་སྲུང་སྐྱོང་བྱས་ནས“ལྔ་བཅོ་ལྔའི”འཆར་གཞི་མགོ་ཡག་པོ་ཚུགས་ཐུབ་པ་དང་དེང་རབས་ཅན་གྱི་མཚོ་བྱང་འཛུགས་སྐྲུན་བྱ་ཆེད་ཇུས་གཞི་དང་ནུས་ཤུགས་འདོན་རྒྱུའི་རེ་བ་ཡོད་ཟེར།

ab128356fc1b08ae84bfb969846285b6.jpg

ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། གཅིག་ནས་དགོན་པའི་ཚད་ལྡན་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་དགོན་སྡོད་ལས་བྱེད་པས་ནུས་པ་གང་ལེགས་འདོན་སྤེལ་བྱས་ནས་ལས་གནས་བརྟན་སྲུང་དང་ལས་འགན་སྒྲུབ་པ། དགོན་པའི་ཞབས་ཞུའི་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། འགལ་རྐྱེན་དང་རྩོད་གཞི་ཞིབ་བཤེར་དག་སེལ་བྱེད་པ། དགེ་འདུན་པའི་ལུགས་མཐུན་རེ་འདུན་ལ་དུས་ཐོག་ཏུ་ལན་འདེབས་པ། མེ་ཟོན་བདེ་འཇགས་དང་བདེ་འཇགས་སྔོན་འགོག་སོགས་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ཏེ་དགོན་པའི་འཆམ་མཐུན་བརྟན་ལྷིང་ལ་འགན་ལེན་བྱེད་དགོས། གཉིས་ནས་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་མཚོ་བྱང་ལག་ལེན་མ་ལག་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་དགོས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་སྣེ་ཁྲིད་བྱས་ཏེ་དམ་ཆོས་བསླབ་པ་ཉམས་ལེན་དང་བསྟན་དོན་འདུལ་ཁྲིམས་རྟོག་དཔྱོད་དེ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་གཅིག་མཐུན་ཡོང་བར་བྱེད་པ་དང་། མཚོ་མཆོད་དང་ཐང་ག་སོགས་ཁྱད་ལྡན་གཟུགས་འདས་ཤུལ་བཞག་རིག་གནས་སྔོག་འདོན་དང་རྒྱུན་འཛིན་ལེགས་པོ་བྱས་ཏེ་རིག་གནས་ཡུལ་སྐོར་སྡེ་ཁག་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་གཟུགས་འདས་ཤུལ་བཞག་རིག་གནས་འགྲེམས་སྟོན་དང་རིག་གནས་བརྗེ་རེས་གཞི་རྟེན་དུ་བཟུང་ནས་ས་ཁོངས་ཀྱི་ཕུལ་བྱུང་རིག་གནས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པར་སྐུལ་སྤེལ་གཏོང་བའི་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་པར་སྐུལ་འདེད་གཏོང་བ་དང་ཀྲུང་ཧྭའི་རིག་གནས་ལ་ངོས་འཛིན་གཅིག་མཐུན་བྱེད་ཤུགས་ཆེ་རུ་གཏོང་དགོས། གསུམ་ནས“ཚད་གཞི་བཞི”དོན་འཁྱོལ་ནན་མོ་བྱས་ཏེ་དགེ་འདུན་འཇོན་མི་གསོ་སྐྱོང་གཏིང་ཟབ་བྱས་ཏེ་བརྒྱུད་རིམ་ལྡན་པའི་གསོ་སྦྱོང་བརྒྱུད་དགེ་འདུན་གྱི་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་དང་དམ་ཆོས་ཀྱི་ཐོས་བསམ་ཟབ་པ། ཀུན་སྤྱོད་ཀྱི་བློ་སྦྱོང་མཐོ་བ། རང་འགུལ་འགན་འཁྲི་འཁུར་ལ་བྱང་ཚད་མཐོ་བའི་ཤེས་ཡོན་གཉིས་ལྡན་གྱི་དགེ་འདུན་པའི་དཔུང་ཁག་གཏོད་དགོས། བཞི་ནས་ཆོས་ལུགས་ལས་རིགས་ཀྱི“བསྲིས་བཀུར་སྤྲོས་སྤོང་། དད་སྦྱོར་ཡང་དག”གི་སློབ་གསོའི་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་ཏེ་ཕྱོགས་ཡོངས་ནས་ཆོས་ལུགས་ནན་སྐྱོང་དང་ཆོས་སྲོལ་ཡོ་བསྲང་། ཟང་ཟིང་བཅོས་སྐྱོང་བཅས་བྱས་ནས་མཚོ་བྱང་ཁུལ་གྱི་ཆོས་ལུགས་ལས་རིགས་ཀྱི་སྣང་བརྙན་བཟང་པོ་བཞེངས་དགོས་པ་དང་། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཕན་ཚུན་འཚམ་པར་ཁྲིད་སྟོན་བྱེད་དགོས། ལྔ་ནས་དགོན་པའི་དམངས་གཙོའི་དོ་དམ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། དམངས་གཙོའི་གྲོས་མོལ་དང་ཐུན་མོང་ཐབས་འདོན་རྒྱུན་འཁྱོངས་བྱེད་པ། དགོན་པའི་དོན་དག་གལ་ཆེན་སྙན་ཞུ་ཕུལ་ནས་ཞིབ་མཆན་འགོད་རྒྱུ་ཚད་ལྡན་དུ་བཏང་སྟེ་ལམ་ལུགས་ཅན་དང་ཚད་ལྡན་ཅན། ཁྲིམས་སྐྱོང་ཅན་བཅས་ཀྱི་དོ་དམ་ལ་བརྟེན་ནས་དགོན་པའི་འཛུགས་སྐྲུན་དང་དོ་དམ་ཆུ་ཚད་མཐོར་འདེགས་སུ་གཏོང་བ། དགེ་འདུན་པར་སྡོང་འཛུགས་ནགས་སྐྲུན་དང་ཆོས་ལུགས་ཀྱི་ཁུར་པོ་ཡང་དུ་གཏོང་བ། སྤྱི་ཕན་བྱ་གཞག་ནང་ཞུགས་པར་ཁྲིད་སྟོན་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཡུན་རིང་བརྟན་བརླིང་ཡོང་བར་ཆོས་ལུགས་ལས་རིགས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་དབུལ་དགོས་ཟེར།

ཁུལ་གྱི་མགོ་ཁྲིད་སི་ཅི་ཧྲེང་དང་སངས་རྒྱས། ཚོ་ཅི་ཆང་། དེ་བཞིན་རྐང་ཚ་རྫོང་དང་མདའ་བཞི་རྫོང་ཏང་ཨུའི་འགན་འཁུར་བློ་མཐུན་གཙོ་བོས་ཕེབས་རོགས་བྱས།


མཉམ་སྤྱོད།