དེ་རིང་ནི2024ལོའི་ཟླ09པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-03-08 11:18:26   |   196

རྩོམ་སྒྲིག དམ་ཆོས་བསམ་འགྲུབ།  ལོ་ཙཱ། ཁོན་ཐར་ཚེ་རིང་།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།                           


གསར་འགྱུར་གལ་ཆེན།

微信图片_20230308104611.jpg

  • རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོས་ཚེས7ཉིན་པེ་ཅིང་གི་མི་དམངས་ཚོགས་ཁང་ཆེན་མོ་རུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ཤིང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ཁང་གི་བྱ་བའི་སྙན་ཞུ་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་བཅས་ལ་ཉན་ནས་གྲོས་ཞིབ་བྱས་པ་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་སྒྱུར་བཅོས་ཀྱི་འཆར་གཞི་ཐད་ཀྱི་གསལ་བཤད་ལ་ཉན།

  • ཚེས7ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས།

  • སྡོད་ཁང་འཛུགས་སྐྲུན་པུས་བསྟན་དོན། འགན་སྲུང་རང་བཞིན་གྱི་གླ་གཏོང་སྡོད་ཁང་གི་མཁོ་འདོན་དང་ཡུན་རིང་གླ་ཁང་གི་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ན་གཞོན་དང་གསར་བསྣན་གྲོང་མིའི་སྡོད་ཁང་གནད་དོན་གཙོ་བོ་བྱས་ནས་ཐག་གཅོད་དགོས།

  • ཚེས7ཉིན། ཕྱི་འབྲེལ་པུའི་པུ་ཀྲང་ཁྲེང་ཆིན་ཀང་གིས་ཀྲུང་གོའི་ཕྱི་འབྲེལ་སྲིད་ཇུས་དང་ཕྱི་འབྲེལ་འབྲེལ་བའི་སྐོར་ནས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་ལན་བཏབ།

  • རྒྱལ་ཁབ་ལྕགས་ལམ་ལྷན་ཚོགས་ཀྱི་གནས་ཚུལ་ལྟར་ན། “ལོ་ལྔ་བཅུ་བཞིའི”མཇུག་ཏུ་རང་རྒྱལ་གྱི་མྱུར་བགྲོད་ལྕགས་ལམ་གྱི་ལམ་ཐག་སྤྱི་ལེ་ཁྲི5ཡས་མས་སུ་ཐོན་ཐུབ།

སྤྱི་ཚོགས།

  • ཚེས10ཉིན་ནས་ཚེས12བར། འཁྱག་རླུང་གི་ཤུགས་རྐྱེན་གྱི་དབང་གིས་སི་ཁྲོན་གཞོང་ས་དང་ཧོང་ཧུའེ། ཅང་ཧན། ཅང་ཧུའེ། ཅང་ནན་སོགས་ཀྱི་ས་ཁུལ་མང་ཆེ་བའི་དྲོད་ཚད6~10℃མར་ཆག་རྒྱུ་རེད།

  • རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་བསྟན་དོན། རིམ་པ་སོ་སོའི་སྨན་བཅོས་འགན་སྲུང་སྡེ་ཁག་གིས་འགན་སྲུང་ནང་ཞུགས་པའི་ནད་པ་སྨན་ཁང་དུ་བསྡད་པར་ཉིན་གྲངས་ཀྱི་ཚད་བཀག་མེད་པར་བྱེད་རྒྱུ།

  • ཧུའུ་ནན་ཞིང་ལས་ཞིང་སྡེ་ཐིན་གྱི་གནས་ཚུལ་ལྟར་ན། མིག་སྔར། ཏུང་ཐིན་མཚོ་ནང་དུ་རྟོག་ཞིབ་ཚད་ལེན་བྱས་པའི་ཆུ་སྐྱེས་སྐྱེ་དངོས་2018ལོ་ལས་རིགས30ཡིས་ཇེ་མང་དུ་སོང་།

  • ནན་ཅིན་དམར་གསོད་ཆེན་མོའི་ཤུལ་ལུས་པ་ཝང་ཁྲང་ཧྥ་ཚེས3ཉིན་ཚེ་ལས་འདས། ལོ100ཡིན།

    微信图片_20230308104615.jpg

  • གནའ་དཔྱོད་རིག་པས་ཧྲན་ཞི་ཡུན་ཁྲེང་ཚྭ་མཚོ་ཉེ་འགྲམ་དུ་ཡང་ཧྲའོ་རིག་གནས་དུས་མཇུག་གི་རྗེས་ཤུལ་གལ་ཆེན་རྙེད་པ་དང་། ཅིན་ནན་ས་ཁུལ་གྱི་ཡང་ཧྲའོ་རིག་གནས་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག  འཇིག་པ་བཅས་ལ་དངོས་པོའི་རྒྱུ་ཆ་མཁོ་འདོན་བྱས།

  • 微信图片_20230308104619.jpg

  • ཅི་ལིན་ཁྲང་ཁྲུན་ནས་སྡེ་དམངས་ཞིག་དར་ཆུའི་ནང་ལྷུང་བ་དང་། ལམ་འགྲོ་བ་དྲག་ཆས་ཉེན་རྟོག་འཐབ་མོ་བ་ལི་སི་ཡུས་དང་ཧྲའོ་ཡུན་ལེང་། ཝང་ཡན་ཀྲང་མྱུར་དུ་རོགས་སྐྱོབ་བྱས་ནས། མཉམ་དུ་དར་ཆུའི་ནང་ལྷུང་བའི་སྡེ་དམངས་དེ་བསྐྱབ།

སྲིད་ཇུས།

  • ཨན་ཧུའེ་ཡིས་འཆར་གཞི་བཏོན་ནས། 2023ལོ་ནས་བཟུང་། ཁེ་ལས་ཀྱིས་ཚོང་རར་ཞུགས་པ་དང་མ་དངུལ་མཉམ་འདྲེས་བྱེད་པ། སྔོན་ཐོན་སྤུས་ལེགས་འདེམ་པ་སོགས་ཀྱི་བྱ་བའི་ཁྲོད། “ཡིད་རྟོན་ཨན་ཧུའེ”ཡི་དྲ་བ་བརྒྱུད་ནས་རིན་མེད་ངང་སྤྱི་བའི་ཡིད་རྟོན་ཆ་འཕྲིན་གྱི་སྙན་ཞུ་རེ་ཞུ་བྱས་ཆོག

  • ཧུའུ་པེ་ཡིས་བྱེད་ཐབས་བཏོན་ནས། “སོལ་རླངས་ཀྱིས་རྡོ་སོལ་གྱི་ཚབ་བྱེད་པ”དང་“གློག་གིས་རྡོ་སོལ་གྱི་ཚབ་བྱས”ཏེ་དྲོད་རླངས་འདོན་པར་འཁོར་སྐྱོད་ཁ་གསབ་སྟེར་བ་དང་། ཞིང་སྡེའི་ནུས་ཁུངས་ཀྱི་ཐཱན་ཉུང་དུ་བསྒྱུར་བར་མུ་མཐུད་དུ་སྐུལ་འདེད་གཏོང་རྒྱུ།

  • ཧུའུ་ནན་ཁྲང་ཧྲ་ཡིས་སྡོད་ཁང་ཉོ་འཚོང་ཚད་བཀག་གི་སྲིད་ཇུས་ལ་སྙོམ་སྒྲིག་བྱས་ནས། སྔོན་གྱི“བརྟན་ནོར་དབང་ཆའི་དཔང་འཛིན་ལོ4འགོར་ན་ད་གཟོད་ཚོང་རར་ཞུགས་ནས་ཉོ་ཚོང་བྱས་ཆོག་པ”ནས“དྲ་ཐོག་ཐོ་འགོད་བྱས་ནས་ལོ4འགོར་ན་ཉོ་ཚོང་བྱས་ཆོག་པར”སྒྱུར།

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས། ཞིན་ཅང་གི་བྱང་རྒྱུད་དང་ཧའེ་ལུང་ཅང་གི་བྱང་རྒྱུད། ནང་སོག་གི་བྱང་ཤར་རྒྱུད། མཚོ་སྔོན་གྱི་ལྷོ་རྒྱུད་སོགས་ཀྱི་ས་ཆ་ཁ་ཤས་ལ་ཁངས་ཆུང་ཆུང་ནས་ཁངས་འབྲིང་ཙམ་དང་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། ས་ཆ་ལ་ལར་ཁངས་ཆེན་འབབ་རྒྱུ་རེད། སི་ཁྲོན་གཞོང་སའི་ནུབ་རྒྱུད་དང་ལྷོ་རྒྱུད། ཀོས་ཀྲིག  ཧུའུ་ནན་གྱི་ས་ཆ་མང་ཆེ་བ། ཧུའུ་པེ་ཡི་ལྷོ་རྒྱུད། ཅང་ཞིའི་བྱང་རྒྱུད། ཨན་ཧུའེ་ལྷོ་རྒྱུད། ཀྲེ་ཅང་གི་དབུས་ནུབ་རྒྱུད་སོགས་ཀྱི་ས་ཆ་ཁ་ཤས་ལ་ཆར་ཆུང་ཆུང་ནས་འབྲིང་ཙམ་འབབ་རྒྱུ་རེད།

微信图片_20230308104623.jpg

  • ཕྱིར་སྐྱོད། ཚེས11ཉིན་ནས་བཟུང་། ཀོང་ཧྲིན་ཀང་མྱུར་བགྲོད་ལྕགས་ལམ་གྱི་ཀོང་ཏུང་ཀྲའོ་ཆིང་དང་ཁྲའོ་ཀྲིག ཧྲན་ཐིག་སོགས་ཀྱི་ས་ཁུལ་ནས་ཞང་ཀང་ཞི་ཅིའུ་ལུང་ས་ཚིགས་བར་གྱི་མངའ་ཁོངས་བརྒལ་བའི་མེ་འཁོར་གཏོང་བ་ཁ་སྣོན་བྱེད་རྒྱུ་རེད།

  • པེ་ཅིང་། མཐོ་རྒྱུགས་ཀྱི་ཐེངས་དང་པོའི་དབྱིན་ཡིག་གི་ཉན་བཤད་འཕྲུལ་རྒྱུགས་ཀྱི་སྐར་འབྲས་ཚེས21ཉིན་འདྲི་རྟོག་བྱས་ཆོག


མཉམ་སྤྱོད།