དེ་རིང་ནི2024ལོའི་ཟླ09པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞི་ཅིན་ཕིང་གིས་སྲིད་གྲོས་ཀྱི་གྲོས་ཚོགས་ལ་ཞུགས་པའི་དམངས་གཙོ་རྒྱལ་འཛུགས་དང་བཟོ་ཚོང་མཉམ་འབྲེལ་ལས་རིགས་ཀྱི་ཨུ་ཡོན་ལ་ཁམས་འདྲི་མཛད།

2023-03-07 10:36:29   |   133

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


1.jpg

     ཟླ3པའི་ཚེས6ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་དམངས་གཙོ་རྒྱལ་འཛུགས་དང་བཟོ་ཚོང་མཉམ་འབྲེལ་ལས་རིགས་ཀྱི་ཨུ་ཡོན་ལ་ཁམས་འདྲི་མཛད་པར་མ་ཟད། མཉམ་འབྲེལ་ཚན་ཆུང་གི་གྲོས་ཚོགས་ལ་ཞུགས་ནས། བསམ་འཆར་དང་གྲོས་གཞི་ལ་གསན།

    ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་དྲུག་ཉིན་གྱི་ཕྱི་དྲོར་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་དམངས་གཙོ་རྒྱལ་འཛུགས་དང་བཟོ་ཚོང་མཉམ་འབྲེལ་ལས་རིགས་ཀྱི་ཨུ་ཡོན་ལ་ཁམས་འདྲི་མཛད་པར་མ་ཟད། མཉམ་འབྲེལ་ཚན་ཆུང་གི་གྲོས་ཚོགས་ལ་ཞུགས་ནས། བསམ་འཆར་དང་གྲོས་གཞི་ལ་གསན། ཁོང་གིས་ཏང་ཀྲུང་དབྱང་གིས་དུས་རྟག་ཏུ་གཡོ་འགུལ་མེད་པ་གཉིས་དང་འགྱུར་བ་མེད་པ་གསུམ་རྒྱུན་འཁྱོངས་བྱེད་བཞིན་ཡོད་ལ། དུས་རྟག་ཏུ་དམངས་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་པ་རང་གི་མི་རུ་བརྩི་བཞིན་ཡོད། དམངས་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་པས་ཏང་ཀྲུང་དབྱང་གི་བྱེད་ཕྱོགས་སྲིད་ཇུས་ལ་རྒྱུས་ལོན་ཡང་དག་བྱེད་པ་དང་། ཡིད་ཆེས་ཆེ་རུ་བསྐྱེད་པ་དང་། ཁུར་པོ་ཡང་མོས་བྱ་བ་གཉེར་བ། སྤོབས་པ་ཆེན་པོས་འཕེལ་རྒྱས་སུ་གཏོང་བ་བཅས་བྱས་ནས། དམངས་གཉེར་ཁེ་ལས་བདེ་ཐང་ངང་གོང་དུ་འཕེལ་བ་དང་སྤུས་ཚད་མཐོན་པོས་གོང་དུ་འཕེལ་བ་མངོན་འགྱུར་བྱེད་པར་ཁྲིད་སྟོན་བྱེད་དགོས་ཞེས་ནན་གྱིས་བསྟན།

    གསུམ་བརྒྱད་རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་ཐོན་ལ་ཉེ་བའི་སྐབས་སུ། ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་མཛད་དེ། རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ལ་ཞུགས་པའི་བུད་མེད་འཐུས་མི་དང་བུད་མེད་ཨུ་ཡོན། བུད་མེད་ཀྱི་ལས་དོན་སྒྲུབ་མཁན། རྒྱལ་ཡོངས་མི་རིགས་ཁག་དང་ལས་རིགས་ཁག་གི་བུད་མེད། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དང་ཨོ་མིན་དམིགས་བསལ་སྲིད་འཛིན་ཁུལ། ཐའེ་ཝན་ས་ཁུལ་བཅས་ཀྱི་བུད་མེད་སྤུན་ཟླ། ཕྱིར་སྡོད་བུད་མེད་སྤུན་ཟླ་བཅས་ལ་དུས་ཆེན་གྱི་རྟེན་འབྲེལ་དང་བཀྲ་ཤིས་སྨོན་འདུན་ཞུས།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཀྱི་འགོ་འཛིན་པ་ཝང་ཧུའུ་ཉིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ཚའེ་ཆི་དང་ཏེན་ཞུའེ་ཞང་བཅས་ཁམས་འདྲི་དང་གྲོས་སྡུར་ལ་ཞུགས།

2.jpg

      ཟླ3པའི་ཚེས6ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་དམངས་གཙོ་རྒྱལ་འཛུགས་དང་བཟོ་ཚོང་མཉམ་འབྲེལ་ལས་རིགས་ཀྱི་ཨུ་ཡོན་ལ་ཁམས་འདྲི་མཛད་པར་མ་ཟད། མཉམ་འབྲེལ་ཚན་ཆུང་གི་གྲོས་ཚོགས་ལ་ཞུགས་ནས། བསམ་འཆར་དང་གྲོས་གཞི་ལ་གསན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཀྱི་འགོ་འཛིན་པ་ཝང་ཧུའུ་ཉིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ཚའེ་ཆི་དང་ཏེན་ཞུའེ་ཞང་བཅས་ཁམས་འདྲི་དང་གྲོས་སྡུར་ལ་ཞུགས།

     མཉམ་འབྲེལ་ཚན་ཆུང་གི་གྲོས་ཚོགས་སྟེང་། ཙིན་ཡུས་ཆུན་དང་ཞེ་ཏུང་། ལིའུ་ཀྲིན་ཏུང་། ཁྲིན་ཞའོ་ཕིང་། ཞེ་རུའུ། སུན་ཏུང་ཧྲིན་བཅས་ཨུ་ཡོན་དྲུག་གིས་འཛམ་གླིང་ཡོངས་ཀྱི་ནུས་ཁུངས་གསར་པའི་ཐོན་ལས་ཀྱི་བཙན་ས་འཛིན་པ་དང་། དངུལ་རྩས་ཚན་རྩལ་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པ། ཁེ་ལས་འབྲིང་ཆུང་གི་འཕེལ་རྒྱས་ལ་མཐུན་རྐྱེན་སྔར་ལས་བཟང་བོ་བསྐྲུན་པ། ལས་སྟེགས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པ། གྲོང་གསེབ་ཐོན་ལས་དར་སྤེལ་ལ་སྐུལ་འདེད་གཏོང་བ། དམངས་གཉེར་དཔལ་འབྱོར་གྱི་ཁྱད་སྟོབས་དང་གསོན་ཤུགས་སྔར་ལས་ལེགས་པར་འདོན་པ་སོགས་ཀྱི་སྐོར་ནས་གཏམ་བཤད།

     ཞི་ཅིན་ཕིང་གིས་ཚང་མའི་གཏམ་བཤད་པར་གསན་རྗེས་གསུང་བཤད་གལ་ཆེན་གནང་། ཁོང་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་དམངས་གཙོ་རྒྱལ་འཛུགས་དང་བཟོ་ཚོང་ལས་རིགས་ཀྱི་ཨུ་ཡོན་ལ་ཁམས་འདྲིར་ཡོང་ནས། ཚང་མ་དང་མཉམ་དུ་གྲོས་སྡུར་བརྗེ་རེས་བྱེད་ཐུབ་པར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་ཅེས་བསྟན། ཁོང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་མཛད་དེ། དེར་ཡོད་ཨུ་ཡོན་རྣམ་པ་དང་། དེར་མ་ཟད་རྒྱ་ཆེའི་དམངས་གཙོ་རྒྱལ་འཛུགས་དང་བཟོ་ཚོང་མཉམ་འབྲེལ་གྱི་ཁོངས་མི། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་བཅས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་མཛད།

     ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། 2022ལོ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་སྟེང་ཧ་ཅང་གལ་ཆེ་ཞིང་ཧ་ཅང་གནད་འགག་གི་ལོ་ཞིག་རེད། རྒྱལ་སྤྱིའི་ཁོར་ཡུག་ལ་འགྱུར་ལྡོག་ཆེ་ཞིང་རྒྱལ་ནང་དུ་སྔོན་དཔག་རྒྱུ་རྐྱེན་གྱི་བརྡབ་གསིག་གང་མང་ཐེབས་པའི་གནས་ཚུལ་འོག མི་དམངས་ཡོངས་ཀྱིས་མཐུན་སྒྲིལ་འབད་འཐབ་དང་ཞུམ་མེད་དྲག་འཐབ་བྱས་པ་བརྒྱུད་དེ། ང་ཚོས་གལ་འགངས་ཆེ་ཞིང་ཡུན་རིང་ཤན་ཤུགས་ཆེ་བའི་དོན་ཆེན་འགའ་ཡོངས་འགྲུབ་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཐད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་རྒྱལ་ཁའི་ངང་བསྡུས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རླབས་ཆེན་འཆར་གཞི་བཀོད་ཡོད། ང་ཚོས་པྲོག་གསར་རིམས་ནད་སོགས་ཀྱི་དཀའ་ངལ་དང་འགྲན་སློང་སེལ་ནས། དུས་ལྟར་དང་བདེ་འཇགས། བདེ་བླག་བཅས་ཀྱི་སྒོ་ནས་པེ་ཅིང་དགུན་ཁའི་ཨོ་རྩལ་འགྲན་ཚོགས་དང་དགུན་ཁའི་དབང་བོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་བསྡུས་ཡོད། ང་ཚོས་འགོག་སྡོམ་སྲིད་ཇུས་དང་བྱེད་ཐབས་ལ་འགུལ་རྣམ་ལེགས་སྒྲིག་ལེགས་སྒྱུར་བྱས་ཏེ། དུས་ཡུན་ཅུང་ཐུང་ངུའི་ནང་དུ་རིམས་ནད་འགོག་སྡོམ་གྱི་བརྟན་བརླིང་སྒྱུར་སྤོར་དུས་རིམ་མངོན་འགྱུར་བྱས་པ་དང་། པྲོག་གསར་རིམས་ནད་ལས་མི་རྐྱེན་ལམ་དུ་ཤོར་ཚད་འཛམ་གླིང་གི་ཆེས་དམའ་བའི་ཆུ་ཚད་དུ་སྲུང་འཛིན་བྱས་ཏེ། རིམས་ནད་འགོག་སྡོམ་གྱི་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་ཆེན་པོ་བླངས་ཡོད། ང་ཚོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་ལ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཤིང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གིས་བསྐྲུན་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། འཛམ་གླིང་ཡོངས་སུ་དངུལ་ལོར་འགྲེམ་ཐལ་ཤོར་ཚད་ལོ་བཞི་བཅུའི་རིང་གི་ཆེས་མཐོ་བའི་ཚད་དུ་སླེབས་པའི་གནས་ཚུལ་འོག་ཏུ། རང་རྒྱལ་གྱི་དངོས་གོང་སྤྱིའི་ཆུ་ཚད་བརྟན་བརླིང་དུ་བཏང་བ་དང་། ལོ་ཧྲིལ་བོར་དཔལ་འབྱོར་འཕར་ཚད་བརྒྱ་ཆའི་གསུམ་ཡིན་པ་འདི་ནི་འཛམ་གླིང་གི་དཔལ་འབྱོར་གཙོ་གཞི་གཙོ་བོའི་ཁྲོད་དུ་ཧ་ཅང་མཐོ། གྲུབ་འབྲས་འདི་དག་བླངས་པ་ནི་ལས་སླ་མོ་ཞིག་གཏན་ནས་མིན།

     ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཚུན་གྱི་ལོ་ལྔ་ནི། ཧ་ཅང་རྒྱུན་ལྡན་མིན་ལ་ཧ་ཅང་སྤྱིར་བཏང་མིན་པའི་ལོ་ལྔ་རེད། རང་རྒྱལ་འཕེལ་རྒྱས་ཀྱི་ཕྱིའི་ཁོར་ཡུག་གི་འགྱུར་ལྡོག་ཇེ་ཆེར་སོང་བ་དང་། ངེས་གཏན་མིན་ཞིང་སྔོན་དཔག་བྱེད་དཀའ་བའི་རྒྱུ་རྐྱེན་མངོན་གསལ་གྱིས་ཇེ་མང་དུ་སོང་ཞིང་། ལྷག་པར་དུ་ཨ་མེ་རི་ཁ་གཙོ་བྱས་པའི་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་རང་རྒྱལ་ལ་ཕྱོགས་ཡོངས་ཀྱི་བཀག་སྡོམ་དང་སྐོར་སྐྱིལ། བཙན་གནོན་བཅས་བྱས་ཏེ། རང་རྒྱལ་གྱི་འཕེལ་རྒྱས་ཐད་སྔར་མེད་ཀྱི་འགྲན་ཆེན་པོ་བསླངས། དེ་དང་མཉམ་དུ་རྒྱལ་ནང་དུ་ཡང་པྲོག་གསར་རིམས་ནད་ཡང་དང་བསྐྱར་དུ་འཕར་བ་དང་། དཔལ་འབྱོར་ཉམས་རྒུད་ཀྱི་གནོན་ཤུགས་ཇེ་ཆེར་སོང་བ་སོགས་ཀྱི་དཀའ་ངལ་མང་པོ་བྱུང་། ང་ཚོས་བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་ཀྱིས་དཀའ་ངལ་གདོང་གིས་བསུས་ཤིང་བབ་བརླིང་སྒོས་ཁ་གཏད་འཇལ་ལ། ལོག་བཤད་ལ་མི་རྟོན་པ་དང་བཙན་གནོན་ལ་མི་སྐྲག་པ། དཀའ་ངལ་ལ་མི་གཡོལ་བ་བཅས་བྱས་པས། རྒྱལ་ནང་ཐོན་སྐྱེད་སྤྱིའི་ཐོན་རིན་ལོ་རེར་ཆ་སྙོམས་བརྒྱ་ཆའི་ལྔ་དང་གྲངས་ཆུང་གཉིས་འཕར་ཞིང་། དུས་ལྟར་དབུལ་ཐར་མཁྲེགས་གཏོར་འཐབ་འཛིང་ལས་རྣམ་པར་རྒྱལ་བ་དང་། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་ཏེ། བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་ནས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བའི་ཐད་འཛམ་གླིང་ཀུན་གྱིས་ཡིད་སྨོན་བྱེད་པའི་གྲུབ་འབྲས་ཆེན་པོ་བླངས་པ་དང་། རང་རྒྱལ་འདི་ཉིད་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་པར་ཞུགས། ལོ་ལྔའི་རིང་གི་གྲུབ་འབྲས་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པའི་མཇུག་འབྲས་ཡིན་ལ། དེའི་ཁྲོད་དུ་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱི་བྱས་རྗེས་འདུས་ཡོད།

     ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རྒྱལ་སྤྱི་དང་རྒྱལ་ནང་གི་ཁོར་ཡུག་ལ་རྙོག་འཛིང་གི་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་པས། ངེས་པར་དུ་བབ་བརླིང་ཞི་ལྷོད་དང་ངེས་ཤུགས་སྲུང་འཛིན། བརྟན་ཐོག་ཡར་འཕེལ་དང་ཧུར་བརྩོན་ལྷོད་མེད། མཐུན་སྒྲིལ་གཅིག་གྱུར་དང་ཞུམ་མེད་འཐབ་རྩོད་བཅས་བྱེད་དགོས། བབ་བརླིང་ཞི་ལྷོད་དང་ངེས་ཤུགས་སྲུང་འཛིན་བྱེད་དགོས་ན། རྒྱལ་སྤྱིའི་གནས་བབ་ཀྱི་འགྱུར་ལྡོག་ཆེན་པོར་ལྷུན་ཆགས་ཀྱིས་ལྟ་ཞིབ་བྱས་ཏེ། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་བབ་བརླིང་སྒོས་ཁ་གཏད་འཇལ་དགོས། འགྱུར་ལྡོག་ཡང་དག་པར་ཤེས་པ་དང་། འགྱུར་ལྡོག་ལ་ཚན་རིག་དང་མཐུན་པར་ཁ་གཏད་འཇལ་བ། འགྱུར་ལྡོག་རང་འགུལ་གྱིས་བརྩོན་ལེན་བྱེད་པ་བཅས་བྱས་ཏེ་འཐབ་ཇུས་དང་ཇུས་གཞི་དུས་ལྟར་ལེགས་སྒྲིག་ལེགས་སྒྱུར་བྱེད་དགོས་པར་མ་ཟད། འཐབ་ཇུས་ཀྱི་ངེས་ཤུགས་སྲུང་འཛིན་བྱས་ཏེ་དམིགས་ཡུལ་ལ་ནམ་ཡང་ལྷོད་པ་མེད་པ་དང་། ཉེན་ཁ་སྣ་ཚོགས་ལ་སྐྲག་སྣང་མེད་པར་གཏན་ཁེལ་བྱས་པའི་འཐབ་ཇུས་ཀྱི་དམིགས་འབེན་ཕྱོགས་སུ་བློ་བརྟན་འགྱུར་མེད་སྒོས་མདུན་སྐྱོད་བྱེད་དགོས། བརྟན་ཐོག་ཡར་འཕེལ་དང་ཧུར་བརྩོན་ལྷོད་མེད་བྱེད་དགོས་ན། ཁ་ཕྱོགས་ཆེན་པོ་བརྟན་དགོས་པ་དང་། བྱེད་ཕྱོགས་སྲིད་ཇུས་བརྟན་དགོས་ལ། འཐབ་ཇུས་བཀོད་སྒྲིག་བརྟན་དགོས། རྨང་གཞི་བརྟན་སྲུང་དང་གོམ་སྟབས་བརྟན་སྤོ་ཡི་རྨང་གཞིའི་སྟེང་རང་འགུལ་གྱིས་ཧུར་བརྩོན་ལྷོད་མེད་དང་དུས་མྱུར་གང་མགྱོགས་ཀྱིས་གྲུབ་འབྲས་ཆེས་བཟང་བོ་བརྩོན་ལེན་བྱེད་དགོས། མཐུན་སྒྲིལ་གཅིག་གྱུར་དང་ཞུམ་མེད་འཐབ་རྩོད་བྱེད་དགོས་ན། སྟོབས་ཤུགས་ནི་མཐུན་སྒྲིལ་ལས་བྱུང་བ་རྟོགས་དགོས། ལོ་འདི་དག་གི་རིང་ལ། ང་ཚོ་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་འཕྲོ་རིམ་འཕྲོར་འཕྲད་པ་དང་། འཐབ་འཛིང་ཆེན་པོ་རབ་དང་རིམ་པར་འཕྲད་མྱོང་། འཐབ་འཛིང་རེ་རེ་མི་དམངས་ཡོངས་ཀྱི་མཐུན་སྒྲིལ་འབད་འཐབ་དང་ཞུམ་མེད་འཐབ་རྩོད་ལ་བརྟེན་ནས་བརྒྱུད་ཡོང་བ་ཡིན། མ་འོངས་པའི་དུས་མཚམས་ཤིག་གི་རིང་ལ་ང་ཚོ་འཕྲད་པའི་ཉེན་ཁ་དང་འགྲན་སློང་ནི་ཇེ་མང་ནས་ཇེ་མང་དང་ཚབས་ཇེ་ཆེ་ནས་ཇེ་ཆེར་འགྲོ་ངེས་པས། མི་དམངས་ཡོངས་ཀྱིས་བློ་ཁ་གཅིག་ཏུ་ཕྱོགས་པ་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་སྐྱིད་སྡུག་མཉམ་མྱོང་དང་རྡོག་རྩ་གཅིག་སྒྲིལ། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པར་བྱས་ན་ད་གཟོད་སྔར་ལས་ཆེ་བའི་རྒྱལ་ཁ་གསར་པ་ལེན་ཐུབ།

3.jpg

      ཟླ3པའི་ཚེས6ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་དམངས་གཙོ་རྒྱལ་འཛུགས་དང་བཟོ་ཚོང་མཉམ་འབྲེལ་ལས་རིགས་ཀྱི་ཨུ་ཡོན་ལ་ཁམས་འདྲི་མཛད་པར་མ་ཟད། མཉམ་འབྲེལ་ཚན་ཆུང་གི་གྲོས་ཚོགས་ལ་ཞུགས་ནས། བསམ་འཆར་དང་གྲོས་གཞི་ལ་གསན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཀྱི་འགོ་འཛིན་པ་ཝང་ཧུའུ་ཉིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ཚའེ་ཆི་དང་ཏེན་ཞུའེ་ཞང་བཅས་ཁམས་འདྲི་དང་གྲོས་སྡུར་ལ་ཞུགས།

      ཞི་ཅིན་ཕིང་གིས་བསྟན་དོན། དམངས་གཉེར་དཔལ་འབྱོར་ནི་ང་ཚོའི་ཏང་གིས་ཡུན་རིང་བོར་སྲིད་སྐྱོང་བ་དང་། རྒྱལ་ཡོངས་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་སྟོབས་ཤུགས་གལ་ཆེན་ཡིན། ང་ཚོས་དུས་ནམ་ཡང་དམངས་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་པ་རང་གི་མི་རུ་བརྩིས་ཏེ། དམངས་གཉེར་ཁེ་ལས་དཀའ་ངལ་དང་འཕྲད་པའི་སྐབས་སུ་རྒྱབ་སྐྱོར་བྱེད་བཞིན་ཡོད་ལ། དམངས་གཉེར་ཁེ་ལས་དཀའ་གནད་དང་འཕྲད་པའི་སྐབས་སུ་མཛུབ་སྟོན་བྱེད་བཞིན་ཡོད། དམངས་གཉེར་ཁེ་ལས་ཀྱི་འཕེལ་རྒྱས་ཁོར་ཡུག་ལེགས་སྒྱུར་བྱེད་པ་དང་། དམངས་གཉེར་ཁེ་ལས་འདྲ་མཉམ་སྒོས་ཁྲོམ་རའི་འགྲན་རྩོད་ཁྲོད་ཞུགས་པར་ཚོད་འཛིན་བྱེད་པའི་ལམ་ལུགས་ཀྱི་བཀག་རྒྱ་གཏོར་བ། དམངས་གཉེར་ཁེ་ལས་ཀྱི་ཐོན་དབང་དང་ཁེ་ལས་པའི་ཁེ་དབང་ལ་ཁྲིམས་ལྟར་སྲུང་སྐྱོབ་བྱེད་པ། ལམ་ལུགས་དང་བཅའ་ཁྲིམས་ཀྱི་ཐད་ནས་རྒྱལ་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་ལ་འདྲ་མཉམ་གྱི་ལྟ་སྟངས་འཛིན་པའི་བླང་བྱ་དོན་འཁྱོལ་བྱེད་པ་བཅས་བྱས་ཏེ། དམངས་གཉེར་དཔལ་འབྱོར་དང་དམངས་གཉེར་ཁེ་ལས་དར་རྒྱས་གོང་འཕེལ་དུ་གཏོང་བར་སྐུལ་མ་གཏོང་བ་དང་རྒྱབ་སྐྱོར་བྱས་ནས། ཁྲོམ་རའི་སྔོན་དཔག་དང་ཡིད་ཆེས་ཆེ་རུ་བསྐྱེད་དགོས། དམངས་གཉེར་ཁེ་ལས་ཀྱིས་ལས་ཞུགས་བརྟན་འཇགས་སུ་གཏོང་བ་དང་ཡོང་འབབ་འཕར་བར་སྐུལ་འདེད་གཏོང་བའི་ཐད་ཀྱི་ནུས་པ་གལ་ཆེན་ལེགས་པར་འདོན་དགོས་ལ། སྔར་ལས་ཕན་འབྲས་ལྡན་པའི་བྱེད་ཐབས་སྤྱད་དེ་ཁེ་ལས་འབྲིང་ཆུང་ཕྲན་གསུམ་དང་སྒེར་ཚོང་གཉེར་མཁན་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་དགོས་པ་དང་། ལས་སྟེགས་ཁེ་ལས་ཀྱིས་ལས་ཞུགས་གསར་གཏོད་དང་འཛད་སྤྱོད་རྒྱ་སྐྱེད། རྒྱལ་སྤྱིའི་འགྲན་རྩོད་བཅས་ཀྱི་ཁྲོད་དུ་རྩལ་ནུས་ཆེན་པོ་འདོན་པར་རྒྱབ་སྐྱོར་བྱེད་དགོས། མཛའ་གཙང་གི་སྲིད་ཚོང་འབྲེལ་བ་འཛུགས་རྒྱུ་དོན་འཁྱོལ་བྱས་ཏེ། དམངས་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་པའི་དཀའ་ངལ་སེལ་ནས། ཁོ་ཚོར་བློ་སྟོབས་ཆེར་སྐྱེད་དང་ཁུར་བོ་ཡང་མོ། བློ་རྩེ་གཅིག་སྒྲིམ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་གཉེར་དུ་འཇུག་དགོས། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་བསྣན་ནས། དམངས་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་པས་ཏང་ཀྲུང་དབྱང་གི་གཡོ་འགུལ་མེད་པ་གཉིས་དང་བདེ་ཐང་གཉིས་ཀྱི་བྱེད་ཕྱོགས་སྲིད་ཇུས་ལ་རྒྱུས་ལོན་ཡང་དག་བྱས་ཏེ། འཛེམ་དོགས་སེལ་བ་དང་སེམས་ངལ་མེད་པར་སྤོབས་པ་ཆེན་པོས་འཕེལ་རྒྱས་སུ་གཏོང་བར་ཁྲིད་སྟོན་བྱེད་དགོས།

      ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཐད་བླང་བྱ་སྔར་ལས་མཐོན་པོ་བཏོན་ཡོད། དམངས་གཉེར་ཁེ་ལས་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ཏེ། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཐད་གནས་པའི་མི་འདང་ས་དང་འཕྲད་པའི་འགྲན་སློང་ལ་སྟངས་འཛིན་ཟབ་མོ་བྱས་ནས། འཕེལ་རྒྱས་ཀྱི་ཐབས་ཤེས་བསྒྱུར་བ་དང་། ཐོན་ལས་ཀྱི་གྲུབ་ཚུལ་ལེགས་སྒྲིག་བྱེད་པ། འཕར་སྣོན་གྱི་སྒུལ་ཤུགས་བསྒྱུར་ཏེ། གཙོ་ལས་བརྟན་སྲུང་དང་དངོས་ལས་དར་རྒྱས་སུ་བཏང་སྟེ་རང་རྟོགས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་དགོས། ནུས་པ་དང་ཆ་རྐྱེན་ཡོད་པའི་དམངས་གཉེར་ཁེ་ལས་ཀྱིས་རང་བདག་གསར་སྐྲུན་ལ་ཤུགས་བསྣན་ནས། ཚན་རྩལ་རང་ཚུགས་རང་བརྩོན་དང་ཚན་རྩལ་གྲུབ་འབྲས་སྒྱུར་སྤོར་ལ་སྐུལ་འདེད་གཏོང་བའི་ཁྲོད་དུ་ནུས་པ་སྔར་ལས་ཆེན་པོ་འདོན་དགོས། དམངས་ཁྲོད་མ་རྩའི་དངུལ་གཏོང་གསོན་ཤུགས་བསྐྱེད་དེ། དམངས་ཁྲོད་མ་རྩ་སྔར་ལས་མང་བོ་རྒྱལ་ཁབ་ཀྱི་བཟོ་སྐྲུན་གལ་ཆེན་དང་། ཐོན་ལས་ཕྲེང་འབྲེལ་དང་འདོན་སྤྲོད་ཕྲེང་འབྲེལ་གྱི་ལས་གཞི་གཙོ་བོའི་འཛུགས་སྐྲུན་ཁྲོད་ཞུགས་པར་སྐུལ་སློང་དང་འདྲེན་འགུག་བྱས་ནས། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས། མ་རྩ་རིགས་སྣ་ཚོགས་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བར་ཁྲིམས་ལྟར་ཚད་ལྡན་དུ་གཏོང་བ་དང་ཁྲིད་སྟོན་བྱས་ཏེ། མ་ལག་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་འབྱུང་བར་ཕན་ནུས་ལྡན་པའི་འགོག་སེལ་བྱས་ནས། དབང་བའི་ལམ་ལུགས་ཀྱི་ཁེ་ལས་སྣ་ཚོགས་ལ་འདྲ་མཉམ་སྒོས་འགྲན་རྩོད་བྱེད་པ་དང་གཅིག་ལ་གཅིག་འགྲན་གྱིས་འཕེལ་རྒྱས་སུ་གཏོང་བའི་ཁོར་ཡུག་བསྐྲུན་དགོས།

      ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་གི་དེང་རབས་ཅན་ཡིན། རྒྱལ་དབང་ཁེ་ལས་དང་དམངས་གཉེར་ཁེ་ལས་གང་ཡིན་རུང་། ཚང་མ་ཐུན་མོང་འབྱོར་ཕྱུག་ལ་ཡར་སྐུལ་བྱེད་པའི་སྟོབས་ཤུགས་གལ་ཆེན་ཡིན་པས། ཚང་མས་ངེས་པར་དུ་ཐུན་མོང་འབྱོར་ཕྱུག་ལ་ཡར་སྐུལ་བྱེད་པའི་སྤྱི་ཚོགས་འགན་འཁྲི་ཕྲག་ཏུ་ལེན་དགོས། དམངས་གཉེར་ཁེ་ལས་པས་ཁྱིམ་ཞེན་རྒྱལ་ཞེན་གྱི་བརྩེ་བ་ཇེ་དྲག་ཏུ་བཏང་ནས། རང་རྟོགས་ཀྱིས་མི་དམངས་དཀྱིལ་སྙིང་ཡིན་པའི་འཕེལ་རྒྱས་བསམ་བློ་ལག་བསྟར་བྱས་ཏེ། ཕྱུག་པོར་གྱུར་ཟིན་པས་ཕྱུག་པོར་གྱུར་མེད་པ་དག་ལ་སྣེ་ཁྲིད་བྱེད་པ་དང་ཐུན་མོང་འབྱོར་ཕྱུག་ལ་ཡར་སྐུལ་བྱེད་པའི་འགན་འཁྲིའི་འདུ་ཤེས་དང་ལས་འགན་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས། དམངས་གཉེར་ཁེ་ལས་ཀྱིས་ཁེ་ལས་ནང་ཁུལ་དུ་འཆམ་མཐུན་གྱི་ངལ་རྩོལ་འབྲེལ་བ་ཧུར་ཐག་གིས་བཙུགས་ཏེ། ལས་བཟོ་བ་ཡོངས་ཀྱི་ཁེ་ཕན་ཐུན་མོང་ཚོགས་པ་བསྐྲུན་པར་སྐུལ་འདེད་བཏང་ནས། ཁེ་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་སྔར་ལས་འདྲ་མཉམ་སྒོས་ལས་བཟོ་བ་ཡོངས་ལ་ཕན་འདོགས་དགོས། དམངས་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་པས་ཁྲིམས་ལྟར་ལུགས་མཐུན་སྒོས་ཚོང་གཉེར་བའི་མཐའ་ཚད་བརྟན་སྲུང་བྱེད་པ་དང་། ཕུལ་བྱུང་ཁེ་ལས་པའི་སྙིང་སྟོབས་དར་སྤེལ་བྱས་ཏེ། རྒྱལ་གཅེས་ལས་བརྩོན་དང་ཁྲིམས་བརྩི་ཚོང་གཉེར། ལས་སྐྲུན་གསར་གཏོད། སྤྱི་ཚོགས་དྲན་གཟོ་བཅས་ཀྱི་མིག་དཔེ་བྱེད་དགོས། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་གོམ་སྲོལ་བཟང་བོ་འཛིན་སྐྱོང་སྤེལ་གསུམ་བྱས་ཏེ། སྤྱི་ཚོགས་སྤྱི་ཕན་དགེ་སྒྲུབ་ལས་དོན་ཁྲོད་དུ་ཟབ་ཞུགས་དང་དེ་སྒྲུབ་གཉེར་བྱས་ནས། ཕྱུག་ཀྱང་འགན་འཁྲི་ཡོད་པ་དང་ཕྱུག་ཀྱང་བདེན་ལུགས་འཛིན་པ། ཕྱུག་ཀྱང་བརྩེ་སེམས་མངའ་བ་བཅས་བྱེད་དགོས།

    ཧྲེ་ཐའེ་ཧྥིན་དང་ཧི་ལིས་ཧྥིན། ཧའོ་མེན་ཅིན། ཀའོ་ཡུན་ལུང་སོགས་མཉམ་འབྲེལ་ཚན་ཆུང་གི་གྲོས་ཚོགས་ལ་ཞུགས།


མཉམ་སྤྱོད།