དེ་རིང་ནི2024ལོའི་ཟླ09པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་ནས་ཁུལ་ཨུའི་ཧྲུའུ་ཅིའི་ཆེད་དོན་ཚོགས་འདུ་འཚོགས་ཏེ་མཚོ་བྱང་ཁུལ་སྲིད་དབང་བཙུགས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས།

2023-03-07 10:55:54   |   153

རྩོམ་སྒྲིག དམ་ཆོས་བསམ་འགྲུབ།  ཡོང་ཁུངས། གངས་ལྗོངས་འཕྲིན་གསར།  བཤེར་འབེབས། རིན་ཆེན་ཚེ་རིང་།


     ཟླ3པའི་ཚེས6ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་ནས་ཧྲུའུ་ཅིའི་ཆེད་དོན་ཚོགས་འདུ་ཐེངས་གཉིས་པ་འཚོགས་ལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་སྲིད་དབང་བཙུགས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས། ཁུལ་གྱི་མགོ་ཁྲིད་དབྱང་ཧེ་ལུང་དང་། མགོན་པོ་ཚེ་བརྟན། ཝང་ཡུང་ཁྲང་། ཨ་ཁྱུང་། དབྱིན་མོ་ཝུན་བཅས་དང་དེ་བཞིན་ཁུལ་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་ཚོགས་འདུར་ཞུགས།

1.jpg

       ཚོགས་འདུའི་ཐོག་དྲིལ་སྒྲོག་དང་རིག་གནས་གནས་སྐོར། ནོར་སྲིད། སྡོད་ཁང་འཛུགས་སྐྲུན། རྩིས་བཤེར་སོགས་འབྲེལ་ཡོད་སྡེ་ཁག་གི་བྱ་བའི་སྙན་ཞུར་ཉན་པ་དང་། ཚོགས་འདུར་ཞུགས་པའི་ཁུལ་རིམ་པའི་མགོ་ཁྲིད་ཀྱིས་ཁག་བགོས་དོ་དམ་བྱ་བ་དང་ཟུང་འབྲེལ་བྱས་ནས་བསམ་འཆར་དང་གྲོས་འགོ་བཏོན།   

2.jpg

       ཤ་བོ་སྐྱབས་ཀྱིས་རང་སྐྱོང་ཁུལ་སྲིད་དབང་བཙུགས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་ནི་རང་ཁུལ་གྱི་ལོ་ངོ70རིང་གི་དཔལ་འབྱོར་དང་སྤྱི་ཚོགས། རིག་གནས་སོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཕྱོགས་ཡོངས་ནས་མངོན་པར་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་ཡིན་ཞིང་། མཚོ་བྱང་དྲིལ་སྒྲོག་དང་མཚོ་བྱང་འོས་སྦྱོར་བྱེད་པའི་ལས་སྟེགས་གལ་ཆེན་ཞིག་ཡིན་ལ་དུས་རབས་གསར་བའི་ཏང་གི་བོད་སྐྱོང་ཇུས་ཆེན་གྱི་ཕན་འབྲས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ་བདེན་དཔང་བྱེད་པའི་གཞི་རྟེན་གལ་ཆེན་ཞིག་ཀྱང་ཡིན། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་སྲིད་དབང་བཙུགས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་ཡག་པོ་གཉེར་བའི་དོན་སྙིང་གལ་ཆེན་ལ་ཚད་མཐོའི་ངོས་འཛིན་བྱས་ཏེ། ཁུལ་སྟོན་གྱི་འབྲེལ་ཡོད་བླང་བྱ་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་པ་དང་། བསམ་བློ་དང་བྱ་སྤྱོད་དེ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ་གཞོགས་འདེགས་དམ་ཟབ་དང་སྤྱི་འདོམས་མཐུན་སྦྱོར་བྱས་ནས་ཁུལ་སྟོན་གྱི་བྱེད་སྒོ་བདེ་བླག་ངང་གྲ་སྒྲིག་དང་ཕུན་སུམ་ཚོགས་པོའི་ངང་ལེགས་འགྲུབ་ཡོང་བར་འགན་ལེན་བྱེད་དགོས་པར་བསྟན།

3.jpg

      ཤ་བོ་སྐྱབས་ཀྱིས་ཁུལ་སྟོན་གྱི་བྱེད་སྒོ་སོ་སོ་ཇུས་འགོད་ཞིབ་ཚགས་བྱེད་པ་དང་མགོ་རྩོམ་མཛད་སྒོའི་ཐོག་མཚོ་བྱང་གི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་དགོས་པ་དང་། མདོ་ལ་རི་བོ་དང་མཚོ་སྔོན་པོ། 221རྟེན་གཞི། གཟུགས་འདས་ཤུལ་བཞག་རིག་གནས་ལས་གཞི་སོགས་མཚོ་བྱང་གི་གཞི་རྒྱུ་མངོན་པར་བྱེད་དགོས་ལ། རྟ་རྒྱུག་དང་རྐང་བགྲོད་འགྲན་སྡུར། ལྕགས་རྟ་འགྲན་སྡུར། མདའ་འཕེན་བཅས་འགྲན་སྡུར་ཁག་བཞི་ཡི་བྱེད་སྒོ་ཡག་པོ་སྤེལ་བ་དང་། ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་དང་འབྲེལ་མཐུད་ཧུར་ཐག་བྱས་ཏེ་མཚོ་སྔོན་པོའི་སྙན་ངག་དུས་ཆེན་དང་མཚོ་སྔོན་པོའི་རོལ་དབྱངས་དུས་ཆེན(ཝང་ལོ་པིན་རོལ་དབྱངས་དུས་ཆེན)ཡག་པོ་གཉེར་དགོས། རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་སྐུལ་སློང་གང་ལེགས་བྱས་ནས་བྱེད་སྒོ་སོ་སོའི་ནང་ཧུར་ཐག་གིས་ཞུགས་ཏེ་གཙོ་བོ་རང་ངོས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཁུལ་སྟོན་ཡག་པོ་ཞིག་སྤེལ་དགོས། དྲིལ་སྒྲོག་བྱ་བར་ཤུགས་བསྣན་ཏེ་སྨྱན་སྦྱོར་སྣ་ཚོགས་ཀྱི་ཐབས་ལམ་མང་པོ་དང་ཕྱོགས་ཀུན་ནས་ལོ་ངོ70ཡི་རིང་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་པོ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གྲུབ་འབྲས་གང་ལེགས་འགྲེམ་སྟོན་བྱེད་དགོས་པ་དང་། ཁུལ་ཡོངས་ཀྱི་མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གསོན་ཤུགས་དང་སྒུལ་ཤུགས་སྔར་བས་སློང་དགོས། སྣེ་ཁྲིད་མགོ་ཁྲིད་སོ་སོས་འགན་ཁུར་ཏན་ཏིག་འཁུར་ནས་ཞིབ་ཕྲའི་བྱ་བར་ཞིབ་འཇུག་དང་ཁྲིད་སྟོན། སྒྲུབ་སྐུལ་བཅས་བྱ་རྒྱུར་ཤུགས་བསྣན་ཏེ་བྱ་བའི་ཚན་ཆུང་སོ་སོས་དམིགས་ཚད་བླང་བྱ་དང་ཟུང་འབྲེལ་བྱས་ནས་བྱ་བའི་ཇུས་གཞི་ཞིབ་ཕྲ་བཟོ་བ་དང་གྲ་སྒྲིག་བྱ་བ་སོ་སོར་སྐུལ་འདེད་ཏན་ཏིག་བཏང་ནས་ཁུལ་སྟོན་གྱི་བྱེད་སྒོར་ཁྱད་ཆོས་གསར་བ་ལྡན་པ་དང་སྣང་བརྙན་ལེགས་པ། ཆུ་ཚད་མཐོ་བ་བཅས་ཡོང་གང་ཐུབ་བྱེད་དགོས་པ་ནན་གྱིས་བསྟན།

    ཤ་བོ་སྐྱབས་ཀྱིས་ཁུལ་སྟོན་གྱི་བྱེད་སྒོའི་མགོ་ཁྲིད་ཚན་ཆུང་དང་ཆེད་དོན་བྱ་བའི་ཚན་ཆུང་སོ་སོས་ཁུལ་སྟོན་གྱི་བྱེད་སྒོའི་སྤྱིའི་ཇུས་གཞིའི་བླང་བྱ་གཞིར་བཟུང་། “སྤྲོ་སེམས་དང་དགའ་སྤྲོ། དངོས་གཉེར། བབ་ཆགས་བཅས”ཀྱི་རྩ་དོན་གཞིར་བཟུང་ནོར་དཔལ་གྱི་སྒྲིག་ཁྲིམས་ལག་བསྟར་ནན་མོ་བྱེད་དགོས་པ་དང་། འཚོ་བ་བབ་ཆགས་སྐྱེལ་བའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས་ལ། ཞིབ་རྩིས་རྒྱག་མཁས་རྒྱུན་འཁྱོངས་དང་གྲོན་ཆུང་གིས་བྱེད་སྒོ་གཉེར་རྒྱུ་དར་སྤེལ། རྨང་གཞི་ལེ་ལག་དང་དམངས་འཚོའི་རིམ་པ་མཐོ་རུ་གཏོང་བ། བདེ་འཇགས་བརྟན་ལྷིང་། བརྗོད་དོན་སློབ་གསོ། དྲིལ་སྒྲོག་འོས་སྦྱོར་སོགས་ཀྱི་ལས་འགན་གཙོ་བོ་གཅིག་གྱུར་གྱིས་སྐུལ་འདེད་བཏང་སྟེ། བྱེད་སྒོ་གཟབ་རྒྱས་དང་སྤྲོ་སེམས་འཁོལ་བའི་ངང་སྤེལ་དགོས་ལ། དགོས་མེད་ཀྱི་འགྲོ་སོང་ཉུང་དུ་གཏོང་གང་ཐུབ་བྱས་ཏེ་མ་དངུལ་ཉུང་ཙམ་བཏང་ནས་ཕན་ནུས་ཆེ་ཤོས་ཐོན་པར་བརྩོན་ལེན་བྱེད་དགོས་པའི་བླང་བྱ་བཏོན།


མཉམ་སྤྱོད།